མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཊུ་ཝི་ཊར་དྲ་རྒྱར་ཨ་སྒོར་ཐེར་འབུམ་ ༤༤ སྤྲད་ནས་ཉོས།

བོད་ཀྱི་དུས་བབ།
༢༠༢༢/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་འཕྲུལ་ལས་བཟོ་སྐྲུན་དང་མཁའ་སྐར་སྐོར་བསྐྱོད་ཁང་གི་ཕྱུག་བདག་ཆེན་མོ་སྐུ་ཞབས་ཨེ་ལོན་མ་སེཀ་ལགས་ཀྱིས་ཊུ་ཝི་ཊར་དྲ་རྒྱར་ཨ་སྒོར་ཐེར་འབུམ་ ༤༤ ཡི་རིན་གོང་སྤྲད་ནས་ཉོས་ཡོད་འདུག

ཉེ་ལམ་ཨ་རིའི་འཕྲུལ་ལས་བཟོ་སྐྲུན་དང་རྒྱུ་སྐར་འགྲིམས་འགྲུལ་སྐོར་བསྐྱོད་ཁང་གི་ཕྱུག་བདག་ཆེན་མོ་སྐུ་ཞབས་ཨེ་ལོན་མ་སེཀ་(Elon Musk)ལགས་ཀྱིས། ཊུ་ཝི་ཊར་(Twitter)དྲ་ཚིགས་ནི་འགྲོ་བ་མིའི་རིགས་ཀྱི་མ་འོངས་པ་དང་འབྲེལ་བའི་གནད་དོན་གླེང་ས་ཡིན་པ་དང་། དྲ་ཚིགས་དེའི་སྟེང་གནས་ཚུལ་རྫུན་བསྒྲགས་མཚམས་འཇོག་གིས་མི་ཀུན་ལ་འདྲ་མཉམ་གྱི་སྨྲ་བརྗོད་རང་དབང་གི་ཁོར་ཡུག་ཅིག་བསྐྲུན་དགོས་སྐོར་སོགས་བརྗོད་པ་དང་འབྲེལ། རང་ཉིད་ནས་ཊུ་ཝི་ཊར་དྲ་ཚིགས་ལ་ཨ་སྒོར་ཐེར་འབུམ་ ༤༤ སྤྲད་ནས་ཉོ་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས་ཡོད་པ་ལྟར། ཁ་སང་ཊུ་ཝི་ཊར་དྲ་ཚིགས་ཀྱི་དབུས་རྒྱུན་དག་གིས། ཊུ་ཝི་ཊར་དྲ་ཚིགས་སྐུ་ཞབས་ཨེ་ལོན་མ་སེཀ་ལགས་སུ་བཙོང་གཏན་ཁེལ་བ་ཡོངས་བསྒྲགས་བྱས་འདུག

དེ་འབྲེལ་བྷི་བྷི་སི་གསར་ཁང་གི་གནས་ཚུལ་ནང་། ད་ལྟའི་ཆར་འཛམ་གླིང་གི་གཡས་ལྷུང་དང་གཡོན་ལྷུང་གཉིས་ཀྱི་ཆབ་སྲིད་པ་དང་ཁྲིམས་སྒྲིག་གི་སྟངས་འཛིན་བྱེད་མཁན་དག་གིས་ཊུ་ཝི་ཊར་དྲ་ཚིགས་སྟེང་གནས་ཚུལ་རྫུན་བཟོའི་རིགས་མང་དག་ཅིག་བྱུང་དང་འབྱུང་གི་ཡོད་པར་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་པའི་སྐབས་འདིར། ཊུ་ཝི་ཊར་གྱི་དབུས་རྒྱུན་དག་གིས། སྐུ་ཞབས་ཨེ་ལོན་མ་སེཀ་ལགས་ཀྱི་ཊུ་ཝི་ཊར་ལ་འབུལ་རྒྱུའི་གོང་ཚད་ནི་ཊུ་ཝི་ཊར་གྱི་མ་རྐང་འཛིན་མཁན་ཚོའི་མདུན་ལམ་ཡག་ཤོས་དེ་ཡིན་སྐོར་བརྗོད་ཡོད་པ་དང་། ད་ལྟ་ཊུ་ཝི་ཊར་གྱི་མ་རྐང་འཛིན་མཁན་དག་གིས་འོས་བསྡུ་བྱས་ཏེ་ངོས་ལེན་བྱུང་རྗེས། ཊུ་ཝི་ཊར་དྲ་ཚིགས་སྐུ་ཞབས་ཨེ་ལོན་མ་སེཀ་ལགས་སུ་རྩིས་སྤྲོད་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

ད་ལྟ་ཨ་རི་གཙོ་བྱས་པའི་ནུབ་ཕྱོགས་རྒྱལ་ཁབ་དང་འཛམ་གླིང་མི་མང་གི་ཚིག་ཐུང་གི་ལམ་ནས་གནས་ཚུལ་ཁྱབ་སྤེལ་བྱེད་པ་དང་ཕན་ཚུན་བར་བརྡ་ལན་སྤྲོད་རེས་བྱེད་སའི་ཊུ་ཝི་ཊར་དྲ་ཚིགས་ཚོགས་སྡེ་ཞིག་ནས་མི་སྒེར་བ་ཞིག་གི་སྟངས་འཛིན་འོག་གནས་རྒྱུ་ཡིན་པའི་ཐད་བསམ་ཚུལ་འདྲ་མིན་སྣ་ཚོགས་ཤིག་ཡོང་གི་ཡོད་ཅིང་། དམིགས་བསལ་ཊུ་ཝི་ཊར་དྲ་ཚིགས་ཀྱི་སྤྱི་ཁྱབ་འགན་འཛིན་ (Parag Agrawal) ལགས་ཀྱིས། སྐུ་ཞབས་ཨེ་ལོན་མ་སེཀ་ལགས་ཀྱི་སྟངས་འཛིན་འོག་ཊུ་ཝི་ཊར་དྲ་ཚིགས་ཀྱི་མ་འོངས་པ་ངེས་གཏན་མེད་པའི་སེམས་འཚབ་བསྟན་ཡོད་པ་དང་། དབྱིན་ཇིའི་གྲོས་ཚོགས་འཐུས་མི་དང་དྲ་རྒྱ་དང་རིག་གཞུང་། སྤྱི་ཚོགས་བརྒྱུད་ལམ། རྩེད་རིགས་མཐུན་ཚོགས་བཅས་ཀྱི་འགན་འཛིན་དང་ཚོགས་མི་ཡིན་པའི་སྐུ་ཞབས་ (Julian Knight) ལགས་ཀྱིས། ཊུ་ཝི་ཊར་དྲ་ཚིགས་ཉོ་ཚོང་གི་གན་རྒྱ་དེ་ནི། འཛམ་གླིང་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ལ་ཁྱད་དུ་འཕགས་པའི་མདུན་སྐྱོད་ཆེན་པོ་ཞིག་ཡིན་པའི་སྔགས་བརྗོད་དང་འབྲེལ། ཊུ་ཝི་ཊར་དྲ་ཚིགས་སྨྲ་བརྗོད་རང་དབང་ལ་དགའ་བའི་སྐུ་ཞབས་ཨེ་ལོན་མ་སེཀ་ལགས་སྒེར་གྱིས་བདག་ཉར་བྱ་རྒྱུ་ཡིན་པ་ནི་ཧ་ཅང་སྤྲོ་བ་ཆེ་བའི་བྱ་གཞག་ཅིག་ཡིན་སྐོར་བརྗོད་འདུག

ཊུ་ཝི་ཊར་དྲ་ཚིགས་ཉོ་ཚོང་གི་ཐད། ཨ་རིའི་ཕོ་བྲང་དཀར་པོས་སྐད་ཆ་གང་ཡང་བརྗོད་མེད་ཀྱང་། ཕོ་བྲང་གི་མགྲིན་ཚབ་པ་ (Jen Psaki) ལགས་ཀྱིས། ཊུ་ཝི་ཊར་དྲ་ཚིགས་བདག་ཉར་བྱེད་མཁན་སུ་ཡིན་ཡང་ཁྱད་པར་མེད། འོན་ཀྱང་། སྲིད་འཛིན་བྷའེ་ཌན་མཆོག་གིས་སྤྱི་ཚོགས་བརྒྱུད་ལམ་ཆེ་གྲས་ཁག་གི་ཤུགས་རྐྱེན་ཐད་ག་དུས་ཡིན་ཡང་སེམས་འཚབ་བྱེད་བཞིན་ཡོད། ཅེས་བརྗོད་ཡོད་པ་དང་། ཊུ་ཝི་ཊར་དྲ་ཚིགས་ཀྱིས་ཨ་རིའི་ཆབ་སྲིད་ནང་ཤུགས་རྐྱེན་ཆེན་པོ་སྤྲོད་བཞིན་ཡོད་པ་ཞིབ་འཇུག་པ་དག་གིས་བརྗོད་བཞིན་ཡོད།

སྐུ་ཞབས་ཨེ་ལོན་མ་སེཀ་ལགས་ཀྱིས། སྨྲ་བརྗོད་རང་དབང་ནི་མང་གཙོ་ཡང་དག་པ་ཞིག་གི་ཀ་བ་ཡིན་པ་དང་། ཊུ་ཝི་ཊར་དྲ་ཚིགས་ནི་འགྲོ་བ་མིའི་རིགས་ཀྱི་མ་འོངས་པའི་གནད་དོན་གླེང་ས་ཡིན་པས། ངས་ཊུ་ཝི་ཊར་གྱི་མ་ལག་ཁྱད་སྣོན་བྱས་ཏེ། ཊུ་ཝི་ཊར་སྟེང་གི་གནས་ཚུལ་གྱི་འབྱུང་ཁུངས་དག་པ་དང་གསལ་བ། གནས་ཚུལ་རྫུན་བསྒྲགས་ཀྱི་རིགས་ཚར་གཅོད་བྱས་ཏེ། མི་ཚང་མར་ཡིད་ཆེས་ངེས་འཕེལ་ཡོང་སའི་སྡིངས་ཆ་ཞིག་བསྐྲུན་རྒྱུ་ཡིན་པ་མ་ཟད། ངས་ཊུ་ཝི་ཊར་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པ་ལྟར། ངས་ཊུ་ཝི་ཊར་དྲ་ཚིགས་དང་དེ་བཀོལ་སྤྱོད་བྱེད་མཁན་ཡོངས་དང་ལྷན་དུ། ཊུ་ཝི་ཊར་གྱི་སྒོ་མོ་ཕྱོགས་ཡོངས་ནས་ཕྱེ་རྒྱུ་ཡིན། ཞེས་བརྗོད་འདུག

ཟླ་འདིའི་ཟླ་མགོར་སྐུ་ཞབས་ཨེ་ལོན་མ་སེཀ་ལགས་ཀྱིས་ཊུ་ཝི་ཊར་གྱི་མ་རྐང་བརྒྱ་ཆ་ ༩།༢ ཉོས་རྗེས། ཁོང་ཊུ་ཝི་ཊར་དྲ་ཚིགས་ཀྱི་མ་རྐང་འཛིན་མཁན་ཆེ་ཤོས་སུ་གྱུར་ཡོད། དེར་བརྟེན། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཊུ་ཝི་ཊར་གྱིས་སྐུ་ཞབས་ཨེ་ལོན་མ་སེཀ་ལགས་དྲ་ཚིགས་དེའི་དབུས་རྒྱུན་ནང་ཞུགས་དགོས་པའི་སྐུལ་མ་གནང་སྐབས། ཁོས་ཊུ་ཝི་ཊར་དྲ་ཚིགས་ཀྱི་སྒོ་རྒྱ་དམ་པ་དང་སྨྲ་བརྗོད་རང་དབང་ཕྱོགས་ཡོངས་ནས་སྒོ་ཕྱེ་དགོས་པ་སོགས་ཀྱི་བསམ་ཚུལ་བཏོན་པ་དང་བསྟུན། རང་ཉིད་ནས་ཊུ་ཝི་ཊར་དྲ་ཚིགས་ཉོ་རྒྱུ་ཡིན་སྐོར་བསྒྲགས་པ་ལ་བརྟེན་ནས། ད་ལྟ་ཁོས་དངོས་སུ་ཊུ་ཝི་ཊར་དྲ་ཚིགས་ཉོ་ཐུབ་པའི་གནས་སྟངས་དེ་བྱུང་ཡོད་པ་རེད་ལ། སྐུ་ཞབས་ཨེ་ལོན་མ་སེཀ་ལགས་ཀྱིས་ཊུ་ཝི་ཊར་གྱི་མ་རྐང་ཉོས་པ་ནས་བཟུང་ཊུ་ཝི་ཊར་གྱི་ཁྲོམ་རའི་མ་རྐང་བརྒྱ་ཆ་ ༢༧ ཡར་འཕར་ཏེ། ཊུ་ཝི་ཊར་གྱི་མ་རྐང་ཉོ་མཁན་དག་གི་དཔལ་འབྱོར་ལ་གནམ་ས་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པ་མ་ཟད། ཊུ་ཝི་ཊར་གྱི་མ་གནས་རིན་གོང་ཨ་སྒོར་ཐེར་འབུམ་ ༣༥ ནས་ ༤༡ བར་ཏེ་བརྒྱ་ཆ་ ༥ ཡར་འཕར་ཡོད་པ་རེད།

ཁ་སང་ཊུ་ཝི་ཊར་དྲ་ཚིགས་དངོས་སུ་ཉོ་གཏན་འཁེལ་བ་ཡོངས་བསྒྲགས་བྱས་པ་ནས་བཟུང་། ད་ལྟ་ཊུ་ཝི་ཊར་གྱི་ཁྲོམ་རའི་མ་རྐང་ཡར་འཕར་མུས་ཡིན་པ་དང་། ཕྱི་ལོ་ ༢༠༢༡ ལོའི་ཊུ་ཝི་ཊར་གྱི་མ་གནས་རིན་གོང་ཨ་སྒོར་ཐེར་འབུམ་ ༡༤།༠༦ ཙམ་ལས་གནས་ཀྱི་མེད་པ་དང་། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་ཊུ་ཝི་ཊར་གྱི་མ་གནས་རིན་གོང་ཨ་སྒོར་ཐེར་འབུམ་ ༣༥ ནས་ད་ལྟ་ཨ་སྒོར་ཐེར་འབུམ་ ༤༤ ཆགས་ཀྱི་ཡོད་འདུག་ལ། ཕྱི་ལོ་ ༢༠༠༦ ལོར་གསར་དུ་བཟོས་པའི་ཊུ་ཝི་ཊར་དྲ་ཚིགས་ཉིན་རེར་བཀོལ་སྤྱོད་བྱེད་མཁན་མི་གྲངས་ས་ཡ་ ༢༡༧ ཙམ་ཡོད་པ་དང་། ད་ལྟ་ཊུ་ཝི་ཊར་གྱི་སྦྱིན་བདག་གསར་པར་ཆགས་ལ་ཉེ་བའི་སྐུ་ཞབས་ཨེ་ལོན་མ་སེཀ་ལགས་སུ་ཊུ་ཝི་ཊར་སྟེང་རྗེས་འབྲངས་པ་ས་ཡ་༨༠ ཙམ་ཡོད་པ་དང་། ཁོང་ནི་ད་ལྟ་འཛམ་གླིང་གི་ཕྱུག་བདག་ཨང་དང་པོ་ཡིན་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist