མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནས་ཆེན་ལུམ་བིའི་ཚལ་དུ་རྒྱ་གར་དང་བལ་ཡུལ་གྱི་རྒྱལ་འབྲེལ་དྲན་རྟེན་ཞིག་བཞེངས་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༥/༡༠
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་ནང་མང་གཙོ་གཙིགས་འཛིན་གྱི་གཞུང་གསར་ཞིག་བསླེབས་པ་དང་བསྟུན། ཨ་རི་དང་རྒྱ་གར་སོགས་ཀྱིས་བལ་ཡུལ་ལ་ཕྱི་འབྲེལ་བློ་ཐག་ཇེ་ཉེ་རུ་གཏོང་གི་ཡོད་པ་ལྟར། མི་འགྱངས་བར་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་བལ་ཡུལ་ནང་འཚམས་གཟིགས་སུ་ཕེབས་འཆར་འདུག

Nepalese PM Deuba to meet Modi today; to jointly inaugurate railway service between India-Nepal – Oneindia

འདས་ལོར་བལ་ཡུལ་གྱི་རྒྱལ་ཡོངས་མང་གཙོ་ཚོགས་པར་གཞུང་སྲིད་འཛིན་རྒྱུའི་རྒྱལ་ཁ་ཐོབ་ཡོད་པ་དང་། ད་ལྟའི་སྲིད་བློན་སྐུ་ཞབས་ཤར་བྷ་ཧ་ཌོར་ལགས་ཀྱིས་སྣེ་འཁྲིད་པའི་བལ་ཡུལ་གཞུང་ནི་ཨ་རི་དང་རྒྱ་གར་ལ་མཚོན་ན་ཆབ་སྲིད་ཀྱི་འབྲེལ་ལམ་གོང་འཕེལ་འགྲོ་ངེས་ཡིན་པའི་གཞུང་ཞིག་ཆགས་ཀྱི་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་བལ་ཡུལ་དུ་རྒྱལ་འབྲེལ་འཚམས་གཟིགས་སུ་ཕེབས་འཆར་ཡོད་ཅིང་། གོང་ཚེས་ཉིན་སྲིད་བློན་མུ་དྷི་མཆོག་དང་བལ་ཡུལ་གྱི་སྲིད་བློན་ཤར་བྷ་ཧ་ཌོར་ལགས་གཉིས། རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་སུ་འཁེལ་ཞིང་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁྲུངས་ཡུལ་གནས་ཆེན་ལུམ་བིའི་ཚལ་དུ་ཐུག་འཕྲད་ཀྱིས། རྒྱལ་ཁབ་གཉིས་ཀྱི་རྒྱལ་འབྲེལ་མཛའ་བརྩེ་མཚོན་ཞིང་ནང་པ་དང་ཧིན་རྡུ་ཆོས་ལུགས་ཀྱི་མཚོན་རྟགས་ལྡན་པའི་དྲན་རྟེན་རྡོ་རིང་ཞིག་བཞེངས་གཏན་ཁེལ་ཡོད་འདུག

དེ་འབྲེལ་རྒྱ་གར་ཧིན་རྡུ་སི་ཐན་གསར་ཁང་གི་གནས་ཚུལ་ནང་། ཐེངས་འདིའི་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་ཀྱི་ཐུག་འཕྲད་དེ་ནི། ཕྱི་ལོ་ ༢༠༡༩ ལོར་མུ་དྷི་ལ་སྐབས་གཉིས་པའི་རྒྱ་གར་སྲིད་བློན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་རྗེས་བལ་ཡུལ་དུ་རྒྱལ་འབྲེལ་འཚམས་གཟིགས་སུ་ཕེབས་པ་ཐོག་མ་ཆགས་ཀྱི་ཡོད་པ་དང་། ད་སྔ་བར་བལ་ཡུལ་གྱི་མའོ་རིང་ལུགས་རྩོད་མཁན་དང་དམར་ཤོག་ཚོགས་པ། གཡོན་ལྷུང་བརྒྱུད་ལམ་ཁག་གིས་རྒྱ་གར་ལ་ལྟ་སྟངས་ངན་པ་བཟུང་ནས་རྒྱ་ནག་དང་ལག་འབྲེལ་བྱས་ཡོད་པ་མ་ཟད། དེ་སྔ་སྲིད་བློན་ཟུར་པ་ཨོ་ལིའི་གཞུང་གིས་རྒྱ་གར་གྱི་མངའ་སྡེ་ཨོ་ཊར་ཁན་གྱི་ས་མཚམས་ས་ཁུལ་(Kalapani) དང་(Limpiyadhura)། དེ་བཞིན་(Lipulekh) བཅས་ས་ཁུལ་གསུམ་བལ་ཡུལ་གྱི་ས་ཁོངས་ཡིན་པའི་རྩོད་རྙོག་བསླངས་ཡོད་སྟབས། མུ་དྷི་གཞུང་ལ་མཚོན་ན། ཐེངས་འདིར་དམིགས་བསལ་ལུམ་བིའི་ཚལ་དུ་རྒྱལ་ཁབ་གཉིས་ཀྱི་དབུ་འཁྲིད་ཐུག་འཕྲད་བྱས་པ་བརྒྱུད་ཕྱོགས་གཉིས་བར་བཟང་ཕྱོགས་ཀྱི་རེ་བ་ཤུགས་ཆེན་འཛིན་བཞིན་ཡོད་སྐོར་སོགས་བརྗོད་འདུག

སྲིད་བློན་མུ་དྷི་མཆོག་བལ་ཡུལ་དུ་རྒྱལ་འབྲེལ་འཚམས་གཟིགས་སུ་མ་ཕེབས་པའི་སྔོན་ཏེ། ཟླ་འདིའི་ཕྱི་ཚེས་ ༥ ཉིན་ད་ལྟའི་རྒྱ་གར་གྱི་བལ་ཡུལ་གཞུང་ཚབ་པ་སྐུ་ཞབས་ཝི་ནེ་མོ་ཧན་ (Shri Vinay Mohan Kwatra) ལགས་ཀྱི་ཚབ་ཏུ། འདས་པའི་ལོ་མང་རིང་རྒྱ་གར་ཕྱི་སྲིད་ལྷན་ཁང་དུ་ཕྱི་འབྲེལ་དང་དམིགས་བསལ་རྒྱ་དཀར་ནག་བར་གྱི་ས་མཚམས་རྩོད་རྙོག་ཐོག་ཕྱག་ལས་གནང་མཁན་གཙོ་གྲས་སྐུ་ཞབས་ནེ་ཝིན་སི་རེ་ཝ་སི་ཊ་ཝ་ (Naveen Srivastava) ལགས་རྒྱ་གར་གྱི་བལ་ཡུལ་གཞུང་ཚབ་པ་གསར་པར་བསྐོ་གཞག་གིས། རྒྱ་གར་དང་བལ་ཡུལ་བར་རྒྱལ་འབྲེལ་གྱི་ལེའུ་གསར་པ་ཞིག་མགོ་རྩོམ་གྱི་ཡོད་པའི་བརྡ་ལན་བསྟན་ཡོད་ཅིང་། དམིགས་བསལ་སྐུ་ཞབས་ནེ་ཝིན་སི་རེ་ཝ་སི་ཊ་ཝ་ལགས་ཀྱིས་དེ་སྔ་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་རུ་རྒྱ་གར་གྱི་དོན་གཅོད་མི་སྣའི་ཕྱག་ལས་གནང་མྱོང་བར་བརྟེན། ཁོང་བལ་ཡུལ་དུ་རྒྱ་གར་གྱི་གཞུང་ཚབ་པར་བསྐོས་པ་དེས། བལ་ཡུལ་ནང་རྒྱ་དཀར་ནག་གི་ཆབ་སྲིད་ཀྱི་ཤུགས་རྐྱེན་འགྲན་བཞིན་པར་ཁ་གཏད་གཅོག་ཐབས་ཤིག་ཀྱང་ཡིན་སྐོར་ཧིན་རྡུ་སི་ཐན་དུས་བབ་ཀྱིས་བརྗོད་འདུག

ད་ལན་སྲིད་བློན་མུ་དྷི་མཆོག་གི་རྒྱལ་འབྲེལ་འཚམས་གཟིགས་དེ་ནི། སེངྒ་ལ་གཙོས་བལ་ཡུལ་དང་པ་ཀི་སི་ཐན་སོགས་ཀྱི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བཞིན་པའི་སྐབས་ཤིག་ཡིན་ཞིང་། དམིགས་བསལ་བལ་ཡུལ་ཡང་རྒྱ་ནག་གི་རྒྱུ་གཅིག་ལམ་གཅིག་གི་འཛུགས་སྐྲུན་གྱི་ཁོངས་ཚུད་རྒྱལ་ཁབ་ཅིག་ཡིན་སྟབས། རྒྱ་གར་གཞུང་ནས་བལ་ཡུལ་གྱི་དཔལ་འབྱོར་གནས་བབ་ཐད་སེམས་འཚབ་སྐྱེ་ཡི་ཡོད་པའི་བརྡ་ལན་ཞིག་ཆགས་ཀྱི་ཡོད་ཀྱང་། བལ་ཡུལ་ནང་གཞུང་འཛིན་གསར་པ་བསླེབས་པ་ནས་བཟུང་། སྲིད་བློན་ཤར་བྷ་ཧ་ཌོར་ལགས་ཀྱིས་སྣེ་འཁྲིད་པའི་བལ་གཞུང་གིས། རྒྱ་ནག་གི་རོགས་དངུལ་ལེན་རྒྱུ་ཡིན་པ་ལས་འཛུགས་སྐྲུན་དང་འབྲེལ་བའི་བུ་ལོན་གང་ཡང་ལེན་རྒྱུ་མིན་པ་རྒྱ་ནག་གཞུང་ལ་བརྡ་ལན་གསལ་བོ་སྤྲད་ཡོད་པ་རེད།

Prime Minister Sher Bahadur Deuba receives the US delegation at Baluwatar. RSS

བལ་གཞུང་གསར་བའི་ངོས་ནས་དེ་སྔའི་གཞུང་དང་མི་འདྲ་བར། ཟླ་སྔོན་མའི་ཕྱི་ཚེས་ ༢༢ ཉིན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་མི་སྣས་འདུས་པའི་སྐུ་ཚབ་ཚོགས་ཆུང་ཞིག་བལ་ཡུལ་དུ་གཞུང་འབྲེལ་འཚམས་གཟིགས་སུ་བསུས་ཡོད་པ་མ་ཟད། ཟླ་དེའི་ཕྱི་ཚེས་ ༢༤ ཉིན་བལ་ཡུལ་གཞུང་གིས་ཨ་རིའི་རོགས་ཚོགས་བརྒྱུད་ཨ་སྒོར་ས་ཡ་ ༦༥༩ ཡི་རོགས་དངུལ་ལེན་རྒྱུ་གཏན་འཁེལ་བྱས་ཡོད་པ་རེད་ལ། སྐབས་དེར་ཨ་རིའི་སྐུ་ཆབ་ཚོགས་ཆུང་གིས་བལ་ཡུལ་དུ་གནས་སྡོད་སྐྱབས་བཅོལ་བོད་མི་རྣམས་ལ་ཡིག་ཆའི་དཀའ་ངལ་ཡོད་པ་སེལ་དགོས་སྐོར་བལ་ཡུལ་གཞུང་ལ་ཞུ་སྐུལ་ཡང་བྱས་ཡོད་འདུག

ཡང་འདས་ལོའི་ཕྱི་ཟླ་ ༧ ཚེས་ ༡༣ ཉིན་བལ་ཡུལ་གྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐབས་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དང་ད་ལྟའི་སྲིད་བློན་ཤར་བྷ་ཧ་ཌོར་ལགས་སུ་གཞུང་འཛིན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་པ་དང་གཞུང་འཛིན་གསར་བའི་ངོས་ནས། ཕྱི་འབྲེལ་སྲིད་ཇུས་ལ་གུ་ཡངས་འགྱུར་བཅོས་བཏང་སྟེ། དམིགས་བསལ་ཨ་རི་དང་རྒྱ་གར་སོགས་མང་གཙོ་རྒྱལ་ཁབ་ཁག་དང་འབྲེལ་འདྲིས་ཀྱིས། ཨུ་རུ་སུས་ཡོ་ཁུ་རེན་ལ་བཙན་འཛུལ་བྱེད་བཞིན་པར་ངོ་རྒོལ་བྱས་པ་དང་། ཟླ་སྔོན་མའི་ཕྱི་ཚེས་ ༢ ཉིན་སྲིད་བློན་ཤར་བྷ་ཧ་ཌོར་ལགས་ཀྱིས་སྣེ་འཁྲིད་པའི་བལ་ཡུལ་གྱི་གནད་ཡོད་མི་སྣ་ཁག་ཅིག་ཉིན་གསུམ་རིང་རྒྱ་གར་ནང་འཚམས་གཟིགས་སུ་ཕེབས་པ་དང་བསྟུན། རྒྱ་གར་གྱི་དཔལ་འབྱོར་རོགས་དངུལ་འོག་བལ་སྒོར་ཐེར་འབུམ་ ༨།༧༧ གྱི་འགྲོ་གྲོན་བཏང་སྟེ། བལ་ཡུལ་དང་རྒྱ་གར་བར་མེ་འཁོར་ལྕགས་ལམ་ཞིག་གསར་འབྱེད་བྱས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༢ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༣ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༦ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese