མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་གཟིམ་ཆུང་མཇལ་ཁ་སྩལ།

བོད་ཀྱི་དུས་བབ།
༢༠༢༢/༠༥/༡༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོའི་ཆུ་ཚོད་ ༨ ཡས་མས་སུ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨ་ཛི་ར་ཛེ་ཡ་ (Uzra Zeya) མཆོག་གིས་གཙོས་ཨ་རིའི་གཞུང་འབྲེལ་སྐུ་ཚབ་ཚོགས་ཆུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གཟིམ་ཆུང་མཇལ་ཁ་ཞུས་ཏེ་ཆུ་ཚོད་ ༡ དང་ཕྱེད་ཀ་ལྷག་གི་རིང་བོད་དོན་སོགས་ཀྱི་སྐོར་ནས་བཀའ་མོལ་གནང་ཡོད་འདུག

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨ་ཛི་ར་ཛེ་ཡ་མཆོག་གིས་དབུ་འཁྲིད་པའི་སྐུ་ཚབ་ཚོགས་ཆུང་ནས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། Photo: OHHDL

དེ་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་མཇལ་འཕྲད་སྐབས་ཀྱི་བརྙན་ཐུང་ཞིག་འགྲེམས་སྤེལ་བྱས་པའི་ནང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ཁྱེད་ཚོ་ཚང་མ་དང་ཐུག་འཕྲད་བྱ་རྒྱུ་བྱུང་བ་དེར་ཧ་ཅང་དགའ་པོ་བྱུང་། ང་ཚོ་གཞི་རྩའི་ཆ་ནས་འགྲོ་བ་མིའི་རིགས་ཀྱི་མིང་སྲིང་ལྟ་བུ་ཡིན་ཞིང་། ང་ཚོ་ཚང་མར་མིག་གཉིས་དང་སྣ་གཅིག་ཡོད་པའི་ཆ་ནས་ཚང་མ་གཅིག་པ་ཡིན་པ་རེད། ཅེས་དང་། ངོས་ཀྱིས་དམ་བཅའ་གཅིག་ནི་ཆོས་ལུགས་མཐུན་འབྲེལ་ཡིན་ཞིང་། (ཆོས་ལུགས་)ཚང་མས་བྱམས་བརྩེ་དང་བཟོད་སྒོམ་གྱི་བསླབ་བྱ་སྟོན་གྱི་ཡོད་པ་རེད། དེ་ང་ཚོར་དགོས་ངེས་ཆགས་ཡོད། ཅེས་གསུངས་འདུག་ལ། ཨ་རི་ནི་དམངས་གཙོ་དང་རང་དབང་ཡོངས་སུ་རྫོགས་པའི་རྒྱལ་ཁབ་རླབས་ཆེན་ཞིག་རེད། དེར་མཚུངས་རྒྱ་གར་ཡང་དམངས་གཙོའི་རྒྱལ་ཁབ་ཅིག་རེད། རྒྱ་གར་ནང་ཆོས་ལུགས་ཚང་མ་མཉམ་གནས་བྱེད་ཀྱི་ཡོད། ཅེས་དང་། རྒྱ་ནག་དམར་ཤོག་ཚོགས་པས་བོད་མིའི་བསམ་བློར་འགྱུར་བ་གཏོང་རྒྱུར་ལམ་ལྷོངས་བྱུང་མེད་པར་བརྟེན། རྒྱ་མི་ཁོ་རང་ཚོའི་བསམ་བློ་རིམ་པས་གྱུར་ཏེ་ད་ལྟ་སྤྱི་ཚོགས་རིང་ལུགས་དང་མར་ཁེ་སི་རིང་ལུགས་ཡལ་ཟིན་པ་རེད། ཅེས་གསུངས་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་གཟིམ་ཆུང་མཇལ་མོལ་གནང་། ༢༠༢༢།༠༥།༡༩ Photo:OHHDL

མཇལ་འཕྲད་སྐབས་ལྕམ་ཨ་ཛི་ར་ཛེ་ཡ་མཆོག་གིས་མགོན་པོ་མཆོག་ལ་རང་ཉིད་ངོ་སྤྲོད་གནང་བ་དང་སྦྲགས། ཁྱེད་ཀྱིས་ང་རང་འདིར་སྣེ་ལེན་གནང་བ་དེ་ནི་ཆེས་དགའ་སྤོབས་ལྡན་པ་ཞིག་རེད། ངས་ང་ཚོའི་སྲིད་འཛིན་བྷའེ་ཌིན་མཆོག་དང་ཨ་རིའི་མི་མང་རྣམས་ཀྱི་ཚབ་ཞུས་ཏེ་ཁྱེད་ལ་འཚམས་འདྲི་དང་ཁྱེད་ཀྱི་སྐུ་གཟུགས་གསལ་ཐང་ཡོང་བའི་སྨོན་འདུན་ཞུ་ཡི་ཡོད་ལ། ཁྱེད་ཀྱིས་འཛམ་གླིང་སྤྱི་ལ་ཕན་པའི་ཞི་བདེའི་བསླབ་བྱ་སྩལ་བ་དེར་བཀའ་དྲིན་རྗེས་དྲན་ཞུ་ཡི་ཡོད། ཅེས་ཞུས་འདུག

ཕོ་བྲང་གི་མཇལ་འཕྲད་གྲུབ་རྗེས་གསར་འགོད་པས་ལྕམ་ཨ་ཛི་ར་ཛེ་ཡ་མཆོག་ལ་བཅར་འདྲི་ཞུ་ཐབས་བྱས་ཀྱང་གོ་སྐབས་བྱུང་མེད་ཀྱང་། དེ་རིང་མཇལ་འཕྲད་ལ་མཉམ་བཅར་གནང་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་མཇལ་འཕྲད་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། དེ་རིང་དམིགས་བསལ་འབྲེལ་མཐུད་པ་ཁོང་རྣམ་པ་ཚོ་མི་ ༡༥ ལྷག་ཕེབས་ཡོད་པ་རེད། སྐུ་མདུན་ལ་མཇལ་ཁ་ཞུ་རྒྱུ་དེ་གཙོ་བོ་ང་ཚོ་བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱ་རྒྱུའི་སླད་དུ་ཨ་རིས་རོགས་སྐྱོར་ག་རེ་བྱེད་ཀྱི་ཡོད་མེད་དང་། རྒྱུན་གཏན་གྱི་གནས་ཚུལ་གལ་ཆེ་བ་གཞན་འགའ་ཤས་སྐོར་ལ་བཀའ་འདྲི་དགོངས་སྐོར་ཞུས་པ་དང་། དེར་༧རྒྱལ་བ་རིན་པོ་ཆེས་བཀའ་སློབ་གནང་རྒྱུ་སོགས་ཆུ་ཚོད་ ༡ དང་སྐར་མ་ ༡༥ ལྷག་རིང་མཇལ་ཁ་གནང་སོང་། ཞེས་གསུངས་སོང་།

ལྕམ་ཨ་ཛི་ར་ཛེ་ཡ་མཆོག་གིས་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་རྣམས་དང་གླེང་མོལ་གནང་། Photo: tibettimes.net

གཟིམ་ཆུང་མཇལ་མོལ་གྲུབ་རྗེས་ལྕམ་ཨ་ཛི་ར་ཛེ་ཡ་མཆོག་གིས་གཙོས་ཨ་རིའི་གཞུང་འབྲེལ་མི་སྣ་རྣམས་བཞུགས་སྒར་དྷ་སར་རྟེན་གཞི་བྱས་པའི་དྷ་སྟེང་བོད་ཕྲུག་ཁྱིམ་སྡེར་ཕེབས་ཏེ། སློབ་མ་སྐོར་ཞིག་དང་ལྷན་དུ་གླེང་མོལ་ཞུས་སོང་ལ། བོད་ཕྲུག་ཁྱིམ་སྡེའི་གཙོ་འཛིན་དང་ལས་བྱེད་རྣམ་པར་གསུང་བཤད་གནང་སྐབས། ཨ་རིའི་གཞུང་འདི་འདས་པའི་ལོ་ངོ་མང་པོའི་རིང་ནས་བོད་ཕྲུག་ཁྱིམ་སྡེར་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པ་དེར་དགའ་སྤོབས་ཆེན་པོ་སྐྱེ་བཞིན་ཡོད་པ་དང་། ཨ་རིའི་གཞུང་ངོས་ནས་མུ་མཐུད་ནས་བོད་ཕྲུག་དང་གཞོན་སྐྱེས་རྣམས་ལ་གནས་ཚད་ལྡན་པའི་ཤེས་ཡོན་སྤྲོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་སྐོར་དང་། ཨ་རིའི་གཞུང་གིས་འདས་པའི་དུས་ཡུན་ནང་བོད་ཕྲུག་ ༥༠༠ ཙམ་ལ་མཐོ་རིམ་སློབ་གྲྭ་འགྲིམ་རྒྱུར་རོགས་འདེགས་བྱེད་ཐུབ་ཡོད་པ་དེར་དགའ་སྤོབས་སྐྱེ་བཞིན་ཡོད་ལ། ད་ལན་གྱི་གཟིགས་སྐོར་སྐབས་བོད་མི་རྣམས་ཀྱི་དཀའ་སྤྱད་ལས་ཐོན་པའི་གྲུབ་འབྲས་ལ་གཟིགས་རྒྱུ་བྱུང་བ་དེར་ཧ་ཅང་དགའ་པོ་བྱུང་ཡོད་སྐོར་གསུངས་སོང་།

དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་གཟིགས་སྐོར་གྲུབ་རྗེས་སྐུ་ཚབ་ཚོགས་པ་དྷ་ས་ནོར་བུ་གསོལ་མགྲོན་ཁང་དུ་ཨ་རིའི་རོགས་ཚོགས་ཀྱི་སློབ་ཡོན་ཐོབ་པའི་བོད་མི་གཞོན་སྐྱེས་སྐོར་ཞིག་དང་ལྷན་དུ་གླེང་མོལ་གནང་། ཉིན་རྒྱབ་ཏུ་བཞུགས་སྒར་གྱི་ཉེ་འདབས་སུ་ཆགས་པའི་ནོར་གླིང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་དང་རྒྱུད་སྟོད་དགོན་པར་གཟིགས་སྐོར་དུ་ཕེབས་ཡོད་པ་རེད། གཞུང་འབྲེལ་མཛད་རིམ་ལྟར་ན་སང་ཞོགས་ཆུ་ཚོད་ ༦།༣༠ ཙམ་ལ་སྐུ་ཚབ་ཚོགས་པ་དྷ་སའི་ཉེ་འདབས་གྷ་གྷུལ་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་ཐོན་གནང་རྒྱུ་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

tttt
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

སྐར་མ ༤ སྔོན་ལ།
tibettimes
Mobile App

༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས།

སྐར་མ ༢༠ སྔོན་ལ།
ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕོ་བྲང་པོ་ཏ་ལར་གསེར་ཁྲི་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༢།༢༢ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོགས།

ཆུ་ཚོད་ ༢༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་ཕུལ་བའི་གཟེངས་རྟགས་ཁག

༢༠༢༦/༠༢/༢༢
བསམ་ཚུལ།

ཨ་མ་ངེད་གཉིས་ཀྱི་གླེང་མོལ།

༢༠༢༦/༠༢/༢༢
Mobile App

རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་དང་བོད་ཀྱི་སྐད་ཡིག་གི་གནས་བབ།

༢༠༢༦/༠༢/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese