མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྫ་སེར་ཤུལ་རྫོང་ཁོངས་ཀྱི་སྒེར་བཙུགས་སློབ་གྲྭ་ཁག་ཅིག་སྒོ་བརྒྱབ་ཟིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྫ་སེར་ཤུལ་རྫོང་ཁོངས་ཀྱི་སྒེར་བཙུགས་སློབ་གྲྭ་ཁག་ཅིག་སྒོ་བརྒྱབ་ཟིན་པ་དང་སེལ་ཤུལ་ཁྲི་ཟུར་རིན་པོ་ཆེའི་སློབ་གྲྭ་ཞིག་དང་བླ་མ་དངོས་གྲུབ་རིན་པོ་ཆེའི་དྭ་ཕྲུག་སློབ་གྲྭ་ཡི་སློབ་ཕྲུག་རྣམས་ཀྱང་སྲིད་གཞུང་གི་སློབ་གྲྭར་གཏོང་དགོས་པའི་བཙན་བཀའ་འབྱོར་ཡོད་འདུག

སེར་ཤུལ་རྫོང་ཁོངས་ཀྱི་སློབ་གྲྭ་ཞིག

འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འདི་གའི་གསར་འགོད་པར། སེར་ཤུལ་ཁྲི་ཟུར་རིན་པོ་ཆེའི་སློབ་གྲྭ་ཞིག་དང་བླ་མ་དངོས་གྲུབ་མཆོག་གི་དྭ་ཕྲུག་སློབ་གྲྭ་གཉིས་ཀྱི་སློབ་ཕྲུག་རྣམས་སྲིད་གཞུང་གི་སློབ་གྲྭར་གཏོང་དགོས་པའི་བཀའ་བཏང་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༠ ནང་ཚུད་དུ་སློབ་ཕྲུག་རྣམས་སྲིད་གཞུང་གི་སློབ་གྲྭ་ཁག་ཏུ་ཐོ་འགོད་ཟིན་པ་དགོས་སྐོར་བརྗོད་ཡོད་ཀྱང་། ད་ལྟའི་ཆར་སློབ་གྲྭ་སྒོ་བརྒྱབ་མེད་པ་དང་། ཉིན་ཤས་ནས་རྒྱ་ནག་དབུས་གཞུང་གི་གནད་ཡོད་མི་སྣ་ཞིག་ས་གནས་སུ་བསླེབ་ཀྱི་ཡོད་སྐོར་དང་། སེར་ཤུལ་ཁྲི་ཟུར་རིན་པོ་ཆེའི་ལས་རིགས་ལག་རྩལ་སློབ་གྲྭ་ཆེན་པོ་ཞིག་སེར་ཤུལ་དུ་ཡོད་པ་དེར་རང་ལོ་ ༡༨ ནས་ ༢༥ བར་གྱི་སློབ་གཉེར་བ་ཡོད་ལ། གོང་རིམ་ནས་སློབ་གྲྭ་དེ་ཆེད་འཛུགས་གནང་ཆོག་པའི་བཀའ་འཁྲོལ་ཆ་ཚང་སྤྲད་པའི་ཡིག་ཆ་ཡོད་སྐོར་བརྗོད་བྱུང་།

ཨོ་གླིང་དུ་གནས་བཞུགས་འབྲེལ་ཡོད་ཅིག་གིས་འདི་གའི་གསར་འགོད་པར། རྫ་ཆུ་ཁའི་རྫ་དྲེལ་དཀར་དགོན་པ་ལའང་དྭ་ཕྲུག་སློབ་གྲྭ་ཞིག་ཡོད་ཀྱང་། ལོ་སྔོན་མར་ས་གནས་སྲིད་གཞུང་གིས་སློབ་ཕྲུག་ཚང་མ་གཞུང་བཙུགས་སློབ་གྲྭར་བཙན་གྱིས་བཅུག་སྟེ། དྭ་ཕྲུག་སློབ་གྲྭ་དེ་ལག་རྩལ་སྦྱོང་ས་ཞིག་ཏུ་བསྒྱུར་ཡོད་པ་དང་། སྐབས་དེར་ས་གནས་མི་མང་གིས་དྭ་ཕྲུག་སློབ་གྲྭ་སོར་འཇོག་དགོས་པའི་རེ་སྐུལ་ཇི་ལྟར་བྱས་ཀྱང་གོང་རིམ་གྱི་བཀའ་ཡིན་ལུགས་བརྗོད་དེ་ཉན་འཇོག་བྱས་མེད་སྐོར་དང་། དེ་དང་དེ་འདྲ་བའི་སེར་ཤུལ་རྫོང་ཁོངས་ཀྱི་སྒེར་བཙུགས་སློབ་གྲྭ་ཁག་ཅིག་སྒོ་བརྒྱབ་ཟིན་ཡོད་སྐོར་བརྗོད་བྱུང་།

ཡང་བོད་ནང་གི་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས། སྤྱིར་བཏང་ན་ནིང་ཞིག་ནས་བཟུང་སེར་ཤུལ་རྫོང་ཁོངས་ཀྱི་སྒེར་གཉེར་སློབ་གྲྭ་ཁག་སྒོ་བརྒྱབ་སྟེ་སློབ་ཕྲུག་རྣམས་སྲིད་གཞུང་གི་སློབ་གྲྭར་གཏོང་དགོས་པའི་བཀའ་རྒྱ་རིམ་པ་ཞིག་བསླེབས་ཡོད་པ་མ་ཟད། ཁྱིམ་བདག་ཚོར་སོ་སོའི་བྱིས་པ་རྣམས་སྲིད་གཞུང་གི་སློབ་གྲྭར་གཏོང་དགོས་པའི་སྐུལ་འདེད་ཚོགས་འདུ་སོགས་བསྡུས་ཡོད་པ་དང་། ས་གནས་ཀྱི་སློབ་གྲྭ་ཆུང་ཆུང་ཁག་ཅིག་སྔོན་མ་ནས་སྒོ་བརྒྱབ་ཚར་ཡོད་སྐོར་དང་། གོང་རིམ་གྱི་བཀའ་བཀོད་ལ་མ་མཉན་ན་མཇུག་འབྲས་ཡག་པོ་ཞིག་མེད་པའི་ཉེན་བརྡའང་བཏང་ཡོད་སྐོར་བརྗོད་བྱུང་།

ཡང་གནས་ཚུལ་མཁོ་སྤྲོད་པ་དེས། བླ་མ་དངོས་གྲུབ་མཆོག་ནས་ས་གནས་ཀྱི་ཉམ་ཐག་དྭ་ཕྲུག་ཚོར་དམིགས་ཏེ་དྭ་ཕྲུག་སློབ་གྲྭ་དེ་གསར་འཛུགས་གནང་ཡོད་པ་དང་། ད་ལྟའི་ཆར་དྭ་ཕྲུག་སློབ་གྲྭ་དེར་ཁྱོན་བྱིས་པ་ ༡༦ ཙམ་ཡོད་ཅིང་། བྱིས་པ་རྣམས་རོང་འབྲོག་ས་ཁུལ་ནས་ཡོང་བའི་ཕ་མ་གཉིས་ཀ་མེད་མཁན་དང་ཡང་ན་ཕ་མ་གཉིས་ལས་གཅིག་ཡོད་མཁན། ཡང་ཕ་མ་གཉིས་ཀས་བདག་པོ་མ་བརྒྱབ་པའི་བདག་མེད་བྱིས་པ་བཅས་ཡོད་སྐོར་བརྗོད་བྱུང་།

ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གཞུང་གིས་རྫ་ཆུ་ཁའི་དགོན་པ་ཁག་གི་གྲྭ་ཆུང་རྣམས་སྲིད་གཞུང་གི་སློབ་གྲྭར་བཙན་གྱིས་བཅུག་པ།

ཕྱི་ལོ་ ༢༠༡༨ ཟླ་ ༧ པའི་ནང་རྒྱ་ནག་གཞུང་གིས་རྫ་ཆུ་ཁའི་དགོན་པ་མང་པོ་ཞིག་གི་རང་ལོ་ ༡༥ མན་གྱི་གྲྭ་ཆུང་རྣམས་བཙན་ཐབས་ཀྱིས་རྒྱ་ནག་གཞུང་གཉེར་སློབ་གྲྭ་ཁག་ནང་འགྲོ་དགོས་པའི་བཀའ་རྒྱ་བཏང་སྟེ་དགོན་པ་ནས་ཕྱིར་འཕུད་བཏང་ཡོད་པ་དང་། གལ་ཏེ་གྲྭ་ཆུང་རྣམས་སློབ་གྲྭའི་ནང་མ་སོང་བ་ཡིན་ན་དགོན་པ་སྒོ་བརྒྱབ་སྟེ། དགོན་པའི་བླ་མ་དང་ལས་སྣེ། དགེ་རྒན་དང་ཕ་མ་སོགས་ཚང་མར་ཁྲིམས་ཆད་གཅོད་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཏེ། གྲྭ་ཆུང་རྣམས་ས་གནས་སྲིད་གཞུང་གི་སློབ་གྲྭར་བཙན་གྱིས་བཅུག་པའི་གནས་ཚུལ་བྱུང་ཡོད་པ་རེད།

ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་གཞུང་གིས་སྒོ་བརྒྱབ་ཟིན་པའི་མགོ་ལོག་ཁུལ་གྱི་སེང་འབྲུག་སྟག་རྩེ་སློབ་གྲྭའི་དགེ་སློབ་རྣམས།

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༥ ལོར་རྒྱའི་སྤྱི་སྐད་ཁྱབ་ཚད་རྒྱལ་ཡོངས་ཀྱི་བརྒྱ་ཆ་ ༨༥ ཟིན་དགོས་སྐོར་བསྒྲགས་ཏེ། ཕྱི་ལོ་ ༢༠༡༤ ཙམ་ནས་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་བྱིས་གཉོར་ཁང་ནས་བཟུང་རྒྱ་ཡིག་རྒྱ་སྐད་གཙོ་གཉེར་གྱི་སྲིད་ཇུས་ལག་བསྟར་བྱས་ཡོད་པ་མ་ཟད། རྒྱའི་སྐད་ཡིག་ནི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་ཕ་སྐད་མ་ཡིག་ཡིན་ཚུལ་གྱི་དྲིལ་བསྒྲགས་བྱས་ནས། བོད་ཀྱི་སྐད་ཡིག་སློབ་གཉེར་བྱེད་སའི་སློབ་གྲྭ་མང་པོ་ཞིག་བཙན་གྱིས་སྒོ་བརྒྱབ་བཅུག་གི་ཡོད་པ་ལྟར། འདར་ལོར་གཅིག་པུར་རྒྱ་ནག་གཞུང་གིས་སེང་འབྲུག་སྟག་རྩེའི་བཅའ་སྡོད་སློབ་གཙོས་མགོ་ལོག་རྨ་ཆེན་རྫོང་ནས་སློབ་གྲྭ་གསུམ་དང་། དགའ་བདེ་ནས་སློབ་གྲྭ་གཅིག གཅིག་སྒྲིལ་གྱི་སློབ་གྲྭ་གཉིས་དང་། དགེ་ལྡན་ནང་བསྟན་སློབ་གྲྭ་བཅས་ཉུང་མཐར་བོད་མིའི་སྒེར་གཉེར་སློབ་གྲྭ་བཅུ་གྲངས་ཤིག་སྒོ་བརྒྱག་ཏུ་བཅུག་ཡོད་འདུག

འབྲེལ་ཡོད་གནས་ཚུལ། རྫ་ཆུ་ཁའི་གྲྭ་ཆུང་ཚོ་དགོན་པ་ནས་ཕྱིར་འཕུད་བཏང་།

https://tibettimes.net/wp-content/uploads/2022/04/12.mp4

གསར་འགོད་པ་དཔལ་ལྡན་དང་ས་གནས་གསར་འགོད་པ།

འབྲེལ་ཡོད་གསར་འགྱུར།

Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༤ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༧ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༢
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese