མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་ཤར་ཊུར་ཀི་སི་ཐན་ནང་དྲག་གནོན་བྱས་པའི་གསང་བའི་ཡིག་ཆ་ཕོན་ཆེ་ཤོས་ཤིག་ཕྱིར་གྱར།

བོད་ཀྱི་དུས་བབ།
༢༠༢༢/༠༥/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༧ ནས་ཤར་ཊུར་ཀི་སི་ཐན་གྱི་ས་ཁུལ་ཞིག་ཏུ་ཁ་ཆེའི་ཆོས་པ་ཁྲི་ ༢ ལྷག་བཙོན་འཇུག་བཀག་སྐྱིལ་བྱས་པའི་གནད་དོན་དང་འབྲེལ་བའི་དྲག་གནོན་གྱི་གསང་བའི་ཡིག་ཆ་ཕོན་ཆེན་ཞིག་ཕྱིར་གྱར་ཡོད་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་དེ་ནི་འཛམ་གླིང་མི་མང་ལ་མགོ་སྐོར་གཏོང་ཐབས་ཀྱི་འཁྱར་གཏམ་ཞིག་ཡིན་ཚུལ་བཤད།

Photographs of prisoners from China’s Uyghur detention camps found in “Xinjiang Police Files”. Photo Source: BBC

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ལྕམ་མི་ཤལ་བྷེ་ཆི་ལེ་ཊི་ལགས་ཀྱིས་རྒྱ་ནག་དང་ཤར་ཊུར་ཀི་སི་ཐན་དུ་གཞུང་འབྲེལ་སྐོར་སྐྱོད་བྱེད་བཞིན་པའི་སྐབས་འདིར། ཁ་སང་ཕྱི་ཚེས་ ༢༤ ཉིན་བྷི་བྷི་སི་གསར་ཁང་གིས་རྒྱ་ནག་གཞུང་ནས་ཤར་ཊུར་ཀི་སི་ཐན་(ཤིན་ཅང་)ཁུལ་དུ་བཙུགས་པའི་བཀག་སྐྱིལ་ཁང་དུ་ཡུ་གུར་མི་མང་རྣམས་ལ་ཚད་ལས་བརྒལ་བའི་དམ་དྲག་དང་སྟངས་འཛིན་བྱེད་བཞིན་པའི་སྐོར་གྱི་གསང་བའི་ཡིག་ཆ་ཕོན་ཆེན་འགྲེམས་སྤེལ་བྱས་པའི་ནང་། ཡུ་གུར་བ་ ༢༠༠༠༠ ལྷག་གི་བཙོན་འཇུག་གནས་ཚུལ་དང་། བཀག་སྐྱིལ་ཁང་དུ་བཀོད་སྡོམ་སྟངས་འཛིན་བྱེད་ཕྱོགས་ཀྱི་བཀའ་ཁྱབ། མཐོ་རིམ་མགོ་འཁྲིད་རྣམས་ཀྱི་གསང་བའི་གཏམ་བཤད་ཀྱི་ཟིན་བྲིས་སོགས་སྔར་མ་ཐོན་པའི་གནས་ཚུལ་ཞིབ་ཕྲ་འཁོད་ཡོད་འདུག

གསང་བའི་ཡིག་ཆ་དེའི་ནང་གསལ་བའི་གནས་ཚུལ་ཕལ་ཆེ་བ་ཕྱི་ལོ་ ༢༠༡༧ ནས་ ༢༠༡༨ བར་གྱི་ཡིན་ཞིང་། དེའི་ནང་བཙོན་པ་བྲོས་བྱོལ་བ་རྣམས་ཀྱི་ཐོག་ཐག་གཅོད་ཇི་ལྟར་བྱ་དགོས་པའི་སྐོར་ནས། བཀག་སྐྱིལ་ཁང་གི་གྲུ་ཟུར་དུ་ཡོད་པའི་བྱ་རའི་ལྕོག་མཁར་ (watch tower) ནང་མེ་མདའ་སྦག་སྦག་དང་། འཇབ་མདའ་(sniper rifle) འཇོག་དགོས་པ་དང་། ཉེན་བརྡ་སྒྲོག་སྐབས་བཀག་སྐྱིལ་ཁང་སྒོ་བརྒྱབ་སྟེ་གཡས་གཡོན་གྱི་རྒྱ་ལམ་རྣམས་ཡོངས་སུ་འགོག་དགོས་པ་མ་ཟད། བཀག་སྐྱིལ་ཁང་གི་མེ་མདའ་ཐོགས་པའི་ཛ་དྲག་ཉེན་རྟོག་རུ་ཁག་མངག་གཏོང་དགོས་སྐོར་དང་། བཙོན་པ་བྲོས་བྱོལ་བར་ཉེན་བརྡའི་མེ་མདའ་འཕངས་རྗེས། ད་དུང་འབྲོ་རྩིས་བྱས་ཚེ་ཐད་ཀར་མེ་མདའ་གཞུས་ཏེ་གསོད་དགོས་སྐོར་དང་། འཛིན་བཟུང་ཐུབ་པའི་བྲོས་བྱོལ་བ་རྣམས་འདྲི་རྩད་ཆེད་འཁྲིད་དགོས་ཤིང་། ཕྱོགས་གཞན་ནས་བཀག་སྐྱིལ་ཁང་གི་བདེ་འཇགས་དང་བརྟན་བརླིང་ཆེད་བཙོན་པ་རྣམས་ལ་སློབ་གསོ་སྤྲོད་དགོས་སྐོར་ཞིབ་ཕྲ་འཁོད་ཡོད་འདུག

Rarely seen photos from inside the camp. Photo Source: BBC

དེ་བཞིན་བཙོན་པ་རྣམས་ས་ཆ་གཞན་དུ་གནས་སྤོས་བྱེད་སྐབས་མིག་འགེབས་པ་དང་རྐང་ལག་གཉིས་ཀར་ལྕགས་བརྒྱབ་དགོས་སྐོར་དང་། བཙོན་པ་ནད་མནར་ཅན་རྣམས་སྨན་ཁང་དུ་བསྟེན་སྐབས་ལྟ་རྟོག་བྱེད་མཁན་ལས་བྱེད་བཞི་དགོས་པ་མ་ཟད། བཙོན་པ་ནད་པ་དེའི་རྐང་ལག་གཉིས་ལའང་ལྕགས་སྒྲོག་རྒྱག་དགོས་སྐོར་འཁོད་ཡོད་འདུག་ལ། རྒྱལ་ཁབ་གཞན་དུ་དེ་ནི་ཧ་ཅང་ཉེན་ཚབས་ཆེ་བའི་ཉེས་ཅན་ལ་མ་གཏོགས་བྱེད་ཀྱི་མེད་པ་རེད། ཕྱི་ལོ་ ༢༠༡༨ ལོར་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་རྐང་ལག་ལ་ལྕགས་སྒྲོག་བརྒྱབ་ཅིང་མིག་བཀབ་པ་མ་ཟད། སྐྲ་བཞར་བའི་མི་གྲངས་ཕོན་ཆེན་ཉེན་རྟོག་པ་མང་པོའི་ལྟ་རྟོག་འོག་མེ་འཁོར་འབབ་ཚུགས་ཀྱི་ཕྱི་ལ་རུ་སྟར་བསྒྲིགས་ནས་བསྡད་ཡོད་པའི་བརྙན་ཐུང་ཞིག་ཁྱབ་སྤེལ་བྱུང་ཡོད་ཅིང་། སྐབས་དེར་རྒྱ་ནག་གཞུང་གིས་བརྙན་དེ་བཀག་སྐྱིལ་ཁང་དང་འབྲེལ་བ་མེད་སྐོར་བཤད་ཡོད་ཀྱང་། དོན་དུ་ད་ལན་ཐོབ་པའི་གསང་བའི་ཡིག་ཆའི་ནང་གི་བཙོན་པ་གནས་སྤོར་བྱེད་ཕྱོགས་ཀྱི་བཀོད་ཁྱབ་དང་ཧ་ཅང་མཚུངས་པོ་ཡོད་པ་རེད། 

གསང་བའི་ཡིག་ཆ་དེའི་ནང་ཡུ་གུར་མི་གྲངས་འབུམ་ ༢ དང་ཕྱེད་ཀ་ལྷག་གི་མིང་དང་། སྡོད་གནས་ཁ་བྱང་། གཞུང་གི་ངོ་སྤྲོད་ཨང་གྲངས། བཀག་སྐྱིལ་བྱས་ཡོད་མེད་དང་། བྱས་ཡོད་ཚེ་བཀག་སྐྱིལ་ཁང་གང་དུ་ཡོད་མེད་བཅས་འཁོད་པའི་ཡིག་ཤོག་ ༤༥༢ དང་། ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡ པོ་ནས་ཟླ་ ༧ པའི་བར་བརྒྱབ་པའི་ཡུ་གུར་མི་གྲངས་ ༥༠༠༠ ལས་མང་བའི་པར་ཡོད་ཅིང་། ཡིག་ཆ་གཞན་དང་གཤིབ་བསྡུར་བྱེད་སྐབས་དེ་དག་ཁྲོད་ནས་ཉུང་མཐར་མི་གྲངས་ ༢༨༨༤ བཙོན་འཇུག་བཀག་སྐྱིལ་བྱས་ཡོད་པ་ཤེས་རྟོགས་ཐུབ་ཡོད་ཅིང་། རྒྱ་ནག་གཞུང་གིས་དུས་རྒྱུན་བཀག་སྐྱིལ་ཁང་དེ་དག་ནི་སྦྱོང་བརྡར་ལྟེ་གནས་ཡིན་པ་དང་། སློབ་ཕྲུག་རྣམས་རང་མོས་ཐོག་ནས་དེར་ཞུགས་ཀྱི་ཡོད་སྐོར་སྒྲོག་གི་ཡོད་ནའང་། ད་ཐེངས་ཐོབ་པའི་པར་རིས་མི་ཉུང་བའི་ནང་བཙོན་པའི་འཁྲིས་ལ་ལྕགས་རྒྱུག་འཁུར་བའི་ཉེན་རྟོག་པ་ཡོད་ཅིང་། བཙོན་པའི་པར་རིས་དེ་དག་ཁྲོད་ནས་ལོ་ན་ཆུང་ཤོས་ནི་རང་ལོ་ ༡༥ ཐོག་འཛིན་བཟུང་བྱས་པའི་བུ་མོ་ར་ཧིལ་ཨོ་མར་ (Rahile Omer) ཟེར་བ་ཞིག་ཡིན་ཞིང་། ལོ་ན་ཆེ་ཤོས་དེ་ནི་རང་ལོ་ ༧༣ ཡིན་པའི་སྐྱེས་མ་ཨ་ནི་ཧན་ཧ་མིཌ་ (Anihan Hamit) ཟེར་བ་ཞིག་ཡིན་པ་རེད་འདུག

ཡིག་ཆའི་ནང་བཙོན་པ་རེ་རེའི་གནས་ཚུལ་ཞིབ་ཕྲ་འཁོད་པའི་ཁྲོད། བཙོན་པ་ཞིག་གིས་ལོ་ངོ་ ༡༠ གོང་དུ་རང་གི་རྨོ་མོ་དང་ལྷན་དུ་ཁ་ཆེའི་དཔེ་ཆར་སློབ་སྦྱོང་བྱས་པའི་རྐྱེན་གྱིས་ལོ་ ༡༠ ཡི་བཙོན་འཇུག་ཉེས་ཆད་བཏང་འདུག་ལ། བཙོན་པ་མང་པོ་ཞིག་གིས་ཁ་པར་བརྒྱུད་ཁ་ཆེའི་ཆོས་ལུགས་ཀྱི་གསུང་ཆོས་ལ་ཉན་པའམ། གཞུང་གི་སོ་མྱུལ་ལ་གཡོལ་ཐབས་ཆེད་ཁ་པར་ནང་དངུལ་མ་བླུགས་པའི་ཉེས་མིང་དང་། གཞན་ཡང་འཁྲུག་པ་སློང་བ་དང་། སྤྱི་ཚོགས་ཀྱི་སྒྲིག་སྲོལ་གཏོར་བ་སོགས་ཀྱི་ནག་ཉེས་བཙུགས་ཏེ་ལོ་ ༡༠ ནས་ ༢༥ བར་དུ་བཙོན་འཇུག་བྱེད་པ། ད་དུང་ཉེན་རྟོག་ལས་ཁུངས་ཀྱི་ཡིག་ཆའི་ནང་། ཏར་སུན་ཀ་ཌིར་ (Tursun Kadir) ཞེས་པའི་སྐྱེས་པ་ཞིག་གིས་ཕྱི་ལོ་ ༡༩༨༠ ལོའི་ནང་ཁ་ཆེའི་ཆོས་ལུགས་ལ་སློབ་སྦྱོང་བྱས་ཡོད་ཚུལ་དང་། ཉེ་ཆར་ཁོ་པས་ཆོས་ལུགས་ཐལ་ཆ་རིང་ལུགས་ཀྱི་ཤུགས་རྐྱེན་འོག་ཨག་ཚོམ་བསྐྱེད་པའི་ནག་ཉེས་འོག་ལོ་ ༡༦ དང་ཟླ་བ་ ༡༡ གི་བཙོན་འཇུག་ཉེས་ཆད་བཅད་ཡོད་འདུག གསང་བའི་ཡིག་ཆའི་ཁྲོད་དུ་ཊར་སུན་ཀ་ཌིར་བཀག་སྐྱིལ་མ་བྱས་གོང་གི་པར་ཞིག་དང་བཀག་སྐྱིལ་སྐབས་ཀྱི་པར་གཅིག་བཅས་ལག་སོན་བྱུང་ཡོད་འདུག

“Xinjiang Police files” obtained by an anonymous by hacking the computer servers in the Xinjiang region. Photo Source: BBC

ད་ལན་ལག་སོན་བྱུང་བའི་ཡིག་ཆ་དེ་དག་ནི་འདི་ལོའི་ལོ་མགོར་རང་མིང་བརྗོད་འདོད་མེད་པའི་མི་ཞིག་གིས་ཤར་ཊུར་ཀི་སི་ཐན་ཁུལ་གྱི་རྒྱ་ནག་གཞུང་གི་ཉེན་རྟོག་ཁང་གི་གློག་ཀླད་ལ་དྲ་ལམ་འཇབ་རྒོལ་བྱས་ཏེ་བླངས་པ་ཤ་སྟག་ཡིན་པ་དང་། ཁོས་ཡིག་ཆ་ཕོན་ཆེན་དེ་དག་ཨ་རིའི་གནས་སྡོད་བྱེད་བཞིན་པའི་ཡུ་གུར་གྱི་སློབ་དཔོན་ཨེཌ་རི་ཡན་ཛེན་ཛི་ (Adrian Zenz) ལ་ཕུལ་ཡོད་ཅིང་། ཡུ་གུར་གྱི་སློབ་དཔོན་དེས་བྷི་བྷི་སི་ཚུད་པའི་རྒྱལ་སྤྱིའི་གསར་ལམ་ ༡༤ ལས་གྲུབ་པའི་ལྷན་ཚོགས་ལ་མཁོ་སྤྲོད་བྱས་ཡོད་པ་རེད་འདུག ཡིག་ཆ་འདི་ནི་ད་བར་ལག་སོན་བྱུང་བའི་རྒྱ་ནག་གཞུང་གི་བཀག་སྐྱིལ་ཁང་སྐོར་གྱི་ཡིག་ཆ་ཕོན་ཆེ་ཤོས་གྲས་སུ་ཡིན་པ་མ་ཟད། དེས་རྒྱ་ནག་གཞུང་གིས་ཡུ་གུར་རྣམས་ཀྱི་ངོ་བོ་དང་། རིག་གཞུང་། ཆོས་ལུགས་བཅས་ལ་དྲག་གནོན་གྱི་སྲིད་ཇུས་སྤེལ་བཞིན་པའི་བདེན་དཔང་བཙན་ཤོས་དེ་ཆགས་ཡོད་པ་རེད། དེའི་ཐོག་རྒྱལ་སྤྱིའི་གསར་ཁང་དེ་དག་གིས་ཡིག་ཆའི་ནང་གི་གནས་ཚུལ་མི་ཉུང་བ་ཞིག་སྲུང་སྐར་གྱི་པར་རིས་དང་ད་ལྟ་ཕྱི་རྒྱལ་ཁག་ཏུ་སྐྱབས་བཅོལ་དུ་ཡོད་པའི་ཡུ་གུར་ལ་བཅར་འདྲི་བྱས་པ་བརྒྱུད་དངོས་འབྲེལ་ཡིན་པ་ཁུངས་སྐྱེལ་བྱས་ཡོད་འདུག

ད་དུང་ཡིག་ཆའི་ནང་རྒྱ་ནག་གི་མཐོ་རིམ་མགོ་འཁྲིད་སྐོར་ཞིག་གི་གསང་བའི་གཏམ་བཤད་ཀྱི་སྒྲ་ཕབ་ཡོད་ཅིང་། དེའི་ཁྲོད་ནས་ཀྱང་ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གི་བདེ་འཇགས་བློན་ཆེན་ཀྲའོ་ཁེ་ཀྲི་ (Zhao Kezhi) ཟེར་བ་ཤར་ཊུར་ཀི་སི་ཐན་དུ་ལྟ་སྐོར་དུ་སླེབས་སྐབས། ཤིན་ཅང་ནང་ཤར་ཊུར་ཀི་སི་ཐན་གྱི་རང་བཙན་དང་། ཁ་ཆེ་ཆོས་ལུགས་དང་ཊར་ཀི་བསམ་བློའི་ཤོག་ཁག་བཅས་ཀྱི་ཤུགས་རྐྱེན་ཐེབས་པའི་མི་གྲངས་ས་ཡ་ ༢ ཡོད་པ་དང་། དེའི་ཐོག་ཤིན་ཅང་གི་ལྷོ་བརྒྱུད་དུ་ཆོས་ལུགས་ཀྱི་ཐལ་ཆ་རིང་ལུགས་ཀྱིས་ཤུགས་རྐྱེན་ཕོག་པའི་མི་གྲངས་ས་ཡ་ ༢ ལྷག་ཡོད་སྐོར་བརྗོད་དེ། རྒྱ་ནག་གཞུང་གིས་བཀག་སྐྱིལ་གྱི་དམིགས་འབེན་གསལ་སྟོན་བྱས་ཡོད་འདུག་ལ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་འཛུགས་སྐྲུན་གསར་པ་རིགས་དང་བཙོན་པ་རྣམས་ཀྱི་ཆེད་བཙོན་ཁང་རྒྱ་བསྐྱེད་བྱ་རྒྱུར་མ་དངུལ་འཕར་མ་སྤྲོད་རྒྱུ་སོགས་ཀྱི་ཐད་ལ་བཀོད་ཁྱབ་གལ་ཆེན་སྤྲད་དེ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཚུལ་བརྗོད་ཡོད་འདུག གཞན་ཡང་ཉེ་ཆར་འཕོ་འགྱུར་སོང་བའི་ཤིན་ཅང་ཡུ་གུར་རང་སྐྱོང་ཁུལ་ཟེར་བའི་དམར་ཤོག་དྲུང་ཆེ་ཁྲིན་ཆེན་གོ་(Chen Quanguo) ཟེར་བ་དེས། ཁོ་རང་སྲིད་འཛིན་ཞི་ཅིང་ཕིན་གྱིས་ཤིན་ཅང་བརྟན་བརླིང་བཟོ་ཆེད་མངགས་ཡོད་སྐོར་བརྗོད་འདུག

A detainee in handcuffs can be seen receiving medical care. Source: BBC

ཁ་སང་རྒྱ་ནག་གཞུང་གི་རྒྱུན་ལྡན་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་ཨ་རིའི་བྷུ་ལུམ་བྷག་(Bloomberg)གསར་ཁང་གི་གསར་འགོད་པས། རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ཝན་ཝིན་པིན་ལ་ད་ལན་ཐོན་པའི་གནས་ཚུལ་དེ་དག་བདེན་པ་ཡིན་མིན་དྲིས་པར་ཁོས། དེ་དག་ནི་ཤིན་ཅང་ལ་ཁ་གཏད་པའི་རྒྱ་ནག་ལ་ངོ་རྒོལ་སྟོབས་ཤུགས་ཀྱི་དཔེ་མཚོན་གསར་ཤོས་དེ་ཡིན་པ་དང་། བྷི་བྷི་སིས་སྤེལ་བའི་རྫུན་དང་འཁྱར་གཏམ་དག་གིས་འཛམ་གླིང་ལ་མགོ་སྐོར་གཏོང་མི་ཐུབ་ལ། ཤིན་ཅང་ནང་ཞི་བདེ་དང་བརྟན་བརླིང་ཡོད་པའི་དངོས་དོན་འགེབས་ཐུབ་ཐབས་མེད་པ་དང་། ཤིན་ཅང་གི་དཔལ་འབྱོར་གནས་སྟངས་ཡར་རྒྱས་འགྲོ་བཞིན་ཡོད་པ་དང་། མི་མང་རྣམས་ཞི་བདེ་དང་འདོད་བློ་ཁེངས་པའི་ཐོག་ནས་འཚོ་བ་རོལ་བཞིན་ཡོད་སྐོར་གྱི་བརྗོད་ཡོད་འདུག་ལ། ཨ་རིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་རྒྱལ་སྤྱིའི་གསར་འགོད་ལྷན་ཚོགས་ལ་ཡིག་ལན་ཞིག་སྤྲད་པའི་ནང་། རྒྱ་ནག་གཞུང་གིས་ཤིན་ཅང་ཁུལ་དུ་འཇིགས་སྐུལ་དྲག་སྤྱོད་པའི་སྟོབས་ཤུགས་ཉམས་དམས་སུ་གཏོང་བའི་སྲིད་ཇུས་ལག་བསྟར་ཚགས་ཚུད་བྱས་ཏེ། ཉེ་བའི་ཆར་དྲག་སྤྱོད་ཀྱི་གནད་དོན་བྱུང་མེད་སྐོར་སོགས་ལས་ད་ལན་གྱི་གནས་ཚུལ་དེ་བདེན་མིན་སྐོར་ལ་ཚིག་གཅིག་ཀྱང་བཤད་མེད་པ་རེད་འདུག

གསང་བའི་ཡིག་ཆ་དེ་དག་ཕལ་ཆེ་བ་ཤར་ཊུར་ཀི་སི་ཐན་གྱི་ནུབ་བརྒྱུད་རྫོང་ཀོ་ན་ཤེ་ཧར་ (Konasheher རྒྱ་སྐད་ཐོག་ཤུ་ཧྥུ་) ཁུལ་གྱི་གནས་ཚུལ་ཡིན་ཞིང་། སློབ་དཔོན་ཨེཌ་རི་ཡན་ཛེན་ཛི་ཡིས་ཡིག་ཆར་ཞིབ་འཇུག་བྱེད་སྐབས། ཕྱི་ལོ་ ༢༠༡༧ ནས་ ༢༠༡༨ བར་རྫོང་དེའི་ནང་གི་མི་གྲངས་ ༢༢༧༦༢ བཀག་སྐྱིལ་ཁང་ངམ་བཙོན་ཁང་ནང་ཡོད་པ་དང་། དེ་ནི་ཡུ་གུར་མི་འབོར་ཁྲོད་དར་མའི་བརྒྱ་ཆ་ ༡༢ ཟིན་གྱི་ཡོད་ཅིང་། གྲངས་དེ་ཤར་ཊུར་ཀི་སི་ཐན་ཡོངས་ལ་མཚུངས་བསྡུར་བྱས་ཚེ། དུས་རྒྱུན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྗོད་བཞིན་པ་ལྟར། ལོ་དེའི་ནང་ཁྱོན་ཡུ་གུར་གཙོས་པའི་ཁ་ཆེ་གྲངས་ཉུང་མི་རིགས་ཡིན་པའི་དར་མ་ས་ཡ་ ༡།༢ ལྷག་བཀག་སྐྱིལ་བྱས་ཡོད་པ་ཚོད་དཔག་བྱས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༩ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༠ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༡ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese