མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སུ་འཚམས་གཟིགས་གནང་བཞིན་པ།

བོད་ཀྱི་དུས་བབ།
༢༠༢༢/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀྱི་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་མཇལ་འཕྲད་གནང་ཡོད་པ་དང་དེ་བཞིན་བདུན་ཕྲག་གཉིས་ཙམ་རིང་ལྷོ་གཞིས་ཁག་དང་དགོན་སྡེ་གྲྭ་ཚང་སོགས་ཀྱི་ནང་འཚམས་གཟིགས་གནང་བཞིན་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་སེར་སྐྱ་མི་མང་གིས་ཕེབས་བསུ་ཞུས། ༢༠༢༢།༠༥།༣༡ དུས་བབ་ཀྱི་པར།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་གི་མཛད་འཁུར་བཞེས་ནས་ལོ་ངོ་གཅིག་ཧྲིལ་པོ་འཁོར་བའི་སྐབས་དེ་ཕྱི་ཟླ་ལྔ་པའི་ཚེས་ ༢༨ ཉིན་ནས་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ནས་དབུ་འཛུགས་གནང་ཡོད་པ་ལྟར། དེ་རིང་ལྷོ་ཕྱོགས་གཞིས་ཆགས་སྦེལ་ཀོབ་ཏུ་ཕེབས་འབྱོར་བྱུང་ཡོད་པ་དང་། སྐབས་དེར་གཞིས་ཁག་གཉིས་ཀྱི་སེར་སྐྱ་མི་མང་གིས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་འདུག ཐོག་མར་སྲིད་སྐྱོང་མཆོག་གིས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་གཞུང་སྒོ་གསར་པ་དབུ་འབྱེད་གནང་ཡོད་པ་དང་། དེ་ནས་སྦེལ་ཀོབ་གཞིས་སྤྱི་རྒྱལ་བའི་ཕོ་བྲང་དུ་གནས་མཇལ་གནང་སྟེ་ཕེབས་བསུའི་རྟེན་འབྲེལ་མཛད་སྒོ་སྟབས་བདེ་ཞིག་ཚོགས་སོང་།

སྲིད་སྐྱོང་གིས་སྦེལ་ཀོབ་གཞིས་ཆགས་ནང་ཉིན་གྲངས་ ༤ རིང་འཚམས་གཟིགས་གནང་གི་ཡོད་འདུག་ལ། དེ་རིང་ཉིན་དང་པོར་སྦེལ་ཀོབ་ཀྱི་སློབ་གྲྭ་དང་། དགོན་སྡེ་གྲྭ་ཚང་ཁག་གི་ནང་ཕེབས་བཞིན་ཡོད་པ་དང་། སང་ཉིན་ནས་གཞིས་ཆགས་གྲོང་སྡེ་ཁག་གི་ནང་དུ་འཚམས་གཟིགས་གནང་རྒྱུ་ཡིན་འདུག ཕྱི་ཟླ་ ༦ པའི་ཚེས་༤ ནས་ཕྱི་ཚེས་ ༡༢ བར་དུ་རིམ་བཞིན་ཧོན་སོར་རབ་རྒྱས་གླིང་གཞིས་ཆགས་དང་ཀོ་ལི་གྷལ་དོན་ལྡན་གླིང་། མོན་གྷོ་འདོད་རྒུ་གླིང་བཅས་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་ནང་གཟིགས་སྐོར་གནང་རྒྱུ་ཡིན་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་སྦེལ་ཀོབ་བོད་ཁྱིམ་གྱི་དགེ་སློབ་རྣམས་ལ་གསུང་བཤད་གནང་། ༢༠༢༢།༠༥།༣༡ དུས་བབ་ཀྱི་པར།

ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་ནས་ཉིན་གྲངས་གཉིས་རིང་སྦེང་ལོར་དུ་ཡོད་པའི་ནཱི་ལ་མངྒ་ལ་ལས་རིགས་སྦྱོང་བརྡར་བསྟི་གནས་ཁང་དང་། སྨན་རྩིས་ཁང་ཡན་ལག ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་སོགས་སུ་གཟིགས་སྐོར་གནང་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༣༠ ཉིན་ཀར་ན་ཊ་ཀ་མངའ་སྡེ་གཞུང་གི་སྤྱི་ཁྱབ་བློན་ཆེན་བྷོ་མིའེ་( Basavaraj Bommai)མཆོག་དང་སྤྱི་ཁྱབ་དྲུང་ཆེ་རྣམ་གཉིས་མཇལ་འཕྲད་གནང་སྟེ། ཀར་ན་ཊ་ཀ་མངའ་གཞུང་ནས་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལ་མུ་མཐུད་མཐུན་འགྱུར་རོགས་རམ་ཡོང་བའི་རེ་སྐུལ་དང་། ད་བར་དུ་རོགས་རམ་གནང་བ་དེར་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་སྟོན་པའི་སྐུ་བརྙན་ཞིག་ཀྱང་གནང་ཡོད་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྱི་བོད་མི་རྣམས་ལ་གསུང་བཤད་གནང་བ། བོད་མིའི་སྒྲིག་འཛུགས་ཀྱི་པར།
སྲིད་སྐྱོང་མཆོག་ནས་ད་ལན་ལྷོ་ཕྱོགས་ཁུལ་ལ་འཚམས་གཟིགས་གནང་དགོས་དོན་ནི་སྲིད་སྐྱོང་གི་འགན་ཁུར་ཙམ་མིན་པར་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་བཞི་ཡི་བཀའ་བློན་གྱི་འགན་ཁུར་ཐོག་ནས་མང་ཚོགས་ཀྱི་དངོས་ཡོད་གནས་སྟངས་མཁྱེན་རྟོགས་སླད་དུ་ཕེབས་པ་ཡིན་སྐོར་གསུངས་ཡོད་འདུག་ལ། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭར་གཟིགས་སྐོར་གནང་སྟེ་དགེ་སློབ་ཚོར་གསུང་བཤད་གནང་སྐབས། གཞོན་སྐྱེས་རྣམས་ལ་ཐུག་ཕྲད་གནང་རྒྱུ་དེ་ནི་གལ་གནད་ཆེ་ཤོས་སུ་རྩི་བཞིན་ཡོད་པའི་སྐོར་དང་། ༧གོང་ས་མཆོག་གི་མཛད་འཕྲིན། དེ་བཞིན་སྐབས་བཅུ་དྲུག་པའི་བཀའ་ཤག་གི་ལས་དོན་བྱེད་ཕྱོགསདང་བོད་མིའི་རྩ་དོན་འཐབ་རྩོད་སོགས་ཀྱི་སྐོར་ལ་གསུང་བཤད་དང་དྲི་བ་དྲིས་ལན་བཅས་གནང་ཡོད་པ་རེད།
རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese