མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་ཡེ་ཤུ་ཆོས་ཁང་ནང་དམར་གསོད་དོན་རྐྱེན་བཟོ་མཁན་དེ་རྒྱ་མི་ཞིག་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༥/༡༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་བཞིན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཨ་རིའི་ནུབ་རྒྱུད་མངའ་སྡེ་ཁེ་ལི་ཧྥོར་ནི་ཡའི་ (California) གྲོང་ཁྱེར་ལཱ་གུ་ན་ཝུཌ་སི་ (Laguna Woods) ཡི་ཡེ་ཤུའི་ཆོས་ཁང་ཞིག་གི་ནང་དུ་གང་བྱུང་མེ་མདའ་འཕངས་ཏེ་མི་ཞིག་རྐྱེན་འདས་དང་མི་མང་པོར་རྨས་སྐྱོན་གཏོང་མཁན་དེ། ཐའེ་ཝན་མི་མང་ལ་སྡང་སེམས་ཆེན་པོ་ཡོད་པའི་རྒྱ་ནག་སྐམ་ས་ཆེན་མོའི་རྒྱ་རིགས་ཤིག་ཡིན་སྐོར་བསྒྲགས་འདུག

The booking photo of David Chou, 68, who has been charged in the mass shooting at a Taiwanese-American church in southern California. Photo: AFP/Orange County Sheriff’s Department

དེ་ཡང་ས་གནས་ཉེན་རྟོག་པས་བཤད་པ་ལྟར་ན། ཐའེ་ཝན་པ་རྣམས་ཀྱིས་གཉེར་བའི་ཇེ་ནེ་ཝ་པེ་རེ་བི་ཊེ་རན་ཆོས་ཁང་ (Geneva Presbyterian Church) ནང་མི་གསོད་ཀྱི་བྱ་ངན་སྤེལ་མཁན་དེ་རང་ལོ་ ༦༨ ལ་སོན་པའི་ཨ་རིའི་མི་སེར་དུ་གྱུར་བའི་རྒྱ་ནག་སྐམ་ས་ཆེན་མོའི་རྒྱ་རིགས་ཌེ་ཝིཌ་ཁྲོ་ (David Chou) ཟེར་བ་ཞིག་ཡིན་པ་དང་། ཉེན་རྟོག་པས་ཁོ་པའི་རྒྱབ་ལྗོངས་སོགས་ལ་རྟོག་ཞིབ་བྱེད་སྐབས། ཁོ་རང་ཐའེ་ཝན་གྱི་སྤྱི་ཚོགས་ལ་མི་དགའ་བ་ཆེན་པོ་ཡོད་པ་མ་ཟད། ཉེ་ཆར་ཐའེ་ཝན་དང་རྒྱ་ནག་དབར་གྱི་ཆབ་སྲིད་རྩོད་རྙོག་ལ་མི་དགའ་བ་ཆེན་པོ་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད་སྐོར་དང་། ཉེན་རྟོག་པས་མི་དེ་འཛིན་བཟུང་བྱས་ཡོད་པ་མ་ཟད། དོན་མེད་དམར་གསོད་བཏང་བ་དང་དམར་གསོད་གཏོང་རྩིས་བྱས་པ་སོགས་ཀྱི་ནག་ཉེས་ལྔ་བཙུགས་ཡོད་འདུག

རྒྱལ་སྤྱིའི་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ས་གནས་ཀྱི་ཉིན་གུང་ཙམ་ལ། དོགས་ཡོད་ཉེས་ཅན་པ་ཌེ་ཝིཌ་ཁྲོ་ཟེར་བ་དེས་སྣུམ་ལྡན་འབར་རྫས་ (Molotov cocktail) ཀྱིས་ཁེངས་པའི་ཁུག་མ་ཞིག་དང་། མེ་མདའ་དང་མདེའུ་ཡིས་ཁེངས་པའི་ཁུག་མ་ཞིག་ཁྱེར་ཡོང་སྟེ།  ཆོས་ཁང་དེའི་ནང་ཡོད་པའི་ཆོས་ཞུ་བ་རྣམས་ཀྱི་ཐོག་ལ་གང་བྱུང་མེ་མདའ་བརྒྱབ་སྟེ་རང་ལོ་ ༥༢ ཡིན་པའི་ཇོན་ཁྲེང་(John Cheng) ཞེས་པ་ཞིག་རྐྱེན་འདས་བཏང་བ་དང་། ལོ་ན་ ༦༦ ནས་ ༩༢ བར་ཡིན་པའི་སྐྱེས་པ་ ༤ དང་རང་ལོ་ ༨༦ ཡིན་པའི་སྐྱེས་མ་ཞིག་བཅས་མི་ལྔ་ལ་རྨས་སྐྱོན་ཚབས་ཆེན་བཏང་ཡོད་པ་རེད། ཉེན་རྟོག་པའི་འགྲེལ་བརྗོད་ལྟར་ན། རྐྱེན་འདས་སུ་ཕྱིན་པའི་སྐྱེས་པ་ཇོན་ཁྲེང་ཟེར་བ་དེས་ཌེ་ཝིཌ་ཁྲོ་ཟེར་བ་དེར་ཕར་རྒོལ་བྱས་ཏེ་འགོག་རྩིས་བྱེད་སྐབས་ལམ་ལྷོངས་མ་སོང་བར་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། དེའི་རྗེས་ཌེ་ཝིཌ་ཁྲོ་ཟེར་བ་དེས་མེ་མདའི་མདེའུ་བསྐྱར་བླུགས་བྱེད་བཞིན་པའི་མཚམས་དེར། ཆོས་ཁང་དེའི་རྒྱུན་གཏན་གྱི་ཆོས་ཞུ་བ་ཞིག་གིས་ཁོ་པའི་མགོ་ལ་རྐུབ་བཀྱག་གིས་གཞུས་ཏེ་འཛིན་བཟུང་བྱེད་ཐུབ་པ་བྱུང་ཡོད་འདུག ཕྱིས་སུ་ས་གནས་ཀྱི་མགོ་འཁྲིད་དང་ཉེན་རྟོག་པས་གལ་ཏེ་ཆོས་ཞུ་བ་དེས་བློ་སྟོབས་ཆེན་པོས་ཕར་རྒོལ་བྱས་མེད་ཚེ། མི་དེ་ལས་མང་བའི་ཚེ་སྲོག་འཆོར་ངེས་ཡིན་སྐོར་བརྗོད་དེ་བསྔགས་བརྗོད་བྱས་ཡོད་འདུག

གཞན་ཡང་། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་མི་རིགས་ནག་པོ་འདུ་སྡོད་ཆེ་སའི་ས་ཁུལ་བྷ་ཧྥེ་ལོ་ (Buffalo) ཞེས་པའི་ཚོང་ཁང་གི་ཐོག་རྩེག་ཞིག་གི་ནང་།  རང་ལོ་ ༡༨ ཡིན་པའི་མི་རིགས་དཀར་པོ་པེ་ཊོན་གྷེན་ཌོ་རོན་ (Payton Gendron) ཟེར་བ་ཞིག་གིས་གང་བྱུང་མེ་མདའ་འཕངས་ཏེ་མི་གྲངས་ ༡༠ རྐྱེན་འདས་དང་། མི་ ༣ ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པ་མ་ཟད། མི་གསོད་ཀྱི་དོན་རྐྱེན་དེ་དག་ཐད་གཏོང་བྱས་ཡོད་པ་རེད། རྐྱེན་འདས་དང་རྨས་སྐྱོན་ཐེབས་མི་ ༡༣ ཁྲོད་ནས་ ༡༡ མི་རིགས་ནག་པོ་ཡིན་ཞིང་། ཕྱིས་སུ་ཉེན་རྟོག་པས་རྟོག་ཞིབ་བརྒྱུད་ཨ་རིའི་མི་གསོད་ཕལ་ཆེར་ལྟར་ད་ལན་འདི་ཡང་ཆེས་མཐར་ལྷུང་བའི་མི་རིགས་དཀར་པོའི་རིང་ལུགས་ཀྱི་མཇུག་འབྲས་ཤིག་ཡིན་པ་དང་། པེ་ཊོན་གྷེན་ཌོ་རོན་ཟེར་བའི་དོགས་ཡོད་ཉེས་ཅན་པ་དེས་མེ་མདའི་ཐོག་མི་རིགས་ནག་པོར་དབྱེ་འབྱེད་ཀྱི་འབོད་ཚིག་བྲིས་ཡོད་པ་མ་ཟད། ཁོ་པས་དྲ་ལམ་ཐོག་ལའང་བསྒྲགས་གཏམ་ཞིག་སྤེལ་བའི་ནང་མི་རིགས་དབྱེ་འབྱེད་ཀྱི་ནང་དོན་ཡོད་པ་རེད་འདུག

Alleged Buffalo mass shooter Payton Gendron getting arrested following the shooting at a supermarket on May 14, 2022.

འདས་པའི་ལོ་ཤས་ནང་ཨ་རིའི་ནང་མེ་མདའི་དོན་རྐྱེན་བསྟུད་མར་བྱུང་བའི་རྐྱེན་གྱིས་མི་སེར་དཀྱུས་མས་མེ་མདའ་ཐོགས་རྒྱུའི་ཐད་ཚོད་འཛིན་བྱ་དགོས་པའི་གླེང་སློང་ཤུགས་ཆེན་པོ་བྱུང་ཡོད། འོན་ཀྱང་ཨ་རིར་མཚོན་ན་མེ་མདའ་ནི་སྲོལ་རྒྱུན་གོམས་སྲོལ་དང་ལོ་རྒྱུས་གནས་བབ་སོགས་ཀྱི་ཐོག་ནས་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པས། ཨ་རིའི་རྩ་ཁྲིམས་དོན་ཚན་ ༢ པའི་ནང་ཨ་རིའི་མི་སེར་རྣམས་ལ་མཚོན་ཆ་ཐོགས་ཆོག་པའི་ཐོབ་ཐང་སྤྲད་ཡོད་ལ། ཨ་རིའི་པེའུ་ཞིབ་འཇུག་ཁང་ (Pew Research Centre) ལྟར་ན། རང་ལོ་ ༡༨ ཡན་གྱི་ཨ་རིའི་མི་འབོར་ཁྲོད་ཀྱི་གསུམ་ཆ་གཅིག་གི་ལག་ལ་མཚོན་ཆ་ཡོད་ཅིང་། ཆབ་སྲིད་ཀྱི་ལྟ་བའི་ཐད་ནས་བཤད་ན། སྤྱི་མཐུན་ཚོགས་པའི་ཁོངས་མི་རྣམས་ཀྱི་ཁྲོད་ནས་བརྒྱ་ཆ་ ༤༤ ཡིས་རང་ལ་མཚོན་ཆ་ཡོད་པ་དང་། དམངས་གཙོ་ཚོགས་པའི་ཁོངས་མིའི་བརྒྱ་ཆ་ ༢༠ ཡིས་རང་ལ་མཚོན་ཆ་ཡོད་སྐོར་བཤད་ཡོད་འདུག ཕྱོགས་གཞན་ནས་ཨ་རི་ནི་འཛམ་གླིང་སྟེང་མི་སེར་དཀྱུས་མས་མཚོན་ཆ་མང་ཤོས་ཉར་མཁན་གྱི་རྒྱལ་ཁབ་ཨང་དང་པོ་དེ་ཡིན་པ་རེད།

ཨ་རིའི་གཞུང་གི་གྲངས་ཐོ་ལྟར་ན། ཕྱི་ལོ་ ༡༩༦༨ ནས་ ༢༠༡༧ བར་ཨ་རིའི་ནང་མི་གྲངས་ས་ཡ་ ༡།༥ མེ་མདའི་འོག་ནས་རྐྱེན་འདས་སུ་ཕྱིན་ཡོད་ཅིང་། གྲངས་འབོར་དེ་ནི་ཕྱི་ལོ་ ༡༧༧༥ ལོའི་ཨ་རིའི་རང་བཙན་གྱི་དམག་འཁྲུག་རྗེས་ནས་ད་བར་རྐྱེན་འདས་སུ་ཕྱིན་པའི་ཨ་རིའི་དམག་མིའི་གྲངས་འབོར་ལས་མཐོ་བ་ཡིན་ཞིང་། ཕྱི་ལོ་༢༠༢༠ གཅིག་པུར་མཚོན་ན། ཨ་རིའི་ནང་མེ་མདའི་རྐྱེན་པས་མི་གྲངས་ ༤༥༠༠༠ ལས་མང་བ་རྐྱེན་ལམ་དུ་སོང་ཡོད་ཅིང་། དེ་ནི་ལོ་དེའི་ཡར་སྔོན་གྱི་ལོ་ལྔའི་རིང་གི་གྲངས་འབོར་ལས་བརྒྱ་ཆ་ ༢༥ ཡིས་མཐོ་བ་ཡིན་པ་མ་ཟད། ཕྱི་ལོ་ ༢༠༡༠ དང་བསྡུར་ན་བརྒྱ་ཆ་ ༤༣ གྱིས་འཕར་ཆ་ཕྱིན་ཡོད་པ་རེད། ཆ་སྙོམས་བྱས་ན་ཨ་རིའི་ནང་ཉིན་རེར་མི་ ༥༣ མེ་མདའི་འོག་ནས་རྐྱེན་འདས་སུ་འགྲོ་ཡི་ཡོད་ཅིང་། ཨ་རིའི་ཆབ་སྲིད་ཀྱི་བགྲོ་གླེང་ནང་མེ་མདའ་བདག་བཟུང་ཐད་ཚོད་འཛིན་དགོས་པའི་གླེང་སློང་ཤུགས་ཆེར་འབྱུང་བཞིན་ཡོད་ནའང་། ཨ་རིའི་གྷ་ལབ་ཞིབ་འཇུག་ཁང་ (Gullup) གིས་ཕྱི་ལོ་ ༢༠༢༠ ལོར་བསམ་ཤོག་ཅིག་བསྡུས་པའི་ནང་། བརྒྱ་ཆ་ ༥༢ གྱིས་མེ་མདའ་ཁྲིམས་སྒྲིག་དམ་དུ་གཏོང་དགོས་པ་དང་། བརྒྱ་ཆ་ ༣༥ ཡིས་རང་སོར་འཇོག་དགོས་པ། བརྒྱ་ཆ་ ༡༡ ཡིས་མེ་མདའི་ཁྲིམས་སྒྲིག་ལྷོད་དུ་གཏོང་དགོས་སྐོར་བརྗོད་ཡོད་ཅིང་། ལོ་དེར་ཨ་རིའི་མང་ཚོགས་ཁྲོད་མེ་མདའི་ཁྲིམས་སྒྲིག་དམ་དུ་གཏོང་དགོས་པའི་བསམ་ཚུལ་འདོན་མཁན་ཕྱི་ལོ་ ༢༠༡༤ ནས་བཟུང་དམའ་ཤོས་དེ་ཡིན་པ་རེད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Former Miss Tibet Tenzin Paldon in an undated photo (Photo/Instagram)
Mobile App

བོད་ནང་ཆོས་ལུགས་དད་མོས་དང་གསར་འགོད་རང་དབང་སོགས་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་འདུག

ཆུ་ཚོད་ ༣ སྔོན་ལ།
སྲིད་སྐྱོང་མཆོག་གིས་ལྡི་ལི་བསམ་ཡས་གླིང་བོད་ཁྱིམ་སློབ་གྲྭའི་གཟིགས་སྐོར་གནང་། ༢༠༢༥།༠༨།༡༣ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ལྡི་ལི་བསམ་ཡས་གླིང་གི་བོད་མི་ཚོས་ས་ཆ་རྣམས་ཁྲིམས་མཐུན་དེབ་སྐྱེལ་ཚགས་ཚུད་གནང་དགོས་སྐོར་ལམ་སྟོན་གནང་།

ཆུ་ཚོད་ ༥ སྔོན་ལ།
Mobile App

༸རྒྱལ་བའི་ཡང་སྲིད།

༢༠༢༥/༠༨/༡༣
Election Commission's announcement on the upcoming election of Sikyong and Member of Parliament in Exile. Photo: Edited by tibettimes
Mobile App

ཕྱི་ཟླ་ ༡༠ ཚེས་ ༡ ནས་བཟུང་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་དངོས་སུ་དབུ་འཛུགས་གནང་རྒྱུ་ཡིན་འདུག

༢༠༢༥/༠༨/༡༣
On 27 July 2025, His Holiness the 14th Dalai Lama met Czech President Petr Pavel at Shewatsel Phodrang in Leh, Ladakh. Photo Credit: Office of the Dalai Lama
Mobile App

རྒྱ་ནག་གཞུང་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་ལྷན་དུ་འབྲེལ་ལམ་ཡོངས་མཚམས་འཇོག་བྱས་ཡོད་ཟེར།

༢༠༢༥/༠༨/༡༣
ཧོར་གཙང་ཀིརྟིའི་དགོན་གྱི་ཁྲི་ཚབ་དང་དཔེ་ཁྲིད་དགེ་རྒན་དགེ་བཤེས་ལྷ་རམས་པ་དཀོན་མཆོག་ཆོས་གྲགས་ལགས། པར་གནས་ཚུལ་མཁོ་སྤྲོད་པས་གནང་།
Mobile App

ཀིརྟིའི་དགོན་ཁག་གི་ཤེས་ཡོན་འགན་འཛིན་ལྷན་ཚོགས་སྒོ་བརྒྱབ་པ་དང་དཔེ་འཁྲིད་དགེ་རྒན་ཞིག་བཙན་འཁྲིད་བྱས།  

༢༠༢༥/༠༨/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese