མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་སྐུ་ཞབས་མཱག་རོན་མཆོག་ལ་བསྐྱར་དུ་སྲིད་འཛིན་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༤/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཧྥ་རན་སིའི་སྲིད་འཛིན་ལས་ཐོག་སྐུ་ཞབས་ཨེམ་མཱ་ནོལ་མཱག་རོན་མཆོག་ལ་སྲིད་འཛིན་གྱི་རྒྱལ་ཁབ་ཐོབ་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཚམས་འདྲིའི་གསུང་འཕྲིན་སྩལ་ཏེ་ཧྥ་རན་སི་མི་མང་གི་རེ་བ་དང། མངོན་འདོད། དེ་བཞིན་འཛམ་གླིང་འདིར་སྔར་ལས་ལྷག་པའི་ཞི་བདེ་དང་འཆམ་མཐུན་ཡོང་བའི་ལས་དོན་ལམ་ལྷོངས་ཡོང་པའི་ཐུགས་སྨོན་མཛད་འདུག

ཕྱི་ལོ་ ༢༠༡༦ ལོར་སྐུ་ཞབས་མཱག་རོན་མཆོག་ནས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།

ཁ་སང་ཧྥ་རན་སིའི་སྲིད་འཛིན་གྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་པ་དང་། ཡུལ་དེའི་གཡས་ཕྱོགས་རིང་ལུགས་སམ་རྒྱལ་ཞེན་རིང་ལུགས་སྲིད་དོན་ཚོགས་པ་ (FN) ཡི་སྲིད་འཛིན་འོས་མི་ལྕམ་ལི་ཕིན་ལགས་སུ་འོས་གྲངས་བརྒྱ་ཆ་ ༤༡།༨ དང་། གུ་ཡངས་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་མཱག་རོན་མཆོག་ལ་འོས་གྲངས་བརྒྱ་ཆ་༥༨།༢ བཅས་སྟེ་བསྐྱར་དུ་སྲིད་འཛིན་རྒྱལ་ཁ་ཐོབ་ཡོད་པ་དང་། ལྕམ་ལི་ཕིན་ལགས་ཀྱི་རྒྱབ་སྐྱོར་བ་དང་སྟོད་གོས་སེར་པོའི་ལས་འགུལ་བ་སོགས་ནས་ངོ་རྒོལ་བྱེད་བཞིན་ཡོད་འདུག

དེ་རིང་༧གོང་ས་རྒྱལ་བ་རིན་པོ་མཆོག་ནས་སྐུ་ཞབས་མཱག་རོན་མཆོག་ལ་སྩལ་བའི་གསུང་འཕྲིན་ནང་། བོད་མི་ཚོས་འགྲོ་བ་མིའི་རིགས་སྤྱི་ཡོངས་ལ་ཁེ་ཕན་ཡོད་པའི་གནའ་བོའི་ནང་པའི་ཆོས་ལུགས་བདག་གཅེས་དང་སྲུང་སྐྱོང་བྱེད་པར་ཧྥ་རན་སིའི་སྲིད་འཛིན་དང་མི་མང་གྱི་མཛའ་བརྩེ་དང་སྐུལ་ཅག་ཐོབ་པ་ནི་བོད་མི་ཚོའི་བསོད་ནམས་ཉག་ཅིག་ཡིན། ངོས་ཀྱིས་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ། གོ་སྐབས་འདི་བརྒྱུད་ནས་ཁྱེད་ལ་འཚམས་འདྲི་ཞུ་བ་དང་།  ཁྱེད་ཀྱི་བྱ་གཞག་ཐམས་ཅད་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ། ངོས་ནས་ཁྱེད་ཀྱིས་ཧྥ་རན་སི་མི་མང་གི་རེ་བ་དང། མངོན་འདོད། དེ་བཞིན་འཛམ་གླིང་འདིར་སྔར་ལས་ལྷག་པའི་ཞི་བདེ་དང་འཆམ་མཐུན་ཡོང་བའི་ལས་དོན་ལམ་ལྷོངས་ཡོང་པའི་སྨོན་འདུན་ཞུ། ཞེས་གསུངས་འདུག

ད་ལྟ་དགུང་ལོ་ ༤༤ ཡིན་པའི་སྐུ་ཞབས་མཱག་རོན་མཆོག་ལ་ཕྱི་ལོ ༢༠༡༧ ལོའི་སྲིད་འཛིན་འོས་བསྡུའི་དངོས་གཞིའི་ཁྲོད་འོས་གྲངས་བརྒྱ་ཆ་ ༦༥།༥ ཐོབ་སྟེ། ཧྥ་རན་སིའི་ལོ་རྒྱུས་ནང་གི་སྲིད་འཛིན་ལོ་ན་གཞོན་ཤོས་དེ་ཆགས་ཡོད་པ་རེད།  འདི་ལོར་ཡང་ཁོང་ལ་བསྐྱར་དུ་འོས་ཤོག་གི་རྒྱལ་ཁ་ཐོབ་ཡོད་པ་དང་། འདས་པའི་ལོ་ཤས་རིང་ཁོང་གིས་ཡུ་རོབ་རང་སྐྱོང་གནས་བབ་མཐོར་འདེགས་གཏོང་ཐབས་ལ་འབད་བརྩོན་ཆེན་པོ་བྱས་ཏེ་ཕན་འབྲས་གང་ལེགས་ཐོན་ཡོད་པ་དང་། ཁོང་གིས་འོས་བསྡུའི་དྲིལ་བསྒྲགས་སྐབས་གཞུང་ཁྲལ་སོགས་ཆག་ཡང་གཏང་འཆར་ཡོད་པ་མ་ཟད། སྤྱི་ཚོགས་བདེ་དོན་གྱི་སྒྲོམ་གཞི་བསྐྱར་སྒྲིག་བྱ་རྒྱུའི་ཁས་ལེན་གནང་ཡོད་པ་ལྟར་མི་མང་གིས་དེ་བཞིན་རེ་བ་ཆེན་པོ་བྱེད་ཀྱི་ཡོད་འདུག

སྐུ་ཞབས་མཱག་རོན་མཆོག་གིས་ཨུ་རུ་སུས་ཡུ་ཀེ་རན་ལ་བཙན་འཛུལ་བྱེད་མུས་ཡིན་པ་དེར་ཡུ་རོབ་མཐུན་ཚོགས་ཀྱིས་ནུས་པ་མཉམ་སྤུངས་བྱ་དགོས་པ་དང་། ཨུ་རུ་སུའི་ཁྲིམས་མཐུན་མ་ཡིན་པའི་བཙན་རྒོལ་ལ་ངོ་རྒོལ་ཆེན་པོ་བྱས་ཡོད་སྟབས། སྐུ་ཞབས་མཱག་རོན་མཆོག་ལ་འོས་བསྡུའི་རྒྱལ་ཁ་ཐོབ་རྗེས། ཡུ་ཀེ་རན་གྱི་སྲིད་འཛིན་ཛ་ལན་སི་ཀ་ཡེ་ཡི་སྒེར་གྱི་ཊི་ཝེ་ཊར་དུ། སྐུ་ཞབས་མཱག་རོན་ལགས་ནི་ཡུ་ཀེ་རན་གྱི་གྲོགས་པོ་ངོ་མ་དེ་ཡིན་ལ། ཁོང་ཉིད་བསྐྱར་དུ་སྲིད་འཛིན་དུ་འོས་འདེམས་བྱུང་བར། ངས་ཧྥ་རན་སིའི་མི་མང་གི་ཆེད་དུ་ཁོང་གིས་ལས་དོན་གནང་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ། ངས་ཁོང་གི་རྒྱབ་སྐྱོར་ལ་ཡི་རངས་ཞུ་རྒྱུ་དང་། ང་ཚོ་ལྷན་དུ་སྟོབས་ཤུགས་དང་གཅིག་སྒྲིལ་ལྡན་པའི་ཡུ་རོབ་དང་ཐུན་མོང་གི་རྒྱལ་ཁ་གསར་པའི་ཕྱོགས་སུ་མདུན་སྐྱོད་བྱེད་ཀྱིན་ཡོད་པའི་ངེས་ཤེས་སྐྱེ་ཡི་འདུག ཅེས་གསུངས་འདུག

ལྕམ་མ་ལི་ཕིན་ (Le Pen)ལགས་ནི་ཧྥ་རན་སིའི་གཡས་ཕྱོགས་རིང་ལུགས་སམ་རྒྱལ་ཞེན་རིང་ལུགས་སྲིད་དོན་ཚོགས་པ་ (FN) ཡི་འགན་འཛིན་དང་། ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་ཞིག་ཡིན་འདུག་ལ། ཁོང་མོ་ནི་ཨུ་རུ་སུ་དང་འབྲེལ་ལམ་དམ་ཟབ་ཡོད་སྟབས། ཨ་རི་དང་ཡུ་རོབ་མཐུན་ཕྱོགས་རྒྱལ་ཁབ་ཚོས་ལི་ཕིན་གྱིས་ཧྥ་རན་སི་ནུབ་ཆིངས་སྒྲིག་འཛུགས་ན་ཕྱིར་འབུད་བྱ་རྒྱུའི་ཀུན་སློང་ཡོད་པའི་སེམས་འཚབ་བྱེད་ཀྱིན་ཡོད་འདུག  ༢༠༡༧ ལོར་ཧྥ་རན་སིའི་སྲིད་འཛིན་གྱི་འོས་མིར་ལངས་ནས་དངོས་གཞིའི་འོས་མིར་འདེམས་ཐོན་བྱུང་ཡོད་ཀྱང་།  ལོ་དེར་ཁོང་མོ་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ་ཕྱིན་ནས་སྲིད་འཛིན་པུ་ཊིན་ལ་ཐུག་འཕྲད་བྱས་པ་མ་ཟད། ཁོང་མོའི་འོས་བསྡུའི་ཁྱབ་བསྒྲགས་སྐབས་སུ་ཨུ་རུ་སུའི་ལྐོག་ནས་དཔལ་འབྱོར་རོགས་རམ་བྱས་པའི་དོགས་གཞི་ཡོད་པ་དང་། པུ་ཊིན་གྱིས་ལི་ཕིན་ལ་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་མངོན་གསལ་དུ་བསྟན་པ་སོགས་བྱུང་ཡོད་འདུག་ལ། ཁོང་མོས་ཧྥ་རན་སིར་གནས་སྤོར་བྱས་ཏེ་སྐྱབས་བཅོལ་དུ་ཡོང་མཁན་ཚོ་བཀག་སྡོམ་བྱ་འཆར་ཡོད་པ་མ་ཟད། ཕྱི་རོལ་དུ་ཁ་ཆེའི་བུད་མེད་རྣམས་ཀྱིས་མགོ་དཀྲིས་བཀག་སྡོམ་བྱ་རྒྱུ་ཡིན་པའི་འོས་བསྡུའི་དྲིལ་བསྒྲགས་བྱས་ཡོད་པ་དང་། ཁོང་མོ་ཐེངས་གཉིས་ལ་ཧྥ་རན་སིའི་སྲིད་འཛིན་གྱི་དངོས་གཞི་འོས་མིར་ཚུད་ཡོད་ཀྱང་། གཉིས་ཀ་ཕམ་ཡོད་འདུག

འདི་ལོའི་འོས་བསྡུ་ཆེན་མོའི་བརྗོད་དོན་གཙོ་བོ་ཁག་ནི། འདི་ལོའི་ཟླ་གཉིས་པའི་ནང་ཨུ་རུ་སུས་ཡུ་ཀེ་རེན་ལ་བཙན་འཛུལ་བྱས་པའི་སྐོར་དང་། ཁོར་ཡུག་གི་གནད་དོན། སྐྱབས་བཅོལ་གནས་སྤོར། རྒྱལ་སྲུང་བཅས་ཀྱི་ཐོག་ལ་གླེང་སློང་ཤུགས་ཆེན་པོ་བྱས་ཡོད་ཅིང་། འདི་ལོར་མི་གྲངས་ས་ཡ་ ༤༨།༧ ཙམ་གྱིས་འོས་ཤོག་འཕངས་ཏེ། འོས་ཤོག་གི་བརྒྱ་ཆ་ ༦༣། ༢ ཟིན་ཡོད་ཀྱང་། ཕྱི་ལོ ༢༠༡༧ ལོའི་དངོས་གཞིའི་འོས་བསྡུ་དང་བསྡུར་ན་བརྒྱ་ཆ་ ༢ གིས་ཇེ་ཉུང་དུ་ཕྱིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༡༢ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese