མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་ནས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནན་སི་པེ་ལོ་སི་མཆོག་ལ་མཇལ་འཕྲད་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༤/༢༩
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནན་སི་པེ་ལོ་སི་མཆོག་དང་མཇལ་ཏེ་༧གོང་ས་མཆོག་གི་འཚམས་འདྲིའི་གསུང་འཕྲིན་སྤྱན་འབུལ་ཞུས་པ་དང་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ངོ་སྤྲོད་གནང་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༨ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནན་སི་པེ་ལོ་སི་ (Nancy Pelosi) མཆོག་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་མེག་ཁོལ་ (Michael McCaul)ལགས། དེ་བཞིན་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ (James E. Risch) ལགས་བཅས་དང་མཇལ་འཕྲད་གནང་སྟེ། སྲིད་སྐྱོང་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ནན་སི་པེ་ལོ་སི་མཆོག་ལ་སྩལ་བའི་འཚམས་འདྲིའི་གསུང་འཕྲིན་ཞིག་སྤྱན་འབུལ་གནང་རྗེས། ད་བར་ལྕམ་སྐུ་ནན་སི་པེ་ལོ་སི་མཆོག་གིས་བོད་དོན་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སོགས་ཀྱི་སྐོར་ལ་བཀའ་བསྡུར་ལྷུག་པོ་གནང་ཡོད་འདུག ལྕམ་སྐུ་ནན་སི་པེ་ལོ་སི་མཆོག་གིས་བོད་དོན་དཀའ་རྙོག་མ་སེལ་བར་དུ་མུ་མཐུད་ནས་རྒྱབ་སྐྱོར་གནང་གི་ཡིན་སྐོར་གསུངས་འདུག

སྲིད་སྐྱོང་མཆོག་དང་མཉམ་བཅར་གནང་བའི་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་དགོན་པའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་ཡིས། ད་བར་གར་སོང་ཆ་མེད་དུ་གྱུར་བའི་༧པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེའི་གནས་སྟངས་ངོ་སྤྲོད་དང་། ༧གོང་ས་མཆོག་བོད་ལ་ཕེབས་ཐུབ་པ་དང་། བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་མུ་མཐུད་རྒྱབ་སྐྱོར་ཤུགས་ཆེ་གནང་རྒྱུ་དང་། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་འཁོར་ནང་མི་རྣམས་ལ་རང་དབང་ཡོང་ཐབས་གནང་དགོས་བའི་འབོད་སྐུལ་ཞུས་གནང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་ཨ་རིའི་མང་གཙོ་གོང་སྤེལ་བསྟི་གནས་ཁང་ (National Endowment for Democracy) གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ལྷན་དུ་བཙན་བྱོལ་བོད་མིའི་དམངས་གཙོའི་འཕེལ་རིམ་སྐོར་ཚོགས་འདུ་ཞིག་གོ་སྒྲིག་ཞུས་ཡོད་པ་དང་། ཐོག་མར་ཨ་རིའི་དམངས་གཙོ་གོང་སྤེལ་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་ (Damon Wilson) ལགས་ཀྱིས། ༧གོང་ས་མཆོག་གིས་སྲོལ་གཏོད་མཛད་པའི་བཙན་བྱོལ་བོད་མིའི་དམངས་གཙོའི་འཕེལ་རིམ་ལ་རྗེས་སུ་ཡི་རངས་དང་། ༧གོང་ས་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་མ་ཐག་བཙན་བྱོལ་བོད་མིའི་དམངས་གཙོ་སྲོལ་གཏོད་དང་བསྒྱུར་བཅོས་མཛད་ཡོད་པ་དང་། ད་ལྟའི་ཆར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མིག་དཔེ་ལྟ་སའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་གནང་གི་ཡོད་པ་རེད། ཅེས་དང་། ཨ་རིའི་དམངས་གཙོ་གོང་སྤེལ་བསྟི་གནས་ཁང་གིས་དེ་སྔ་༧གོང་ས་མཆོག་གདན་ཞུས་ཀྱིས་དམངས་གཙོའི་གཟེངས་རྟགས་ཕུལ་ཡོད་པ་དང་། བཙན་བྱོལ་བོད་མིའི་དམངས་གཙོའི་འཕེལ་རིམ་དང་བོད་མིའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་གནང་ཡོད། བཙན་བྱོལ་བོད་མིའི་དམངས་གཙོའི་སྒྲིག་འཛུགས་ནི་སྐྱབས་བཅོལ་བའི་དམངས་གཙོའི་ལས་འགུལ་སྤེལ་མཁན་གཞན་རྣམས་ཀྱིས་ཀྱང་མིག་དཔེ་ལྟ་འོས་པ་ཞིག་རེད། ཅེས་གསུངས་ཡོད་འདུག

དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དམངས་གཙོ་གོང་སྤེལ་བསྟི་གནས་ཁང་གིས་བཙན་བྱོལ་བོད་མིའི་དམངས་གཙོ་འཕེལ་རིམ་དང་བོད་མིའི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་གནང་དང་གནང་མུས་ཡིན་པར་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུས་ཡོད་དང་སྦྲགས། ༧གོང་ས་མཆོག་གི་ཡང་དག་པའི་དབུ་ཁྲིད་འོག་བཙན་བྱོལ་བོད་མིའི་དམངས་གཙོ་གོང་འཕེལ་འགྲོ་བཞིན་ཡོད་པའི་སྐོར་དང་། རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་གཏོར་བཤིག་གི་ལས་འགུལ་སྤེལ་བཞིན་ཡོད་ཀྱང་། བཙན་བྱོལ་བོད་མི་རྣམས་ཀྱིས་ལྟ་བ་ལངས་ཕྱོགས་འཛིན་སྟངས་ལ་ཁྱད་པར་ཡོད་མེད་ལ་མ་ལྟོས་པར་རྡོག་རྩ་གཅིག་སྒྲིལ་ཐོག་བོད་དོན་འཐབ་རྩོད་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་གསུངས་འདུག

ཨ་རིའི་དམངས་གཙོ་གོང་སྤེལ་བསྟི་གནས་ཁང་གི་འགན་འཛིན་གཞོན་པ་སྐུ་ཞབས་ (Brian Joseph) ལགས་ཀྱིས། བོད་དོན་སྤྱིའི་སྐོར་དང་། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་འཛིན་བཟུང་བཙན་འཕྲོག་བྱས་རྗེས་ད་བར་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གང་དུ་ཡོད་མེད་དང་སྐུ་གཟུགས་བདེ་ཐང་ཡིན་མིན་གྱི་གནད་དོན། དམངས་གཙོ། འཛམ་གླིང་ཞི་བདེ་དང་བདེ་འཇགས་སོགས་ཀྱི་བརྗོད་གཞི་ཁག་ཅིག་གི་སྐོར་གསུང་བཤད་གནང་ཡོད་འདུག

དེ་རིང་ཕྱི་ཚེས་ ༢༩ ཉིན་གྱི་ཉིན་རྒྱབ་ཏུ་རྒྱལ་ས་ཝ་ཤིན་ཀྲོན་གྱི་ཇཱོར་ཇི་ཝ་ཤིན་ཀྲོན་གཙུག་ལག་སློབ་ཆེན་དུ། ལོ་ངོ་སུམ་ཅུའི་རིང་གི་བོད་རྒྱ་འབྲེལ་མོལ་ལ་བསྐྱར་ཞིབ་རང་བཞིན་གྱི་གོ་བསྡུར་ཞིག་ཆུ་ཚོད་གསུམ་རིང་ལ་འཚོག་རྒྱུ་ཡིན་པ་དང་། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས། ཨ་ཀྱཱ་རིན་པོ་ཆེ། དེ་བཞིན་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་ཕྱི་རྒྱལ་གྱི་ཆེད་མཁས་འགའ་ཡང་མཉམ་ཞུགས་གནང་སྟེ་གཏམ་བཤད་གནང་རྒྱུ་ཡིན་འདུག

གསར་འགོད་པ་བསྟན་འཛིན་ཕུར་བུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་སོགས་ནས་བསྡུས།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༡༥ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༥ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese