མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཤྲི་ལངྒར་དཔལ་འབྱོར་ཉམས་དམས་ཀྱིས་སྲིད་འགྱུར་དཀའ་རྙོག་ཡོང་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༥/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཤྲི་ལངྒའི་ནང་དཔལ་འབྱོར་ཉམས་དམས་ཚབས་ཆེན་བྱུང་བའི་རྐྱེན་གྱིས་མི་མང་གིས་གྱེན་ལོག་བྱས་ཏེ་སྲིད་འཛིན་གྱིས་རྩ་དགོངས་ཞུ་དགོས་བྱུང་ཡོད་པ་དང་ངོ་རྒོལ་བས་ཆབ་སྲིད་མི་སྣའི་མཁར་དངོས་ཁག་ཅིག་ཀྱང་མེར་སྲེག་བཏང་སྟེ་ཟིང་འཁྲུག་ཆེན་པོ་འབྱུང་བཞིན་ཡོད་འདུག

Former Sri Lankan PM Mahinda Rajapaksa, left, and his brother Gotabaya, the current President of Sri Lanka. Photo: AP

འདི་ལོའི་ཕྱི་ཟླ་ ༣ པ་ནང་བཟུང་རྒྱ་གར་གྱི་ལྷོ་ཕྱོགས་གླིང་ཕྲན་ཁྱིམ་མཚེས་རྒྱལ་ཁབ་ཤྲི་ལངྒའི་གྲོང་ཁྱེར་ཕལ་མོ་ཆེའི་ནང་། མི་མང་སྟོང་ཕྲག་བརྒལ་བས་གཞུང་གིས་དཔལ་འབྱོར་སྟངས་འཛིན་ལེགས་པོ་མ་བྱས་པའི་རྐྱེན་གྱིས་རྒྱལ་ཡོངས་ནང་དགོས་ངེས་ཀྱི་སྣུམ་དང་གློག་ཀྱང་ཐོབ་ཀྱི་མེད་པའི་དཀའ་ངལ་འཕྲད་བཞིན་པ་དེར་གཞི་རྒྱ་ཆེ་བའི་ངོ་རྒོལ་སྐད་འབོད་ལས་འགུལ་སྤེལ་མུས་ཡིན་པ་ལྟར། ཁ་སང་ཕྱི་ཚེས་ ༩ ཉིན་ཡུལ་དེའི་སྲིད་བློན་མ་ཧིན་དྷ་ར་ཇ་པག་ས་ (Mahinda Rajapaksa) ཡིས་རྩ་དགོངས་ཞུས་ཡོད་འདུག

ཤྲི་ལངྒའི་མི་མང་གི་མངོན་འདོད་ནི་ཡུལ་དེའི་དེང་རབས་ལོ་རྒྱུས་ཁྲོད་ཆེས་དབང་ཤུགས་ལྡན་པའི་རཱ་ཇཱ་པག་ས་ཁྱིམ་རྒྱུད་ནས་ཡིན་པའི་སྲིད་འཛིན་དང་སྲིད་བློན་གཉིས་ཀྱིས་ལས་གནས་ནས་རྩ་དགོངས་ཞུ་རྒྱུ་དེ་ཡིན་ནའང་། ཁ་སང་སྲིད་བློན་མ་ཧིན་དྷ་རཱས་རང་གི་གཅེན་པོ་སྲིད་འཛིན་གྷོ་ཏ་བྷ་ཡ་ར་ཇ་པག་ས་ (Gotabaya Rajapaksa) ལ་རྩ་དགོངས་ཞུ་ཡིག་སྤྲད་པའི་ནང་། ད་ལྟའི་ཆར་དཀའ་རྙོག་འདི་སེལ་བའི་ཐབས་ལམ་ལེགས་ཤོས་དེ་སྲིད་དོན་ཚོགས་པ་ཀུན་ལས་གྲུབ་པའི་བར་བརྒལ་གཞུང་ཞིག་འཛུགས་རྒྱུ་ཡིན་པའི་བསམ་ཚུལ་ཐོན་བཞིན་པར་བརྟེན། ངས་རྩ་ཁྲིམས་གཞིར་བཟུང་གོམ་པ་སྤོ་རྒྱུའི་ཆེད་དུ་རྩ་དགོངས་ཞུ་རྒྱུ་ཡིན། ཞེས་འཁོད་འདུག་ལ། གནས་ཚུལ་དེས་འདས་པའི་ཟླ་བ་གསུམ་རིང་གཞུང་ལམ་དུ་ཐོན་ཏེ་ངོ་རྒོལ་བྱེད་མཁན་གྱི་མང་ཚོགས་རྣམས་ལ་རེ་བ་ཞིག་བྱིན་ཡོད་ནའང་། དེ་ནི་རྒྱལ་ཁ་ཕྱེད་ཀ་མ་གཏོགས་ལོན་མེད་པ་རེད།

འདས་པའི་ཟླ་གཉིས་ཙམ་རིང་གི་མང་ཚོགས་ཀྱི་ལས་འགུལ་ཕལ་ཆེ་བ་ཞི་བ་ཡིན་ནའང་། ཁ་སང་སྲིད་བློན་གྱིས་རྩ་དགོངས་ཞུས་པ་དང་བསྟུན། ཡུལ་དེའི་རྒྱལ་ས་ཁོ་ལོམ་བྷོ་ (Colombo) ནང་གཞུང་གི་རྒྱབ་སྐྱོར་བ་རྣམས་ཀྱིས་ལས་འགུལ་བར་འཐབ་རྒོལ་བྱས་པའི་རྐྱེན་གྱིས་ཉེན་རྟོག་པས་མིག་ཆུ་དུག་རླངས་སོགས་འཕངས་འདུག་ལ། རྒྱལ་ཡོངས་ཀྱི་ས་ཁུལ་འདྲ་མིན་ནང་ལས་འགུལ་བ་རྣམས་ཀྱིས་ཀྱང་ཕར་ཡ་ལན་གྱི་ཚུལ་དུ་གཞུང་འཛིན་ཚོགས་པའི་ཆབ་སྲིད་མི་སྣ་རྣམས་ཀྱི་མཁར་དངོས་ཁག་ཅིག་མེ་ལ་བསྲེགས་འདུག་མ་ཟད། སྲིད་བློན་མ་ཧིན་དྷ་ཡི་མེས་པོའི་ཁང་པར་མེ་བསྒྲོན་ཏེ་རྩ་མེད་བཏང་འདུག དེ་བཞིན་སྲིད་བློན་མ་ཧིན་དྷ་ཡི་ཕྱོགས་གཏོགས་ཆབ་སྲིད་པ་ཞིག་གིས་རང་གི་རླངས་འཁོར་འགོག་མཁན་གྱི་ངོ་རྒོལ་ལས་འགུལ་བར་མེ་མདའ་འཕངས་ཏེ། ལོ་ ༢༧ ཅན་གྱི་མི་ཞིག་རྐྱེན་འདས་སུ་བཏང་ཡོད་པ་མ་ཟད། དེའི་རྗེས་ཁོ་རང་གིས་རང་སྲོག་བཅད་ཡོད་པའི་གནས་ཚུལ་ཐོན་འདུག

ད་ལྟའི་ཆར་སྲིད་བློན་མ་ཧིན་དྷ་ཡིས་རྩ་དགོངས་ཞུས་པ་ལ་བརྟེན་ནས་འཛིན་སྐྱོང་ཡོངས་སུ་ནུས་མེད་ཆགས་ཡོད་ཅིང་། སྲིད་འཛིན་གྷོ་ཏ་བྷ་ཡ་ཡིས་མི་མང་གི་རེ་འདུན་ལ་ལྟོས་མེད་ཀྱིས་རང་ཉིད་ཀྱི་སྲིད་འཛིན་ཀྱི་ལས་གནས་ནས་འཁྱུར་རྒྱུ་མིན་སྐོར་ཐེངས་མང་བཤད་མྱོང་ཡོད་པ་དང་། འདས་པའི་བདུན་ཕྲག་གཅིག་ནང་ཁོ་པས་རྒྱལ་ཡོངས་སུ་ཛ་དྲག་གསལ་བསྒྲགས་ཐེངས་གཉིས་བྱས་ཡོད་ལ། ངོ་རྒོལ་ལས་འགུལ་ལ་ཚོད་འཛིན་བྱ་ཆེད་མི་མང་འདུ་འཛོམས་མི་ཆོག་པའི་བཀའ་རྒྱ་ཡང་བཏང་ཡོད་འདུག དེ་བཞིན་ཁོ་པས་ཤྲི་ལངྒའི་སྲིད་དོན་ཚོགས་པ་ཚང་མའི་འཐུས་མི་རྣམས་བསྐོང་ཚོགས་ཀྱིས་ཕྱོགས་བསྡུས་ཀྱི་གཞུང་ཞིག་འཛུགས་རྒྱུའི་གྲོས་འཆར་འདོན་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱིན་འདུག

Demonstrators and government supporters clash outside in Colombo on Monday. Photograph: Ishara S Kodikara/AFP/Getty

ཤྲི་ལངྒའི་ར་ཇ་པག་ས་ཁྱིམ་བརྒྱུད་དེ་ཉིད་ཡུལ་དེའི་ལོ་རྒྱུས་ཁྲོད་ཧ་ཅང་གལ་འགངས་ཆེ་ལ་དབང་ཤུགས་ལྡན་པའི་ཁྱིམ་བརྒྱུད་ཅིག་ཡིན་ལ། ལྷག་པར་དུ་རྒྱལ་སྤྱིའི་ཐོག་གཅེན་གཅུང་གཉིས་ལ་དམག་དོན་དྲག་སྤྱོད་སྤེལ་བའི་ཉེས་འཛུགས་བྱེད་མཁན་ཡོད་མེད་ལ་མ་ལྟོས་པར། ད་བར་ཤྲི་ལངྒའི་ནང་པའི་མི་འབོར་ཕལ་མོ་ཆེས་ཁོ་པ་གཉིས་ནི་ཡུལ་དེའི་ལོ་ངོ་ ༣༠ ལྷག་གི་ནང་འཁྲུག་ཞི་འཇགས་བཟོ་མཁན་གྱི་དཔའ་བོ་ཞིག་ལ་ངོས་འཛིན་བྱས་ཡོད་ནའང་། འདས་པའི་ཟླ་བ་འགའ་ཤས་ནང་ཤྲི་ལངྒར་ཕྱིའི་རྒྱལ་ཁབ་ནས་དགོས་ངེས་ཀྱི་སྣུམ་དང་འོ་མ་ཙམ་ཡང་ནང་འདྲེན་བྱ་རྒྱུའི་དངུལ་མེད་པའི་རྐྱེན་གྱིས་རྒྱལ་ཡོངས་ནང་བཟའ་ཅ་འདང་ངེས་མེད་པ་མ་ཟད། རླངས་འཁོར་སོགས་ནང་ལྡུག་རྒྱུའི་སྣུམ་དང་། སྨན་ཁང་ནང་དགོས་ངེས་ཀྱི་སྨན་རྫས་མེད་པ་དང་། ཁང་ཁྱིམ་ནང་ཆུ་ཚོད་འགའ་ཤས་རིང་གློག་མེད་པར་སྡོད་དགོས་པ་སོགས་ཀྱི་དཔལ་འབྱོར་ཉམས་རྒུད་ཀྱི་གནས་སྟངས་ཛ་དྲག་ནང་ལྷུང་ཡོད་ཅིང་། གཞུང་ངོས་ནས་ཀྱང་འདི་ལོར་ཕྱིའི་རྒྱལ་ཁབ་ལ་སྤྲོད་དགོས་པའི་བུ་ལོན་ཨ་སྒོར་ཐེར་འབུམ་ ༧ དེ་ཡང་གནས་སྐབས་ཕར་འགྱངས་བྱས་ཡོད་འདུག

Protesters torch PM Mahinda Rajapaksa’s ancestral home in Madamulluna.

ཐོག་མའི་ཆར་སྲིད་འཛིན་གྷོ་ཏ་བྷ་ཡ་ཡིས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་རྒུད་དེ་ཏོག་དབྱིབས་གཉན་རིམས་དང་ཡུག་ཀེ་རེན་གྱི་དམག་འཁྲུག་ལ་ཁག་དཀྲིས་ཡོད་ནའང་། དོན་དངོས་ཐོག་ཤྲི་ལངྒའི་དཔལ་འབྱོར་དེ་ཡུ་ཀེ་རེན་གྱི་དམག་འཁྲུག་གི་གོང་ནས་ཉམས་མགོ་བརྩམས་ཡོད་པ་རེད་འདུག དེ་ཡང་ཕྱི་ལོ་ ༢༠༡༩ ལོར་གཞུང་གིས་ཁྲལ་ལ་ཆག་ཡང་བཏང་བའི་རྐྱེན་གྱིས་མ་དངུལ་ལ་ཁྱད་བག་ཆེན་པོ་ཤོར་ཡོད་པའི་ཐོག དེའི་རྗེས་ཀྱི་ལོ་གཉིས་ནང་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་དོན་རྣམས་ལམ་ལྷོངས་མ་སོང་བར་ཁྲལ་བསྡུ་ལ་བར་ཆད་བཟོས་ཡོད་པ་རེད། རྒྱུ་མཚན་གལ་ཆེན་ཞིག་ནི་ཤྲི་ལངྒ་གཞུང་ལ་ཕྱིའི་རྒྱལ་ཁབ་ཀྱི་བུ་ལོན་ཆེན་པོ་ཡོད་པས་ཡིན། དེའི་ཁྲོད་ནས་ཆེ་ཤོས་ནི་རྒྱ་ནག་ཡིན་ཞིང་། རྒྱ་ནག་གིས་རྒྱུད་གཅིག་ལམ་གཅིག་གི་མིང་ཐོག་ནས་ཤྲི་ལངྒའི་ནང་གྲུ་ཁ་ཞིག་བཟོས་པ་དེ་གྱོང་ལ་སོང་བའི་རྐྱེན་གྱིས་ལོ་ངོ་ ༩༩ རིང་རྒྱ་ནག་གི་སྤྱི་གཉེར་ཁང་ཞིག་ལ་གཡར་དགོས་བྱུང་ཡོད་ཅིང་། དཔལ་འབྱོར་དབྱེ་ཞིབ་པ་རེ་འགས་རྒྱ་ནག་གི་ཚོང་གི་བུ་ལོན་བརྒྱུད་ནས་རྒྱལ་ཁབ་གཞན་ལ་གནོན་ཤུགས་སྤྲོད་ཐབས་ཀྱི་ངན་བྱུས་དེ་ནི་ཤྲི་ལངྒའི་དཔལ་འབྱོར་ཉམས་རྒུད་ཀྱི་རྐྱེན་རྩ་གཅིག་པུ་དེ་ཡིན་སྐོར་བརྗོད་འདུག ཨ་རིའི་ཝ་ཤིང་ཊོན་གསར་ཁང་གི་གྲངས་ཐོ་ལྟར་ན། ཤྲི་ལངྒས་ཕྱི་ལོ་ ༢༠༢༦ བར་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་གཞན་ལ་ཁྱོན་ཨ་སྒོར་ཐེར་འབུམ་ ༢༥ སྤྲོད་ཟིན་པ་དགོས་པ་དང་། ད་ལྟའི་ཆར་ཁྱོན་བསྡོམས་བུ་ལོན་ཨ་སྒོར་ཐེར་འབུམ་ ༥༡ ཡོད་པ་རེད་འདུག

འཛམ་གླིང་གི་དངུལ་ཁང་ཆེན་མོའི་གྲངས་ཐོ་ལྟར་ན། ཤྲི་ལངྒའི་དཔལ་འབྱོར་དཀའ་རྙོག་དེ་བྱུང་བ་ནས་བཟུང་ཡུལ་དེའི་མི་འབོར་འབུམ་ ༥ ལྷག་དབུལ་ཕོངས་ཀྱི་མཚམས་ཐིག་ནང་ལྷུང་འདུག ད་ལྟའི་ཆར་ཤྲི་ལངྒ་གཞུང་ངོས་ནས་རྒྱལ་སྤྱིའི་དངུལ་སྒོར་ཐེབས་རྩ་ (International Monetary Fund) ལ་ཛ་དྲག་གི་བུ་ལོན་དང་དཔལ་འབྱོར་གྱི་རོགས་འདེགས་གནང་རྒྱུའི་ཐད་གྲོས་མོལ་བྱེད་མུས་ཡིན་ནའང་། དེ་ལ་ཉུང་མཐར་ཟླ་བ་ ༦ ལྷག་འགོར་སྲིད་པ་ཡིན་པས། ཤྲི་ལངྒའི་མང་ཚོགས་རྣམས་ཀྱིས་མུ་མཐུད་རྒྱལ་ཡོངས་ནང་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་ངེས་ཡིན་པ་དང་། ཡང་ཕྱོགས་གཞན་ནས་སྲིད་དོན་ཚོགས་པ་འདྲ་མིན་ལས་གྲུབ་པའི་བར་བརྒལ་སྲིད་གཞུང་གིས་དཀའ་སེལ་གྱི་ལམ་བུ་ཞིག་བཏོད་ནས་དཀའ་རྙོག་རིམ་གྱིས་ཞི་འཇགས་འགྲོ་སྲིད་པ་ཞིག་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་། says:
    ཟླ་བ། 9 སྔོན།

    མང་གཙོའི་རང་དབང་ཆེ་དྲག་ན་དཀའ་ངལ་འདི་རེད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist