མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨ་རིའི་ནང་མི་གསོད་དོན་རྐྱེན་བྱུང་སྟེ་མི་ ༢༡ གྲོངས།

བོད་ཀྱི་དུས་བབ།
༢༠༢༢/༠༥/༢༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཨ་རིའི་མངའ་སྡེ་ཊེག་སེ་སིའི་ (Texas) གྲོང་ཁྱེར་ (Uvalde) ནང་གི་ལོ་ན་ ༧ ནས་ ༡༠ བར་གྱི་སྔོན་འགྲོའི་སློབ་གྲྭ་ཞིག་གི་ནང་མི་ཞིག་གིས་གང་བྱུང་མེ་མདའ་བརྒྱབ་སྟེ་སློབ་ཕྲུག་ ༡༩ དང་དགེ་རྒན་ ༢ བཅས་ཁྱོན་མི་ ༢༡ བསད་ཡོད་འདུག

People leave the Uvalde Civic Center following a shooting earlier in the day at Robb Elementary School, Tuesday, May 24, 2022, in Uvalde, Texas. (William Luther/The San Antonio Express-News via AP)

མི་གསོད་དོན་རྐྱེན་དེའི་ཐད་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་མཆོག་གིས། ཨ་རིའི་ནང་མི་གསོད་དོན་རྐྱེན་མང་པོ་བྱུང་གི་ཡོད་པར་བློ་ཕམ་དང་འབྲེལ། ཨ་རིའི་གཞུང་གིས་མེ་མདའ་ཉར་ཆོག་པའི་སྒྲིག་ཁྲིམས་ལ་ཚོད་འཛིན་བྱ་དགོས་པའི་སྐུལ་མ་བཏང་ཡོད་པ་དང་སྦྲགས། བྱིས་པ་ག་ཚོད་ཅིག་གིས་རང་ཉིད་དམག་འཁྲུག་གི་ནང་དུ་ཡོད་པ་ནང་བཞིན། རང་རང་གི་གྲོགས་པོ་མིག་མདུན་ནས་འཆི་བཞིན་པར་ལྟ་དགོས་སམ། ཁོ་ཚོས་རྐྱེན་ངན་འདི་དང་ལྷན་དུ་མི་ཚེའི་སྐྱེལ་དགོས་བྱུང་བ་རེད། ཅེས་བརྗོད་ཡོད་པ་མ་ཟད། ཨ་རིའི་ཕོ་བྲང་དཀར་པོ་གཙོ་བྱས་པའི་ཨ་རིའི་གཞུང་འབྲེལ་གྱི་ཁང་པ་ཚང་མའི་སྟེང་གི་རྒྱལ་དར་ཕྱེད་ཀ་མར་ཕབ་སྟེ་འདས་གྲོངས་སུ་ཕྱིན་པའི་བྱིས་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་དགོས་པའི་བཀའ་བཏང་ཡོད་འདུག

ཁེ་ན་ཌའི་སྲིད་བློན་སྐུ་ཞབས་ཇ་སི་ཊན་ཊུ་རུ་ཌོ་ (Justin Trudeau) ཡིས་སྒེར་གྱི་ཊུ་ཝི་ཊར་སྟེང་དུ། དེ་རིང་ཊེག་སེ་སི་ནང་དུ་ཡ་ང་བའི་མེ་མདའི་དོན་རྐྱེན་ཁྲོད་གནོད་ཤུགས་ཐེབས་མཁན་ཡོངས་ལ་སེམས་ཚོར་ཆེན་པོ་ཡོད། ངས་འདས་གྲོངས་སུ་ཕྱིན་པའི་སློབ་ཕྲུག་དེ་དག་གི་ཕ་མ་དང་ནང་མི། གྲོགས་པོ། འཛིན་གྲོགས། དེ་བཞིན་ལས་བྱེད་རྣམས་ཀྱི་མི་ཚེར་རྦད་དེ་འགྱུར་བ་ཕྱིན་ཡོད་པར་བསམ་བློ་གཏོང་གི་ཡོད། ཁེ་ན་ཌའི་མི་མང་གི་ཁྱེད་ཅག་མཉམ་དུ་ཡོད་ལ། ཁྱེད་ཅག་ལ་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

ཐེངས་འདིར་ཨ་རིའི་ཊེག་སེ་སི་ཁུལ་གྱི་སྔོན་འགྲོའི་སློབ་གྲྭ་དེའི་ནང་མི་གསོད་དོན་རྐྱེན་སྒྲུབ་མཁན་གྱི་མི་དེ་ནི་རང་ལོ་ ༡༨ དང་ས་ཁུལ་རང་གི་མི་འདུག་ལ། སྐབས་དེར་ཁོ་རང་གཅིག་པུས་དོན་རྐྱེན་དེ་བསྒྲུབས་ཡོད་འདུག་ལ། དོན་རྐྱེན་ཁྲོད་སློབ་ཕྲུག་མང་པོ་བསད་པ་དང་སློབ་ཕྲུག་གསུམ་གྱི་གནས་སྟངས་ཛ་དྲག་ཆགས་ཏེ། ཉེ་འཁྲིས་(San Antonio) སྨན་ཁང་དུ་སྨན་བཅོས་བྱེད་བཞིན་འདུག ད་ལྟའི་ཆར་མི་དེས་མེ་མདའ་རྒྱག་དགོས་པའི་དམིགས་ཡུལ་དང་མཚོན་ཆ་ག་རེ་བེད་སྤྱོད་བྱས་ཡོད་མེད་གསལ་ཁ་མེད་པ་རེད།

ཕྱི་ལོ་ ༢༠༡༢ ལོར་ཨ་རིའི་གྲོང་རྡལ་ནེའུ་ཁྲོན་ (Newtown) དུ་ཡོད་པའི་ (Sandy Hook Elementary School) སྔོན་འགྲོའི་སློབ་གྲྭའི་ནང་འཐབ་རྒོལ་བྱུང་སྟེ་སློབ་ཕྲུག་ ༢༠ དང་ལས་བྱེད་ ༦ འདས་གྲོངས་སུ་ཕྱིན་ཡོད་པ་དང་། ལོ་ངོ་དྲུག་གི་རྗེས་སུ་ཨ་རིའི་ཉེ་བའི་གྲོང་སྡེ་ (Parkland) ལ་ཡོད་པའི་ (Marjory Stoneman Douglas High School) མཐོ་རིམ་སློབ་གྲྭའི་ནང་དུ་མི་ཞིག་གིས་མི་ ༡༧ ལ་མེ་མདའ་བརྒྱབ་སྟེ་བསད་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist