མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུ་མོ་ཆུང་ཆུང་ཀུན་སྒྲོལ་བཟང་མོ་ཉེན་རྟོག་པས་བཙན་འཁྲིད་བྱས།

བོད་ཀྱི་དུས་བབ།
༢༠༢༢/༠༤/༢༩
Share on FacebookShare on TwitterShare on EmailShare on Whatsapp

བོད་སྤུ་ཧྲེང་རྫོང་སྟག་ལ་མཁར་ཡུལ་ཚོའི་ཨ་མ་བདེ་སྐྱིད་ལགས་ཀྱིས་བུ་མོ་འཁྲིད་དེ་རྒྱ་ལམ་ཕྱགས་ཏུ་ཕྱིན་སྐབས་ས་གནས་ཉེན་རྟོག་པས་ཏོག་དབྱིབས་བཀག་རྒྱ་དང་འགལ་བའི་ཉེས་མིང་འོག་བུ་མོ་བཙན་གྱིས་ཉེན་རྟོག་ཁང་དུ་འཁྲིད་ཕྱིན་ཡོད་འདུག

ས་གནས་ཉེན་རྟོག་པ་ཞིག་གིས་བུ་མོ་བཙན་འཁྲིད་བྱས་པ་དང་ཨ་མ་བཀག་པ། པར་བོད་ནས་འདི་ག་གསར་ཁང་ལ་མཁོ་སྤྲོད་གནང་།
མདང་དགོང་འབྲེལ་ཡོད་ཅིག་གིས་འདི་ག་བོད་ཀྱི་དུས་བབ་གསར་ཁང་གི་གསར་འགོད་པར། མངའ་རིས་སྤུ་ཧྲེང་རྫོང་སྟག་ལ་མཁར་ཡུལ་ཚོའི་ཨ་མ་བདེ་སྐྱིད་ཞེས་པ་ཞིག་གིས། ཁ་སང་སྔ་དྲོའི་ཆུ་ཚོད་ ༡༠ ཡས་མས་ཤིག་ལ་རང་ཉིད་ཀྱི་བུ་མོ་ལོ་ན་ལྔར་སོན་པ་ཀུན་སྒྲོལ་བཟང་མོ་ཁྲིད་དེ་རྒྱ་ལམ་ཕྱགས་ཏུ་ཕྱིན་སྐབས། ས་གནས་ཉེན་རྟོག་པས་ཁྱིམ་སྡོད་བཀའ་རྒྱ་དང་འགལ་བའི་ཉེས་མིང་འོག་བུ་མོ་ཀུན་སྒྲོལ་བཙན་གྱིས་ཉེན་རྟོག་ཁང་དུ་འཁྲིད་ཕྱིན་ཡོད་པ་དང་། ད་ལྟའི་ཆར་ཁོང་མ་བུ་གཉིས་ཀའི་གནས་སྟངས་ག་འདྲ་ཡོད་ཤེས་རྟོགས་ཐུབ་ཀྱི་མི་འདུག

འབྲེལ་ཡོད་བོད་མི་ཞིག་གིས། སྤྱིར་བཏང་ས་གནས་སུ་ཏོག་དབྱིབས་ཀྱི་ཁྱིམ་སྡོད་བཀག་རྒྱ་ལག་བསྟར་བྱེད་བཞིན་ཡོད་ནའང་། གྲོང་ཚོ་གཙང་སྦྲ་བྱེད་མཁན་སོགས་ཀྱིས་མུ་མཐུད་ལས་ཀ་བྱེད་དགོས་ཀྱི་ཡོད་པ་དང་། རྒན་རྒོན་དང་བྱིས་པ་རྣམས་ཕྱི་རུ་མཉམ་འཁྲིད་མི་ཆོག་པའི་རྐྱེན་གྱིས་བུ་མོ་ཆུང་ཆུང་དེ་བཙན་གྱིས་འཁྲིད་ཕྱིན་ཡོད་སྐོར་བརྗོད་བྱུང་།

རང་ལོ་ལྔ་ཙམ་ལ་སོན་པའི་བུ་མོ་ཀུན་སྒྲོལ་བཟང་མོ་ཉེན་རྟོག་ཁང་དུ་བཙན་འཁྲིད་བྱས། པར་བོད་ནས་འདི་ག་གསར་ཁང་ལ་མཁོ་སྤྲོད་གནང་།

རང་ལོ་ ༥༠ ཡས་མས་ཤིག་ཡིན་པའི་ཨ་མ་བདེ་སྐྱིད་ལགས་ནི་གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་ནས་སྤུ་ཧྲེང་རྫོང་སྟག་ལ་མཁར་ཡུལ་ཚོར་ཞོར་ལས་འཚོལ་བར་ཡོང་སྟེ། སྟག་ལ་མཁར་ཡུལ་ཚོའི་སྲང་ལམ་གྱི་གད་སྙིགས་འཐུ་བ་དང་རྒྱ་ལམ་ཕྱགས་ནས་ཞོར་ལས་གཉེར་གྱི་ཡོད་འདུག

ཕྱི་ལོ་༢༠༢༡ ལོར་རྒྱ་ནག་གཞུང་ཕྱོགས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱས་ནས་བོད་གཙོ་བྱས་པའི་མི་མང་གཅིག་ཀྱང་མ་ལུས་པར་དབུལ་ཐར་འགག་སྒྲོལ་བཏང་རབས་དང་། ད་ཆ་བོད་མི་ཚོས་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་བཞིན་ཡོད་ལུགས་འཛམ་གླིང་ཐོག་འུར་སྒྲོག་བྱེད་བཞིན་ཡོད་ཀྱང་། དོན་དངོས་སུ་རྒྱ་གཞུང་གིས་དཔལ་འབྱོར་འཛུགས་སྐྲུན་ལ་ཁ་གཡར་ཏེ། ས་གནས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་ཐབས་གཙོ་བོར་གྱུར་བའི་ས་ཞིང་གཞུང་བཞེས་དང་སྒོ་ཕྱུགས་ཚོད་འཛིན་ཤུགས་ཆེན་བྱེད་བཞིན་ཡོད་པ་མ་ཟད། སྟངས་འཛིན་སྟབས་བདེ་ཡོང་ཆེད་སྡེ་བ་རེ་རེ་བཞིན་ཕྱོགས་བསྡུས་གྲོང་ཚོ་ཟེར་བའི་ངོ་བོར་བསྒྱུར་ཏེ། ཞིང་འབྲོག་མང་ཚོགས་ལ་ས་ཞིང་མེད་ལ་སྒོ་ཕྱུག་ཀྱང་མེད་པར་འཚོ་བའི་ཐོན་ཁུངས་ཆད་པ་དང་།  དཔལ་འབྱོར་འཚོལ་སྒྲུབ་ཀྱི་རིག་གནས་དང་ལག་རྩལ་མེད་པས། རྒྱ་གཞུང་གིས་གསར་འཛུགས་བྱས་པའི་མཁར་གྲོང་དང་གྲོང་ཚོ་ཁག་ཏུ་ལམ་བཟོ་བ་དང་། གད་སྙིགས་བསྡུ་བ། རྒྱ་ལམ་ཕྱགས་པ་སོགས་ཀྱི་ཞོར་ལས་སུ་འགྲོ་བ་དང་། གཞོན་སྐྱེས་རྣམས་རྒྱ་ཡུལ་དུ་ཕྱིན་ཏེ་ཞོར་ལས་རིགས་གཉེར་ནས་འཚོ་བ་སྐྱེལ་ཐབས་བྱེད་བཞིན་པའི་གནས་ཚུལ་དེ་བོད་ཡུལ་གང་སར་རྒྱ་ཁྱབ་ཏུ་གྱུར་ཡོད་པ་རེད།

ས་གནས་གསར་འགོད་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 3

  1. དོན་འགྲུབ says:
    ལོ་ 4 སྔོན།

    རྒྱ་ནག་གི་ཆེ་ཆུང་ག་རེ་ཡིན་ལ་ཁུར་འགྲོ་གི་འདུག་དེ་ཁོང་ཚོས་མཐུན་མོ་མ་ཡིན་པའི་ཁྱད་ཆོས་རེད་འདུག

    Reply
  2. དོན་འགྲུབ says:
    ལོ་ 4 སྔོན།

    རེད་རེད་ཤེས་ཆེན་ཁྱོད་འདྲ་གང་མང་ཞིག་ང་ཚོ་ལ་དགོས་བའི ་དུས་ལ་འབབ་འདུག

    Reply
  3. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 4 སྔོན།

    རྒྱ་མིའི་བོད་ས་བཙན་ཕྲོག་བྱས་པ་འདི་ཡང་ཞིབ་ཏུ་དཔྱད་ན་བོད་མི་རང་གི་ཆར་སྣ་རླུང་འཁྲིད་
    དང་དགྲ་སྣ་གྲོགས་འཁྲིད་བྱས་པ་མིན་ན་སྟབས་ལེགས་།
    དེང་སང་ང་ཚོ་བཙན་བྱོལ་ནང ལའང་དོན་མེད་ལབ་རྒྱུ་གླེང་རྒྱུ་མང་པོ་བཟོ་མཁན་གྱི་མི་སྣ་དེ་འདྲ་ཡོད་ས་འདུག་པ་དེ་ཚོ་ལ་མང་གཙོའི་ཀ་བ་གསུམ་ནས་དུས་ཐོག་ལམ་སྟོན་སློབ་གསོ་གནང་མ་ཐུབ་ཚེ་ད་ལྟའི་བཙན་བྱོལ་སྒྲིག་འཛུགས་འདི་གནས་སྟངས་ག་འདྲ་ཆགས་མིན་ནམ་ཡང་ཚོད་ཐིག་མ་སོང་ན་བསམ་ཡོད་བོད་མི་ཚང་མས་ངེས་པར་དུ་འགན་འཁུར་བཞེས་རོགས་གནང་།
    །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese