མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་འདས་པའི་ལོ་བཅུ་བསྟུད་མར་འཛམ་གླིང་གི་གསར་འགོད་རང་དབང་སྡུག་ཤོས་ཀྱི་གྲས་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༥/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་འདི་ལོའི་གསར་འགོད་རང་དབང་གི་སྙན་ཐོའི་ནང་བྱང་ཀོ་རི་དང་རྒྱ་ནག་སོགས་འདས་པའི་ལོ་བཅུ་བསྟུད་མར་འཛམ་གླིང་གི་གསར་འགོད་རང་དབང་སྡུག་ཤོས་ཀྱི་གྲས་ཡིན་སྐོར་བསྒྲགས་འདུག

Photo: RSF

ཁ་སང་འཛམ་གླིང་ཡུལ་གྲུ་གང་སར་རྒྱལ་སྤྱིའི་གསར་འགོད་རང་དབང་གི་ཉིན་མོ་སྲུང་གཙི་ཞུས་པ་དང་བསྟུན། དེ་རིང་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས། ཕྱི་ལོ་ ༢༠༢༢ ལོའི་འཛམ་གླིང་རྒྱལ་ཁབ་ཁག་གི་གསར་འགོད་རང་དབང་གི་གནས་སྟངས་སྐོར་གྱི་ཞིབ་འཇུག་སྙན་ཐོ་ཐེངས་ ༢༠ པ་འདོན་སྤེལ་གནང་བའི་ནང་། ཡུ་རོབ་ཀྱི་རྒྱལ་ཁབ་ནོ་ཝེ་དང་ཌན་མག སི་ཝེ་ཌན། ཨེ་སི་ཊོ་ནེ་ཡ་དང་ཧྥི་ལན་ཌི་བཅས་ནི་འཛམ་གླིང་གི་གསར་འགོད་རང་དབང་ཆེ་ཤོས་ཀྱི་རྩེ་ཕུད་རྒྱལ་ཁབ་ལྔ་ཡིན་པ་དང་། བྱང་ཀོ་རི་ཡ་དང་རྒྱ་ནག་གཙོ་བྱས་པའི་ཨི་རན་དང་ཤར་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཨི་རེ་ཊི་ཡ།  དེ་བཞིན་འབར་མ་སོགས་འཛམ་གླིང་རྒྱལ་ཁབ་བཅུ་འདས་པའི་ལོ་བཅུ་བསྟུད་མར་གསར་འགོད་རང་དབང་གི་གནས་བབ་སྡུག་ཤོས་ཀྱི་ལུང་པར་ངོས་འཛིན་བྱས་འདུག

ཕྱི་ལོ་ ༢༠༢༢ ལོའི་གསར་འགོད་རང་དབང་གི་བརྗོད་གཞི་ནི། སྤྱི་ཚོགས་བརྒྱུད་ལམ་གྱི་ཤུགས་རྐྱེན་འོག་ (Journalism Under Digital Siege) གི་གསར་འགོད་ལས་རིགས་ཞེས་པ་ཡིན་པ་ལྟར། འདི་ལོའི་གསར་འགོད་རང་དབང་གི་སྙན་ཐོ་དེ་ནི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས། འཛམ་གླིང་རྒྱལ་ཁབ་དང་ས་ཁུལ་ ༡༨༠ ནང་གི་གསར་འགོད་རང་དབང་གི་གནས་བབ་ལ་གཞིགས་ནས་འདོན་སྤེལ་གནང་བའི་སྙན་ཐོ་ཞིག་ཆགས་ཀྱི་ཡོད་པ་དང་། སྙན་ཐོའི་ནང་དམིགས་བསལ་དྲ་ཐོག་གི་གནས་ཚུལ་རྫུན་མ་དང་དྲིལ་བསྒྲགས་རིགས་ཀྱིས་གསར་འགོད་ལས་རིགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་མ་ཟད། གསར་འགོད་རང་དབང་ལ་བཙན་དབང་དྲག་གནོན་ཆེ་བའི་རྒྱལ་ཁབ་དང་ཚོགས་པ་དག་གིས། རང་རང་གི་མངོན་འདོད་དྲིལ་བསྒྲགས་དང་གནས་ཚུལ་རྫུན་བསྒྲགས་བྱེད་བཞིན་པ་སོགས་ལ་བརྟེན་ནས། མང་གཙོ་དང་གུ་ཡངས་སྤྱི་ཚོགས་ཀྱི་བར་འགལ་ཟླ་ཤུགས་ཆེན་བསླངས་ཏེ། མང་གཙོའི་རྒྱལ་ཁབ་དག་གི་ནུས་པ་ཉམས་དམེས་སུ་གཏོང་གི་ཡོད་པ་མ་ཟད། རྒྱལ་ཁག་དེ་དག་གིས་མང་གཙོའི་རྒྱལ་ཁབ་ཁག་ལ་གནས་ཚུལ་རྫུན་བསྒྲགས་ཀྱིས་འཐབ་འཁྲུག་ཅིག་རྒྱག་གི་ཡོད་སྐོར་སོགས་བརྗོད་འདུག

རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་སྙན་ཐོ་ལྟར་ན། ཨུ་རུ་སུས་ཡོ་ཁུ་རེན་ལ་བཙན་འཛུལ་གྱི་དམག་འཁྲུག་རྒྱག་གི་ཡོད་པའི་གནས་སྟངས་འོག འཛམ་གླིང་གི་རྒྱལ་ཁབ་ཨང་ ༡༠༦ ནས་ ༡༥༥ བར་མར་ཟག་སྟེ་ཨུ་རུ་སུ་འཛམ་གླིང་གི་གསར་འགོད་རང་དབང་ཧ་ཅང་སྡུག་པོ་ཡོད་པའི་གྲས་སུ་གྱུར་ཡོད་པ་དང་། དེ་བཞིན་རྒྱ་གར་དང་པ་ཀི་སི་ཐན། ཨི་ཟི་རལ་དང་པ་ལི་སི་ཐན། ཨ་རཱབ་བཅས་ཀྱི་གསར་འགོད་རང་དབང་གི་གནས་སྟངས་སྔར་ལོ་བསྡུར་ན་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། ཡང་ཡུ་རོབ་རྒྱལ་ཁབ་མཱོལ་ཌོ་བཱ་(Moldova)དང་བྷོལ་གྷ་རེ་ཡ་(Bulgaria) གཉིས་ཀྱི་གསར་འགོད་རང་དབང་གི་གནས་བབ་སྔར་ལོ་བསྡུར་ན་ཧ་ཅང་ཇེ་ལེགས་སུ་ཕྱིན་ཡོད་པར་ངོས་འཛིན་བྱས་འདུག

ཡང་སྙན་ཐོའི་ནང་ཨེ་ཤ་ཡའི་གསར་འགོད་རང་དབང་གི་གནས་བབ་ཐད། འབར་མའི་དྲག་དམག་སྲིད་གཞུང་གིས་མང་གཙོའི་གཞུང་མགོ་རྟིང་སློག་སྟེ། འབར་མའི་གསར་འགོད་རང་དབང་གི་གནས་བབ་འཛམ་གླིང་རྒྱལ་ཁབ་ཨང་༡༤༠ ནས་ ༡༧༦ བར་མར་ཟག་སྟེ། ད་ལྟ་འབར་མ་འཛམ་གླིང་གི་གསར་འགོད་རང་དབང་གི་གནས་སྟངས་སྡུག་ཤོས་ཨང་བཞི་བ་དང་། ཨ་ཧྥི་གྷན་ནེ་སི་ཐན་སླར་ཡང་ཐ་ལི་བྷན་འཇིགས་སྐུལ་དྲག་སྤྱོད་པས་དབང་བསྒྱུར་ཏེ། གསར་འགོད་པ་དང་གསར་ཁང་ཁག་ལ་འཇིགས་སྐུལ་དང་དྲག་གནོན་བྱེད་བཞིན་ཡོད་པའི་རྐྱེན་གྱིས། ཨ་ཧྥི་གྷན་ནེ་སི་ཐན་ནང་གི་གསར་འགོད་རང་དབང་གི་གནས་སྟངས་ཧ་ཅང་སྡུག་པོ་ཆགས་ཡོད་པ་དང་། དེ་བཞིན་རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ནས་རང་གི་མངའ་ཁུངས་ཀྱི་གསར་འགོད་རང་དབང་ལ་བཀག་སྡོམ་བྱེད་པ་ཙམ་མ་ཡིན་པར། རྒྱལ་མཚམས་ལས་བརྒལ་ཏེ་གསར་འགོད་རང་དབང་ལ་བཀག་སྡོམ་བྱེད་ཀྱི་ཡོད་པ་སོགས་འདས་ལོ་དང་བསྡུར་ན་ཨེ་ཤ་ཡའི་གསར་འགོད་རང་དབང་གི་གནས་སྟངས་ཧ་ཅང་ཇེ་སྡུག་ཏུ་ཕྱིན་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༡༡ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese