མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཟུར་སྦྱོང་འཛིན་གྲྭ་བསྐྱར་དུ་མགོ་འཛུགས་གནང་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༥/༡༦
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་བོད་ཀྱི་སྐད་ཡིག་རིག་གནས་རྒྱུན་འཛིན་དར་སྤེལ་ཡོང་སླད་འབྲས་སྤུངས་སྒོ་མང་སློབ་གྲྭའི་ངོས་ནས་ལོ་ངོ་གཉིས་ཀྱི་རྗེས་སུ་དབྱར་ཁའི་ཟུར་སྦྱོང་འཛིན་གྲྭ་ཐེངས་ ༢༥ པ་མགོ་འཛུགས་གནང་འདུག

ད་ལྟའི་ཆར་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་སྒོ་རྒྱ་ཡོངས་སུ་ཕྱེས་ཡོད་པ་དང་བསྟུན། ཁ་སང་བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ནང་པའི་རིག་གཞུང་ཚོགས་པ་དང་སློབ་གྲྭ་གཉིས་ཐུན་མོང་གི་གོ་སྒྲིག་འོག  ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ནས་ཟླ་ ༦ ཚེས་ ༡༥ བར་གྱི་ཟླ་གཅིག་རིང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་སྤྱི་དང་ལྷག་པར་དུ་བོད་མིའི་གཞིས་ཆགས་ཆེ་ཤོས་སུ་གྱུར་བའི་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་ཀྱི་གྲོང་སྡེ་ཁག་གི་སློབ་མ་རྣམས་ལ་དམིགས་ཏེ། བོད་ཀྱི་སྐད་ཡིག་རིག་གནས་དར་སྤེལ་དང་རྒྱུན་འཛིན་གྱི་ཟུར་སྦྱོང་འཛིན་གྲྭ་ཐེངས་ ༢༥ པ་མགོ་འཛུགས་གནང་ཡོད་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བཀྲ་ཤིས་སྒོ་མང་སློབ་གྲྭའི་སྒྲིག་འཛུགས་རྒན་དགེ་བཤེས་གསུང་རབ་རྒྱ་མཚོ་ལགས་སུ་ཟུར་སྦྱོང་འཛིན་གྲྭ་དེའི་རྒྱབ་ལྗོངས་དང་དགོས་དམིགས་སོགས་ཀྱི་སྐོར་བཀའ་འདྲི་ཞུས་སྐབས་ཁོང་གིས། ༧གོང་ས་མཆོག་གི་ཐུགས་དགོངས་གཞིར་བཟུང་དཔལ་ལྡན་འབྲས་སྤུངས་སྒོ་མང་ནང་བའི་རིག་གཞུང་ཚོགས་པ་དང་སློབ་གྲྭ་ཐུན་མོང་གིས། ཕྱི་ལོ་ ༡༩༩༧ ལོ་ནས་ ༢༠༢༢ ཟླ་ ༥ ཚེས་ ༡༥ བར་འདས་པའི་ལོ་ངོ་ ༢༥ རིང་མོན་གྷོའི་གྲོང་སྡེ་བཅུའི་གྲོང་སྡེ་རེ་རེའི་འཛིན་རིམ་དང་པོ་ནས་བཅུ་གཉིས་བར་གྱི་སློབ་མ་རྣམས་ལ་བོད་ཀྱི་རིག་གནས་གོང་སྤེལ་ཡོང་སླད་དུ། ནང་ཆོས་ངོ་སྤྲོད་དང་རིགས་ལམ། སྐད་ཡིག་དང་སྦྱོར་ཀློག དེ་བཞིན་ཡིག་གཟུགས་སོགས་ཀྱི་ཟུར་འཁྲིད་བྱས་ནས་ལོ་ངོ་ཉེར་ལྔ་འཁོར་ཡོད། ཅེས་དང་། གཙོ་བོ་༧གོང་ས་མཆོག་གིས་དུས་རྒྱུན་དུ་བོད་ཀྱི་སྐད་ཡིག་རིག་གནས་ཡར་རྒྱས་གཏོང་རྒྱུ་གལ་ཆེན་ཡིན་པའི་བཀའ་སློབ་རིམ་པ་སྩལ་བ་དང་། གཞིས་གྲོང་ཁག་གི་བརྒྱ་དཔོན་དང་གྲོང་སྡེ། དགོན་པ་བཅས་ཀྱི་མཐུན་ལམ་ཇེ་ལེགས་སུ་ཡོང་སླད་སོགས་ལ་དམིགས་ནས་ཟུར་སྦྱོང་འཛིན་གྲྭ་དེ་འཚོག་གི་ཡོད་སྐོར་སོགས་གསུངས་བྱུང་།

དགེ་བཤེས་གསུང་རབ་རྒྱ་མཚོ་ལགས་ཀྱིས་གསུངས་པ་ལྟར་ན། འདི་ལོའི་འབྲས་སྤུངས་སྒོ་མང་སློབ་གྲྭའི་དབྱར་ཁའི་ཟུར་སྦྱོང་འཛིན་གྲྭར་ཞུགས་མཁན་སློབ་མ་ ༡༥༧ ཡོད་པ་དང་སློབ་མ་རྣམས་ལ་ཆེད་དུ་དགེ་བཤེས་ལྷ་རམས་པ་དང་དགེ་རྒན་སོགས་ཀྱིས་སློབ་ཁྲིད་གནང་གི་ཡོད་ཅིང་། མོན་གྷན་ས་གནས་ཀྱི་གྲོང་སྡེ་ཁག་གི་བརྒྱ་དཔོན་དང་སློབ་ཕྲུག་གི་ཕ་མ་རྣམས་ནས་ཟུར་སྦྱོང་འཛིན་གྲྭ་དེ་འཚོགས་པ་བརྒྱུད། བུ་ཕྲུག་གི་རྒྱུད་ལ་བོད་ཀྱི་སྐད་ཡིག་རིག་གནས་སོགས་ཀྱི་ཤན་ཤུགས་དང་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་གི་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་འདུག་ལ། ཟུར་སྦྱོང་འཛིན་གྲྭ་དེ་ནི་ཆེད་དུ་སློབ་ཕྲུག་རྣམས་ཀྱི་དབྱར་ཁའི་གུང་གསེང་གི་སྐབས་དང་བསྟུན་ནས་འཚོག་བཞིན་པ་ཞིག་ཡིན་སྟབས། དེའི་ནང་བོད་པའི་སློབ་མ་སུ་འདྲ་ཞིག་ཡིན་ཡང་ཞུགས་ཆོག་གི་ཡོད་པ་རེད།

འབྲས་སྤུངས་སྒོ་མང་སློབ་གྲྭའི་ཡིག་ཚང་གི་དེ་འབྲེལ་གསལ་བསྒྲགས་ནང་། གཞིས་གྲོང་ཁག་གི་སློབ་ཕྲུག་རྣམས་དབྱར་ཁའི་གུང་གསེང་དང་སྟབས་བསྟུན་ནས་ནང་ཆོས་ངོ་སྤྲོད་དང་རིགས་ལམ་རྩོད་གྲྭ། སུམ་རྟགས་དག་གསུམ། ཡིག་གཟུགས། སྦྱོར་ཀློག་དང་བཅས་པའི་སློབ་ཚན་ཁག་གི་ཟུར་སྦྱོང་འཛིན་གྲྭ་ཐེངས་ ༢༤ པ་འཚོགས་ཟིན་ནའང་། ནད་ཡམས་རྐྱེན་གྱིས་འདས་པའི་ལོ་ངོ་གཉིས་ཀྱི་སྐད་ཡིག་ཟུར་སྦྱོང་འཛིན་གྲྭ་འཚོགས་རྒྱུ་བྱུང་མེད། སྟབས་ལེགས་པ་ཞིག་ལ་དེང་སང་ནད་ཡམས་ཀྱི་དཀའ་ངལ་མེད་པར་བརྟེན། སྐད་ཡིག་ཟུར་སྦྱོང་འཛིན་གྲྭ་ཐེངས་ ༢༥ དེ་བཞིན་ ༢༠༢༢།༠༥།༡༢ ནས་ཕྱི་ཟླ་ ༦ ཚེས་ ༡༥ བར་འཚོག་གི་ཡོད་སྐོར་འཁོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist