མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་དམིགས་བསལ་འབྲེལ་མཐུད་པ་མཆོག་མགྱོགས་མྱུར་བཞུགས་སྒར་དུ་འཚམས་གཟིགས་སུ་ཕེབས་འཆར་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༥/༠༢
Share on FacebookShare on TwitterShare on EmailShare on Whatsapp

འདས་ལོར་བསྐོ་གཞག་བྱུང་བའི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐབས་བདུན་པ་ལྕམ་ཨུ་ཛི་ར་ཛེ་ཡ་མཆོག་མགྱོགས་མྱུར་བཞུགས་སྒར་དུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་འདུག

པར་དབང་། བོད་མིའི་སྒྲིག་འཛུགས།

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༨ དང་ ༡༩ བཅས་ཉིན་གཉིས་རིང་ཨ་རིའི་གཞུང་གིས་བསྐོ་གཞག་བྱས་པའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུ་ཛི་ར་ཛེ་ཡ་(Uzra Zeya) མཆོག་བཞུགས་དྷ་རམ་ས་ལར་ཕེབས་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་མཇལ་འཕྲད་དང་། བོད་མིའི་སྒྲིག་འཛུགས་ཀྱི་གཙོས་བཞུགས་སྒར་ཁུལ་དུ་འཚམས་གཟིགས་སུ་ཕེབས་འཆར་ཡོད་འདུག

དེ་འབྲེལ་རྒྱ་གར་ཧིན་རྡུ་སི་ཐན་གསར་ཁང་གི་གནས་ཚུལ་ནང་།  ཐེངས་འདིའི་ལྕམ་ཨུ་ཛི་རཱ་ཛེ་ཡ་མཆོག་བཞུགས་སྒར་དྷ་སར་ཕེབས་འཆར་ཡོད་པ་དེ་ནི། སྲིད་འཛིན་བྷའེ་ཌན་གཞུང་དང་བོད་མིའི་སྒྲིག་འཛུགས་བར་གྱི་འབྲེལ་ལམ་གལ་ཆེན་ཞིག་ཆགས་ཡོད་པ་དང་། སྤྱིར་བཏང་གཞུང་འབྲེལ་གྱི་འཚམས་གཟིགས་དེའི་རིགས་ཐད་ཀར་རྒྱ་གར་ཕྱི་སྲིད་ལྷན་ཁང་དང་ལྷན་དུ་འབྲེལ་འདྲིས་ཀྱིས་གནང་སྲོལ་ཡོད་ཀྱང་། ཐེངས་འདིར་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་བཀའ་འཁྲོལ་གང་ཡང་མེད་པའི་ཐོག་ནས་འཚམས་གཟིགས་ཕེབས་གཏན་འཁེལ་ཡོད་སྐོར་སོགས་བརྗོད་འདུག

ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་ནང་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་བཞིན་པ་དང་བསྟུན། ཉེ་ལམ་སྲིད་སྐྱོང་མཆོག་གིས་ལྕམ་ནན་སི་པོལ་སི་མཆོག་དང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུ་ཛི་ར་ཛེ་ཡ་མཆོག་སོགས་དང་མཇལ་འཕྲད་ཀྱིས། ཨ་རིའི་གཞུང་ནས་བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་ཡོང་བ་དང་བོད་རྒྱ་གྲོས་མོལ་ཡོང་བའི་འབོད་སྐུལ་ཞུས་ཡོད་ཅིང་། ཐེངས་འདིའི་ལྕམ་ཨུ་ཛི་ར་ཛེ་ཡ་མཆོག་གི་འཚམས་གཟིགས་དེས་ཨ་རིས་བོད་དོན་ལ་རྒྱབ་སྐྱོར་ཆེན་པོ་གནང་གི་ཡོད་པར་མཚོན་གྱི་ཡོད་པ་ལྟར། འདས་ལོར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་ (Robert A. Destro) མཆོག་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་དངོས་སུ་བཞུགས་སྒར་དྷ་སར་འཚམས་གཟིགས་སུ་ཕེབས་ཐུབ་མེད་ཀྱང་། ཁོང་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་བྱུང་བ་དང་། དྲ་ལམ་བརྒྱུད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་འཕྲད་ཞུས་པ་མ་ཟད། སྐབས་དེའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་དངོས་སུ་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ནས་མཇལ་འཕྲད། དེ་བཞིན། དྲ་ལམ་བརྒྱུད་བཞུགས་སྒར་དྷ་སར་རྟེན་གཞི་བྱས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་ལྷན་དུ་གྲོས་མོལ་གནང་བ་སོགས་ཀྱི་ཐད་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་ཡོད་ལ། དམིགས་བསལ་ད་ལྟ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་ནང་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་བཞིན་པ་དང་བསྟུན། ཉེ་ལམ་ཨ་རིའི་རྒྱལ་སའི་ཁུལ་དུ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ཇན་ལི་པབ་སི་ཀེ་ (Jan Lipavsky) ལགས་ཀྱིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་མཇལ་འཕྲད་གནང་བར་བརྟེན། ཅེག་སྤྱི་མཐུན་རྒྱལ་ཁབ་ནང་གི་རྒྱ་ནག་གཞུང་ཚབ་ཁང་གིས། ཅེག་སྤྱི་མཐུན་གཞུང་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།

ཕྱི་ལོ་ ༢༠༡༦ ལོར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སི་ཝལ་(Sarah Sewall) མཆོག་དང་ཨ་རིའི་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་ཅིག་བཅས་བཞུགས་སྒར་དུ་འཚམས་གཟིགས་སུ་ཕེབས་པ་དང་བསྟུན། ༧གོང་ས་མཆོག་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་ཁག་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་ལ་ཐུག་འཕྲད་དང་བཙན་བྱོལ་བོད་མིའི་གནས་སྟངས་ལ་རྒྱུན་ལོན་གནང་ཡོད། འོན་ཀྱང་། སྐབས་དེར་རྒྱ་ནག་གཞུང་གིས་ཨ་རིའི་གཞུང་ནས་བོད་ཀྱི་གནད་དོན་ལ་ལག་པ་འཆང་མི་ཉན་པའི་འཇིགས་སྐུལ་བྱས་ཡོད་པ་རེད།

འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༠ ཉིན་བསྐོ་བཞག་བྱུང་བའི་ལྕམ་ཨུ་ཛི་ར་ཛེ་ཡ་(Uzra Zeya)མཆོག་ནི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐབས་བདུན་པ་ཡིན་པ་དང་། ཁོང་གི་སྐྱེ་ཁུངས་རྒྱ་གར་གྱི་མངའ་སྡེ་བྷི་ཧར་ནས་ཡིན་ཞིང་། འདས་ལོའི་ལོ་འགོར་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་དམངས་བདེ་འཇགས་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་ཚན་པའི་དྲུང་ལས་གསར་པར་བསྐོ་གཞག་བྱུང་བ་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་བྱུང་བ་ཞིག་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

ཆུ་ཚོད་ ༡༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

ཆུ་ཚོད་ ༡༦ སྔོན་ལ།
Advertisement for App

གསར་འགོད་པའི་ས་མིག

ཆུ་ཚོད་ ༡༩ སྔོན་ལ།
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣
ཨོ་གླིང་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ལེའུ་རིམ་གསལ་བསྒྲགས།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

༢༠༢༦/༡༠/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese