མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་རིན་ཆེན་རྡོ་རྗེ་ལགས་ཀློད་གྲོལ་བཏང་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༤/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་སྐྱེ་རྒུ་མདོ་ནས་ཡིན་པའི་བོད་མི་གསུམ་འཛིན་བཟུང་བྱས་ཏེ་ཟླ་བ་ ༨ ལྷག་འགོར་རྗེས་རིན་ཆེན་རྡོ་རྗེ་ལགས་ཀློད་གྲོལ་བཏང་ཡོད་ཀྱང་ཁོང་གི་རོགས་པ་གཉིས་ད་དུང་གོ་ཐོས་མི་འདུག

འདས་ལོར་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ ༡༠༠ ཟིན་སྐབས་ཀྱི་སྐྱེ་རྒུ་མདོ་ཁུལ་གྱི་ཞིབ་བཤེར་ས་ཚིགས་ཤིག པར་བོད་ནས་འདི་ག་གསར་ཁང་ལ་མཁོ་སྤྲོད་གནང་།་

འདས་ལོར་རྒྱ་ནག་གཞུང་གིས་བོད་ཁུལ་གང་སར་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ངོ་ ༡༠༠ ཟིན་པའི་དུས་སྟོན་དང་བྱེད་སྒོའི་རིགས་སྣ་ཚོགས་ཤིག་སྤེལ་དུ་བཅུག་ཡོད་པ་ལྟར། འདས་ལོའི་ཕྱི་ཟླ་ ༨ ཚེས་ ༨ གྱི་ཉིན་རྒྱབ་ཏུ་སྐྱེ་རྒུ་མདོའི་རོལ་རྩེད་ཐང་ཆེན་ནས་བོད་མི་གསུམ་གྱིས་ཕྱི་ཕྱོགས་ཀྱི་ཚོགས་པ་ཞིག་ཏུ་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་༡༠༠ ཟིན་པའི་དུས་སྟོན་འཚོགས་སའི་རོལ་རྩེད་ཐང་གི་འདྲ་པར་བསྐུར་ཏེ། ཆབ་སྲིད་ཀྱི་གནས་ཚུལ་བཟོས་ཡོད་ལུགས་ཀྱི་ཉེས་མིང་འོག་བོད་མི་གསུམ་འཛིན་བཟུང་བྱས་རྗེས་ཟླ་ ༨ ལྷག་ལ་གོ་ཐོས་མེད་པར་གྱུར་ཡོད་ཀྱང་། ཉིན་ཤས་སྔོན་རིན་ཆེན་རྡོ་རྗེ་ལགས་ཀློད་གྲོལ་བཏང་ཡོད་འདུག

འདི་གའི་གནས་ཚུལ་མཁོ་སྤྲོད་པས་རིན་ཆེན་རྡོ་རྗེ་ལགས་ཀློད་གྲོལ་བཏང་ཡོད་ཀྱང་མུ་མཐུད་ལྟ་རྟོག་ནན་པོ་བྱེད་མུས་ཡིན་པ་དང་། སྤྱིར་བཏང་བཙོན་པ་ཀློད་གྲོལ་གཏོང་སྐབས་ཁྱིམ་མི་ཚོར་སྔོན་བརྡ་ཞིག་གཏོང་སྲོལ་ཡོད་ཀྱང་། ཁོང་གི་ཁྱིམ་མི་ཚོར་བརྡ་ལན་གང་ཡང་མ་འབྱོར་བར་གློ་བུར་དུ་རང་ཁྱིམ་ལ་བསྐྱལ་ཡོད་སྐོར་དང་། ད་ལྟའི་ཆར་ཁོང་གི་སྐུ་གཟུགས་གནས་སྟངས་ག་འདྲ་ཡོད་མེད་དང་། ཁོང་གི་རོགས་པ་སྐལ་བཟང་ཉི་མ་ལགས་དང་། ལྷུན་འགྲུབ་ལགས་གཉིས་ཀྱི་གནས་སྟངས་སོགས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་ཀྱང་། ཁོང་གཉིས་ལའང་ནག་ཉེས་གང་ཡང་མེད་པར་བརྟེན་རིམ་གྱིས་ཁོང་གཉིས་ཀྱང་ཀློད་གྲོལ་གཏང་ཡོང་བའི་རེ་བ་རྒྱག་བཞིན་ཡོད་སྐོར་བརྗོད་བྱུང་།   བཙོན་གྲོལ་ཐོབ་པའི་རང་ལོ་ ༥༤ ཙམ་ཡིན་པའི་རིན་ཆེན་རྡོ་རྗེ་ལགས་ནི་སྡོམ་མདའ་ཡུལ་ཚོ་ནས་ཡིན་ཞིང་དུས་རྒྱུན་གླ་འཁོར་གཏོང་གི་ཡོད་པ་དང་། ཁོང་ལ་བུ་ཕྲུག་གཉིས་ཡོད་འདུག

འདས་ལོར་རྒྱ་ནག་གཞུང་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ ༡༠༠ ཟིན་པའི་དྲིལ་བསྒྲགས་ཀྱི་བྱ་འགུལ་སྣ་ཚོགས་ཤིག་བོད་ཁུལ་གྱི་ས་ཆ་གང་སར་བསྡུ་རུ་བཅུག་སྟེ། དམར་ཤོག་ཚོགས་པར་བསྟོད་བསྔགས་དང་བཀའ་དྲིན་རྗེས་དྲན་ཟེར་བ། དེ་བཞིན་དམར་ཤོག་ཚོགས་པའི་ཁ་ལ་ཉན་ཞིང་རྗེས་སུ་འབྲང་དགོས་པའི་སྐུལ་འདེད་ཤུགས་ཆེན་བྱས་ཡོད་པ་ལྟར། སྐབས་དེར་བོད་སྐྱེ་རྒུ་མདོ་ས་ཁུལ་དུའང་དམག་མི་དང་ཉེན་རྟོག་པ་མང་པོ་འགྲེམས་འཇོག་བྱས་ཏེ་ལྟ་ཞིབ་དང་སྔོག་བཤེར་འདྲི་རྩད་རིགས་སྔར་ལྷག་བྱས་པར་བརྟེན། ས་གནས་བོད་མི་ཚོར་རང་བཞིན་གྱིས་འཇིགས་སྣང་དང་འགྲོ་འོང་བྱེད་པར་འཛེམ་དོགས་དགོས་པའི་གནས་སྟངས་བཟོས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར། སྐྱེ་རྒུ་མདོ་ནས་བོད་མི་གསུམ་འཛིན་བཟུང་བྱས།

གསར་འགོད་པ་དཔལ་ལྡན་དང་། ས་གནས་གསར་འགོད་པ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༥ སྔོན་ལ།
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

ཆུ་ཚོད་ ༢༡ སྔོན་ལ།
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese