མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ནང་བསྟན་སློབ་གླིང་གི་བསླབ་གཞི་ཚང་མ་རྒྱ་ཡིག་ཏུ་བསྒྱུར་དགོས་པའི་བཀའ་ཕབ།

བོད་ཀྱི་དུས་བབ།
༢༠༢༢/༠༤/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་མགོ་ལོག་རྨ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པའི་འཛིན་རིམ་དང་པོ་ནས་ལྔ་པ་བར་གྱི་བོད་རིགས་སློབ་མ་ཚོར་ཆེད་དུ་སྐད་འཕྲིན་ཚོགས་པ་བཙུགས་ཏེ་ཆབ་སྲིད་སློབ་གསོ་གཏོང་གི་འདུག

མགོ་ལོག་རྨ་ཆེན་རྫོང་གི་སློབ་ཆུང་ལོ་རིམ་དང་པོ་ནས་ལྔ་པའི་བར་གྱི་སྐད་འཕྲིན་ཚོགས་པའི་དྲ་ངོས། པར་བོད་ནས་འདི་ག་གསར་ཁང་དུ་མཁོ་སྤྲོད་བྱས།

ད་ལོ་ནས་བཟུང་རྒྱ་ནག་གཞུང་གིས་བོད་མགོ་ལོག་རྨ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པའི་འཛིན་རིམ་དང་པོ་ནས་ལྔ་བ་བར་གྱི་བོད་རིགས་སློབ་མ་ཚོར་ཆེད་དུ་སྐད་འཕྲིན་ཚོགས་པ་བཙུགས་ཏེ། ཉིན་ལྟར་“ཞི་ཅིན་ཕིན་གྱི་དགོངས་དོན་གལ་ཆེན་”དང་“དུས་རབས་གསར་བའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱུན་འཛིན་པ་”བྱེད་དགོས་རབས་ཀྱི་ཆབ་སྲིད་སློབ་གསོ་སྤྲོད་བཞིན་འདུག

མིང་བརྗོད་འདོད་མེད་པའི་བོད་ནང་གི་བོད་མི་ཞིག་གིས་འདི་གའི་གསར་འགོད་པར། དེང་སྐབས་ང་ཚོར་སྐད་འཕྲིན་ཚོགས་པ་འདི་འདྲ་བཙུགས་ནས་རྒྱ་ཡིག་རྒྱ་སྐད་ཀྱི་དྲ་ལམ་འཛིན་གྲྭ་འཚོག་བཞིན་ཡོད་ལ། སློབ་ཁྲིད་གཙོ་བོ་ཞི་ཅིན་ཕིན་གྱི་དགོངས་དོན་གལ་ཆེན་དང་དུས་རབས་གསར་བའི་སྤྱི་ཚོགས་རིང་ལུགས་རྒྱུན་འཛིན། དེའི་ལྷག་བསམ་དང་རྒྱལ་ཞེན། ཕུགས་བསམ་སྐོར་གྱི་སློབ་གསོ་དང་དེ་འབྲེལ་གྱི་སློབ་ཚན་འཁྲིད་ཀྱི་འདུག སློབ་ཁང་ནང་དུའང་སློབ་སྦྱོང་ལྡུམ་ར་སོགས་ཚང་མའི་ནང་རྒྱ་ཡིག་འབྲི་དགོས་ཟེར་གྱི་འདུག ཅེས་བརྗོད་བྱུང་།

གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། རྨ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པའི་འཛིན་རིམ་དང་པོ་ནས་ལྔ་བ་བར་གྱི་འཛིན་གྲྭ་སོ་སོར་ཆེད་འཛུགས་བྱས་པའི་སྐད་འཕྲིན་ཚོགས་པའི་ནང་དུ། ས་གནས་ཉེན་རྟོག་པ་དང་དགེ་རྒན། ཕ་མ་དང་སློབ་ཕྲུག ཏང་ཡོན་ལས་བྱེད་པ་སོགས་མཉམ་ཞུགས་བྱས་ཏེ། བྱིས་པ་ཚོར་རྒྱ་སྐད་རྐྱང་བའི་ཐོག་ནས་ཆབ་སྲིད་སློབ་གསོ་གཏོང་བ་དང་སློབ་འཁྲིད་བྱེད་བཞིན་འདུག

སློབ་ཕྲུག་ཚོར་རྒྱ་ཡིག་གི་སྒྲིག་ཁྲིམས་སློབ་གསོའི་བརྙན་སྦྱོར་སྟོན་བཞིན་པ། པར་བོད་ནས་འདི་ག་གསར་ཁང་དུ་མཁོ་སྤྲོད་གནང་།

ཟླ་འདིའི་ཕྱི་ཚེས་  ༢༧ ཉིན་མཚོ་སྔོན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་ཆོས་ལུགས་ལས་དོན་དང་འབྲེལ་བའི་ཚོགས་འདུ་ཞིག་བསྡུས་ཏེ། ནང་བསྟན་ཆོས་ལུགས་ཀྱི་བསླབ་གཞི་ཚང་མ་གང་མགྱོགས་རྒྱ་ཡིག་བསྒྱུར་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་མ་ཟད། རྒྱའི་སྤྱི་སྐད་གསོ་སྦྱོང་ཁང་གསར་འཛུགས་སྒོ་འབྱེད་བྱས་ཡོད་པ་ལྟར། རིམ་གྱིས་བོད་བརྒྱུད་ནང་བསྟན་སློབ་འཁྲིད་ཀྱང་རྒྱ་སྐད་ཐོག་བྱ་དགོས་པའི་སྲིད་ཇུས་ཤིག་ལག་བསྟར་བྱེད་ཡོང་གི་ཡོད་འདུག

རྒྱའི་སྤྱི་སྐད་གསོ་སྦྱོང་ཁང་ཟེར་བ་སྒོ་འབྱེད། པར་བོད་ནང་གི་དྲ་ལམ་ནས་བླངས། 

འདས་ལོའི་ཕྱི་ཟླ་དགུ་པའི་ནང་རྒྱ་ནག་དབུས་ཤེས་རིག་ལྷན་ཁང་ནས་སྟོན་མཇུག་གི་སློབ་འགོ་བཙུགས་པ་ནས་བཟུང་གྲངས་ཉུང་མི་རིགས་ས་ཁུལ་ཁག་གཙོས་བྱས་ནས་རྒྱ་ནག་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་ནང་རྒྱལ་ཡོངས་སྤྱི་སྐད་དེ། རྒྱ་ཡིག་རྒྱ་སྐད་ཀྱི་སློབ་ཁྲིད་སྔར་ལས་ཤུགས་ཆེ་རུ་གཏང་དགོས་པ་དང་། རྒྱ་ཡིག་རྒྱ་སྐད་ཀྱི་ཆུ་ཚོད་མཐོར་འདེགས་དེ་སློབ་མ་ཙམ་མིན་པར་དགེ་རྒན་དང་ལས་བྱེད་ཚོར་ཟུར་དུ་གསོ་སྦྱོང་འཚོགས་ནས་རྒྱ་ཡིག་རྒྱ་སྐད་ཀྱི་ཆུ་ཚད་དང་བྱང་ཚད་ཡར་རྒྱས་གཏོང་དགོས་ལུགས་དང་། གཞི་རིམ་མང་ཚོགས་དང་ཏང་ཡོན་ལས་བྱེད་པ་ཚང་མས་རྒྱལ་ཁབ་ཀྱི་སྤྱི་སྐད་སྦྱངས་ནས། བྱིས་པའི་སློབ་གཉེར་དང་མང་ཚོགས་ཀྱི་བསམ་བློས་ཆབ་སྲིད་སློབ་གསོར་གཞོགས་འདེགས་བྱེད་དགོས་སྐོར་གྱི་དྲིལ་བསྒྲགས་དང་སྐུལ་འདེད་ཤུགས་ཆེན་བྱེད་བཞིན་འདུག

མཚོ་སྔོན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་ཆོས་ལུགས་ལས་དོན་དང་འབྲེལ་བའི་ཚོགས་འདུ་བསྡུས་པ། པར་བོད་ནང་གི་དྲ་ལམ་ནས་བླངས། 

ས་གནས་གསར་འགོད་པ།

འབྲེལ་ཡོད་གསར་འགྱུར།

Uyghur Scholar Rahile Dawut [Photo: Uyghur Human Rights Project]
Mobile App

ཡུ་གུར་གྱི་སློབ་དཔོན་ཆེན་མོ་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

ཆུ་ཚོད་ ༡༣ སྔོན་ལ།
EU trade chief Valdis Dombrovskis speaks at the Bund Summit in Shanghai on Saturday. Photo: Reuters
Mobile App

འཛམ་གླིང་གི་ཚོང་ཤག་ཆེ་ཤོས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་ཉེན་འདུག 

ཆུ་ཚོད་ ༡༣ སྔོན་ལ།
པད་མ་ཚེ་བརྟན་ལགས་བྱང་ཨ་རིར་གློག་བརྙན་དབུག
ས་ལྒང་གི་ཆེས་ཐོག་མའི་གཟིགས་འབུལ་ཞུ་ཆེད།
ཅི་ཀ་ཀོར་ཕེབས་པའི་སྐབས། (༢༠༡༩)
པར་དབང་། རིག་འབྱུང་དོན་གྲུབ་བཀྲ་ཤིས།
ཆོག་མཆན་ཞུས་པའི་ཐོག་ནས་པར་འདྲེན་བཀོད་བྱས།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་གྱི་མི་ཚེའི་ལོ་རྒྱུས།

ཆུ་ཚོད་ ༡༨ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་ཁུལ་དུ་གཟིགས་སྐོར་གནང་བཞིན་འདུག

༢༠༢༣/༠༩/༢༢
སྤྱི་འཐུས་ཉི་ཤུ་ལྷག་གཞི་རིམ་མི་མང་གི་ལས་འགུལ་སྤེལ་སར་ཕེབས། བོད་ཀྱི་དུས་བབ་ཀྱི་པར།  ༢༠༢༣། ༠༩། ༢༢
Mobile App

དེ་རིང་ཉིན་གང་བོར་གྲོས་ཚོགས་འཚོགས་ཐུབ་མ་སོང་།  

༢༠༢༣/༠༩/༢༢
Mobile App

ཨ་རིའི་རི་འཛེགས་པ་གཉིས་བོད་ནང་འགྲོ་བསྐྱོད་བཀག་འགོག་བྱས་འདུག

༢༠༢༣/༠༩/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist