མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསྟན་འཛིན་གྱིས་སྐྱོན་བརྗོད་ཀྱི་མཆན་འགོད་མཁན་ཁག་ཅིག་ཁྲིམས་ལ་སྦྱར།

བོད་ཀྱི་དུས་བབ།
༢༠༢༢/༠༥/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཡོངས་གྲགས་སུ་ལི་ཐང་བསྟན་འཛིན་ཞེས་འབོད་པའི་བོད་རིགས་ཕོ་གཞོན་ཁོས་རང་ཉིད་ལ་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་སྐྱོན་བརྗོད་བྱེད་མཁན་རྣམས་ཁྲིམས་ལ་གཏུགས་རྒྱུའི་ཉེན་བརྡ་བཏང་བ་མ་ཟད། མི་ཁག་ཅིག་ཁྲིམས་ལ་གཏུགས་ཟིན་ཡོད་འདུག

ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་ནང་སྐད་གྲགས་ཆེ་ཐག་ཆོད་ཅིང་རྒྱ་རིགས་བུ་མོ་ཁྲི་ཕྲག་གི་སེམས་ཀྱི་རྒྱལ་སྲས་ལྟ་བུར་གྱུར་བའི་བོད་རིགས་གཞོན་སྐྱེས་བསྟན་འཛིན་དོན་འགྲུབ་ལ། ད་ལྟའི་ཆར་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་རྣམ་པ་ཙམ་ལས་རིག་རྩལ་གྱི་ཁྱད་ཆོས་གཞན་གང་ཡང་མེད་པ་སོགས་ཀྱི་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོང་གི་ཡོད་སྟབས། ཉེ་ལམ་ཁོས་རང་ཉིད་ལ་དྲ་ལམ་ནས་སྐྱོན་བརྗོད་ཀྱི་མཆན་འགོད་མཁན་ཁག་ཅིག་ཁྲིམས་གཏུགས་བྱས་ཡོད་པ་མ་ཟད། དྲ་ལམ་ནས་སྐྱོན་བརྗོད་བྱེད་མཁན་སུ་ཞིག་ཡིན་ཡང་ཚང་མ་ཁྲིམས་ལ་སྦྱོར་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག

དེ་འབྲེལ་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གསར་ཁང་གི་གནས་ཚུལ་ནང་། སྐབས་ཤིག་ལ་རྒྱ་ནག་གི་ཕོ་གསར་རྫིག་ཤོས་སུ་ངོས་འཛིན་བྱས་པའི་བསྟན་འཛིན་དོན་འགྲུབ་ལ་མི་ཚང་མས་རྣམ་པ་ཙམ་ལས་གཞན་ཁྱད་ཆོས་གང་ཡང་མེད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད། ཅེས་བརྗོད་འདུག་པ་དང་། ཟླ་འདིའི་ཕྱི་ཚེས་ ༨ ཉིན་བསྟན་འཛིན་དོན་འགྲུབ་ཀྱིས་ཁྲིམས་རྩོད་པ་དང་རང་གི་ལས་ཁུངས་ཀྱི་ཡི་གེ་ཞིག་སྤྱི་བསྒྲགས་བྱས་ཏེ། མི་སུ་ཞིག་གིས་བརྙས་བཅོས་དང་འཇིགས་སྐུལ། འཆལ་གཏམ་དང་དམའ་འབེབ་སོགས་ཀྱི་ཚིག་དང་པར། དེ་བཞིན་སྐད་བཅས་བཀོལ་སྤྱད་ཀྱིས་སྐྱོན་བརྗོད་བྱས་ཚེ། ཐད་ཀར་ཁྲིམས་ལ་གཏུགས་རྒྱུ་ཡིན། ཞེས་ཉེན་བརྡ་བཏང་ཡོད་པ་མ་ཟད། དྲ་ལམ་ནས་སྐྱོན་བརྗོད་ཀྱི་མཆན་འདེབས་མཁན་ཁག་ཅིག་ཁྲིམས་གཏུགས་བྱས་ཟིན་ཡོད་འདུག

ཕྱི་ལོ་ ༢༠༢༠ ལོར་བསྟན་འཛིན་དོན་འགྲུབ་ཀྱིས་འཛུམ་མདངས་སྟོན་བཞིན་པའི་སྐར་ཆ་བདུན་ཅན་གྱི་བརྙན་ཞིག་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཁྱབ་བརྡལ་དུ་ཕྱིན་པ་དང་། བསྟན་འཛིན་དོན་འགྲུབ་རྒྱ་ནག་རྒྱལ་ཡོངས་ཀྱི་དྲ་ཐོག་གི་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣར་གྱུར་ཡོད་པ་དང་། སྐབས་དེར་ས་གནས་སྲིད་གཞུང་གིས་བསྟན་འཛིན་དོན་འགྲུབ་ཕ་ཡུལ་ལི་ཐང་གི་ཡུལ་སྐོར་ཕོ་ཉའི་ཚབ་མཚོན་མི་སྣར་བསྐོས་ཡོད་པ་རེད།

ཡང་ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གི་རྩེད་རིགས་ཀྱི་གླེང་སྟེགས་ (Hupu) སྟེང་། མི་གྲངས་ ༣༣༠༠ ལྷག་ལ་བཅར་འདྲི་ཞུས་ཏེ་ཐོན་པའི་ཞིབ་འཇུག་གྲུབ་འབྲས་ལྟར་ན། མི་གྲངས་བརྒྱ་ཆ་ ༦༣ གྱིས་རང་ཉིད་བསྟན་འཛིན་དོན་འགྲུབ་ལས་ལྷག་གིས་ཕོ་ཉམས་དོད་པ་དང་རྫིག་པོ་ཡོད་པའི་ལན་འདེབས་བྱས་ཡོད་པ་རེད་ལ། ཁོ་ལ་སྐྱོན་བརྗོད་ཀྱི་མཆན་འདེབས་མཁན་ཁྲོད་སྐད་གྲགས་ཆོད་པའི་མཆན་ཞིག་ནི། ལོ་ངོ་བཅུའི་སློབ་སྦྱོང་གི་གྲུབ་འབྲས་ནི་དོན་འགྲུབ་ཀྱི་འཛུམ་མདངས་ཀྱི་ཟུར་ཙམ་ལའང་དོད་ཀྱི་མེད། ཅེས་དཀའ་སྤྱད་འབད་བརྩོན་བྱས་པའི་གྲུབ་འབྲས་ལས་རྣམ་པ་མཛེས་པོ་ཡོད་པར་རིན་ཐང་སྤྲོད་ཀྱི་འདུག་པའི་ཟུར་ཟ་བྱས་ཡོད་པ་རེད།

ད་ལྟ་རང་ལོ་ ༢༡ ལས་སོན་མེད་པའི་ཡོངས་གྲགས་སུ་ལི་ཐང་བསྟན་འཛིན་ཞེས་འབོད་པ་ཁོ་རྒྱ་ནག་རྒྱལ་ཡོངས་སུ་སྐད་གྲགས་ཆོད་རྗེས། ཕ་ཡུལ་ལི་ཐང་རྫོང་གཙོ་བྱས་པའི་དཀར་མཛེས་ཁུལ་སོགས་ཀྱི་ཡུལ་སྐོར་ལས་རིགས་ལ་ཕན་འབྲས་བྱུང་ཡོད་ཀྱང་། ཁོས་སྣེ་འཁྲིད་པའི་བོད་རིགས་གཞོན་སྐྱེས་ཁག་ཅིག་གིས་རྟ་ཞོན་ནས་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་བསུས་པ་དང་། དམིགས་བསལ་དུས་རྒྱུན་དུ་ཁོས་རང་ཉིད་རྒྱའི་མི་རིགས་ཡིན་ཚུལ་རྗོད་ཀྱིན་པ་དེས། རྒྱ་ནག་གཞུང་གིས་བསྟན་འཛིན་ལྟ་བུའི་བོད་རིགས་གཞོན་སྐྱེས་མང་པོ་ཞིག་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་གཏོང་གི་ཡོད་པ་མངོན་གསལ་ཆགས་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༦ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༧ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༢༠ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 2

  1. LhakpAdolma says:
    ལོ་ 4 སྔོན།

    I wish for your time ?

    Reply
  2. ཤེས་རབ། says:
    ལོ་ 4 སྔོན།

    བོད་ཕྱི་ནང་ཧཉིས་ཀ་ནས་ཁོ་དང་ཁོ་ལྟ་བུ་མང་པོ་ཞིག་རྒྱ་ནག་གིས་ནེད་སྤྱོད་བྱེད་དང་བྱེད་མུས་རེད། དོན་དངོས་ཐོག་རྒྱ་ནག་ལ་བེད་སྤྱོད་ཡོད་པ་ལས་ཁོ་ལ་ཡག་ཉམས་རྫིག་ཉམས་གང་ཅིའི་ཐད་ནས་ཁོ་ལས་ལྷག་པ་ག་ཚོད་དགོ་དགོ་རེད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese