མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དད་རང་དབང་ཐད་སྔར་ལྷག་དམ་དྲག་བྱེད་བཞིན་ཡོད་པའི་རྒྱལ་སྤྱིའི་སྙན་ཐོ་བཏོན།

བོད་ཀྱི་དུས་བབ།
༢༠༢༢/༠༤/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༢ ལོའི་ཆོས་དད་རང་དབང་སྐོར་གྱི་སྙན་ཐོ་བཏོན་པའི་ནང་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་སོགས་ལ་སྔར་ལྷག་དམ་དྲག་བྱེད་བཞིན་ཡོད་པས་རྒྱ་ནག་དང་བྱང་ཀོ་རི་ཡ་སོགས་བློ་འཚབ་ཅན་གྱི་ཐོ་གཞུང་ནང་བཅུག་འདུག

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་ཨ་རིའི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ (The United States Commission on International Religious Freedom (USCIRF) ཀྱིས་བཏོན་པའི་ཕྱི་ལོ་ ༢༠༢༢ ལོའི་འཛམ་གླིང་གི་ཆོས་དད་རང་དབང་གི་གནས་བབ་སྐོར་གྱི་ལོ་འཁོར་སྙན་ཐོ་བཏོན་ཏེ། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་དང་ཁ་ཆེའི་ཆོས་ལུགས་སོགས་ལ་སྔར་ལས་ལྷག་དམ་དྲག་བྱེད་བཞིན་ཡོད་སྟབས། སྲིད་འཛིན་བྷའེ་ཌིན་མཆོག་གི་འཛིན་སྐྱོང་ནས་རྒྱ་ནག་བློ་འཚབ་ཅན་གྱི་ཐོ་གཞུང་ཏུ་བཅུག་དགོས་པའི་སྐུལ་མ་བཏང་ཡོད་འདུག

དེ་ཡང་འདི་ལོའི་སྙན་ཐོའི་ནང་རྒྱ་ནག་དང་བྱང་ཀོ་རི་ཡ། རྒྱ་གར་ཚུད་པའི་རྒྱལ་ཁབ་ ༡༥ བློ་འཚབ་ཅན་གྱི་རྒྱལ་ཁབ་ཀྱི་ཐོ་གཞུང་ནང་བཅུག་འདུག་ཅིང་། རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་ཐོག་དམ་དྲག་ཤུགས་ཆེན་བྱས་པའི་སྐོར་འཁོད་པའི་ནང་། རྒྱ་ནག་གཞུང་གིས་མུ་མཐུད་བོད་བརྒྱུད་ནང་བསྟན་ལ་ཕྱོགས་ཡོངས་ནས་དམ་དྲག་དང་སྟངས་འཛིན་བྱེད་བཞིན་ཡོད་པ་རེད། ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༥ པའི་ནང་རྒྱ་ནག་གཞུང་གིས་བོད་སྐོར་གྱི་རྒྱབ་ཤ་དཀར་པོ་ཞིག་བཏོན་པའི་ནང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་རྒྱུར་ནན་བརྗོད་བྱས་ཡོད་ཅིང་། ལོ་དེའི་ཕྱི་ཟླ་ ༧ ནང་ཞི་ཅིན་ཕིང་བོད་ལ་བསྐྱོད་དེ་དམར་ཤོག་ཚོགས་པའི་ཆོས་ལུགས་ལས་དོན་སྐོར་གྱི་སྲིད་ཇུས་རྣམས་ལག་བསྟར་ཚགས་ཚུད་དགོས་གལ་ཆེ་བའི་སྐོར་ནན་བརྗོད་བྱས་ཡོད་པ་རེད། ཅེས་དང་། ས་གནས་ཀྱི་མགོ་འཁྲིད་རྣམས་ཀྱིས་བོད་ཀྱི་དགོན་སྡེ་ཁག་ནང་གྲྭ་བཙུན་རྣམས་བསྐོང་འཚོག་གིས་ཆབ་སྲིད་སློབ་གསོ་སྤྲོད་པ་དང་། བོད་མི་རྣམས་དགོན་པ་ཁག་ལ་ཆོས་མཇལ་དུ་བསྐྱོད་རྒྱུར་སྟངས་འཛིན་བྱེད་པ། ད་དུང་ཆོས་ལུགས་ཀྱི་ལྟེ་གནས་དང་མཚོན་རྟགས་རྣམས་གཏོར་བཤིག་བཏང་བ་མ་ཟད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཆོས་ལ་ཉན་མཁན་དང་། ཁོང་གི་སྐུ་པར་ཡོད་མཁན་ཚོ་འཛིན་བཟུང་གི་ཉེས་ཆད་བཅད་ཡོད་པ་རེད། ཅེས་སྡོམ་ཚིག་བརྒྱབ་འདུག

དེ་བཞིན་ད་ཐེངས་ཀྱི་སྙན་ཐོའི་ནང་ཤར་ཊུར་ཀི་སི་ཐན་(ཤིན་ཅང་)ཁུལ་དུ་གནས་སྡོད་ཡུ་གུར་སྐོར་གཙོ་འདོན་གྱིས། འདས་ལོར་རྒྱ་ནག་གཞུང་གིས་མུ་མཐུད་ཡུ་གུར་དང་ཁུལ་དེའི་ཊར་ཀིའི་ཁ་ཆེ་མི་རིགས་རྣམས་ཆོས་ལུགས་ཀྱི་རྒྱུ་མཚན་འདྲ་མིན་ལ་བརྟེན་ནས་གང་བྱུང་འཇུ་བཟུང་གིས་བཀག་སྐྱིལ་ཁང་དང་བཙན་བཀོལ་ངལ་རྩོལ་ཁང་དུ་བཅུག་ཡོད་པ་མ་ཟད། ཁུལ་དེའི་ཕྲུ་གུ་ ༨,༨༠,༠༠༠ ལྷག་རང་གི་ཕ་མ་དང་ཁ་བྲལ་བཏང་བ་དང་། ཁུལ་དེའི་ཆོས་ལུགས་ཀྱི་ལྟེ་གནས་སོགས་གཏོར་བརླག་བཏང་ཡོད་སྐོར་འཁོད་འདུག་ལ། འདས་ལོར་རྒྱ་ནག་གཞུང་གིས་རྒྱ་ཁྱབ་ཏུ་ཧའེ་རིགས་ཁ་ཆེ་ (Hui Muslims)ལའང་དྲག་གནོན་བྱས་ཡོད་པའི་དཔང་རྟགས་ཐོན་ཡོད་སྐོར་འཁོད་འདུག

ད་དུང་སྙན་ཐོའི་ནང་འདས་ལོར་རྒྱ་ནག་ནང་གི་ཆོས་དད་རང་དབང་གི་གནས་བབ་ཇེ་སྡུག་ཏུ་སོང་ཡོད་པ་དང་། རྒྱ་ནག་གཞུང་གིས་རྒྱ་ཁྱབ་ཏུ་ཚ་ཚར་འུར་འུར་ཐོག་ནས་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་རྒྱུའི་སྲིད་ཇུས་ལག་བསྟར་བྱས་ཏེ། ཆོས་ལུགས་རྗེས་འབྲང་བ་རྣམས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཆ་དང་ལྟ་གྲུབ་དང་ལེན་དགོས་པའི་བཀའ་བཏང་ཡོད་པ་དང་། རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་གི་ཐད་ཀར་སྟངས་འཛིན་འོག་ཡོད་པའི་ཆོས་ལུགས་ལས་དོན་ཁང་གིས་གཞུང་གི་ལས་བྱེད་དང་། ཆོས་ལུགས་མི་སྣ་བཅས་པར་བཀག་སྡོམ་རང་བཞིན་གྱི་ཁྲིམས་སྒྲིག་ལག་བསྟར་དོན་འཁྱོལ་ཡོང་ཐབས་བྱས་ཡོད་པ་མ་ཟད། ལྷག་པར་དུ་དྲ་རྒྱའི་ཐོག་ཆོས་ལུགས་ཀྱི་བརྗོད་དོན་རྣམས་བཀག་སྡོམ་བྱ་རྒྱུའི་ལས་དོན་རྣམས་ལག་བསྟར་བྱས་ཡོད་སྐོར་དང་། སྤྱིར་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་དང་ཡེ་ཤུ་རྣམ་དག་ཆོས་ལུགས། ཁ་ཆེ་ཆོས་ལུགས། ཏའོ་ཅའོ་ཆོས་ལུགས་རྣམས་ངོས་འཛིན་གཅིག་མཚུངས་བྱེད་ཀྱི་ཡོད་ནའང་། ཡུ་གུར་གཙོས་པའི་ཁ་ཆེ་གཞན་དང་བོད་བརྒྱུད་ནང་བསྟན། རྩ་རླུང་སྒོམ་སྒྲུབ་བཅས་ལ་དམ་དྲག་ཆེ་བ་བྱེད་ཀྱི་ཡོད་སྐོར་འཁོད་འདུག

ད་ལན་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་སྙན་ཐོ་དང་འབྲེལ་ནས་སྲིད་འཛིན་བྷའེ་ཌིན་མཆོག་གིས་སྣེ་ཁྲིད་པའི་འཛིན་སྐྱོང་ལ་རྒྱ་ནག་ཐད་ལ་སྲིད་ཇུས་བཞི་བློ་འདོན་བྱས་པའི་ཁྲོད། འཛིན་སྐྱོང་ངོས་ནས་རྒྱ་ནག་དེ་བསྐྱར་དུ་བློ་འཚབ་ཅན་གྱི་རྒྱལ་ཁབ་ཀྱི་ཐོ་གཞུང་ནང་བཅུག་དགོས་པ་དང་། རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་གཙོ་བོར་བྱས་པའི་ཆོས་དད་རང་དབང་རྡོག་རོལ་གཏོང་མཁན་གྱི་མགོ་འཁྲིད་དང་ཚན་པར་དཔལ་འབྱོར་ཉེས་ཆད་ཇེ་ཆེར་གཏོང་དགོས་པ། མཉམ་འབྲེལ་རྒྱལ་ཚོགས་ལྟ་བུའི་ལྟ་ཕྱོགས་མཐུན་པའི་ཤོག་ཁག་དང་མཉམ་འབྲེལ་སྒོས་རྒྱ་ནག་གིས་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པར་འགན་འཁུར་བླང་དུ་འཇུག་དགོས་པ། རྒྱ་ནག་དང་འབྲེལ་བའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ལག་ལེན་བསྟར་ཏེ་ཨ་རིའི་སྤྱི་གཉེར་ཁང་རྣམས་རྒྱ་ནག་གི་ཆོས་དད་རང་དབང་རྡོག་རོལ་གཏོང་བའི་ཆ་ཤས་སུ་མི་ཚུད་པར་བྱ་དགོས་པ་བཅས་འཁོད་འདུག དེ་བཞིན་ཨ་རིའི་གྲོས་ཚོགས་ངོས་ནས་ཡུ་གུར་བཙན་བཀོལ་ངལ་རྩོལ་བཀག་སྡོམ་ཁྲིམས་ཡིག་ (Uyghur Forced Labor Prevention Act) དང་བོད་ཀྱི་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་ཡིག་ (Tibet Policy and Support Act) ལྟ་བུའི་རྒྱ་ནག་དང་འབྲེལ་བའི་ཁྲིམས་ཡིག་ཁག་ལག་ལེན་ཚགས་ཚུད་ཡོང་རྒྱུར་འཛིན་སྐྱོང་དང་མཉམ་ལས་བྱ་དགོས་སྐོར་གྱི་བསམ་ཚུལ་བཏོན་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༥ སྔོན་ལ།
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

ཆུ་ཚོད་ ༢༡ སྔོན་ལ།
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese