མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གཡག་རྔ་གྲོང་ཁྱེར་དུ་ས་ཡོམ་བརྒྱབ་སྟེ་མི་རྒྱུ་གཉིས་ལ་གནོད་སྐྱོན་བཟོས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༦/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་དྲོར་སི་ཁྲོན་གཡག་རྔ་གྲོང་ཁྱེར་ལུའུ་ཧྲན་རྫོང་དུ་ས་ཡོམ་རིམ་པ་ ༦ ཅན་ཞིག་བརྒྱབ་སྟེ་ཉུང་མཐར་མི་ ༤ རྐྱེན་འདས་དང་མི་གྲངས་ ༤༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག

གཡག་རྔའི་ས་ཡོམ་བྱུང་ཡུལ། ཕ་ཕིར་གསར་འགྱུར་ཁང་གི་པར།

དེ་རིང་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༡ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༥ པའི་ཐོག སི་ཁྲོན་གཡག་རྔ་གྲོང་ཁྱེར་ལུའུ་ཧྲན་རྫོང་དུ་ས་ཡོམ་རིམ་པ་ ༦།༡ ཅན་ཞིག་བརྒྱབ་སྟེ། དེ་རིང་སྔ་དྲོའི་བར་དུ་ཉུང་མཐར་མི་གྲངས་ ༤ རྐྱེན་འདས་དང་མི་ ༤༡ ལ་ཚད་རིམ་མི་འདྲ་བའི་རྨས་སྐྱོན་བཟོས་ཡོད་སྐོར་བསྒྲགས་འདུག་ལ། གཞུང་ལམ་དང་ཁང་ཁྱིམ་སོགས་ལ་གནོད་སྐྱོན་ཐེབས་ཡོད་འདུག

བོད་ནང་གི་བོད་མི་གཉིས་ཀྱིས་འདི་གའི་གསར་འགོད་པར་ད་ལྟའི་ཆར་ས་འགུལ་འདིའི་ཁྲོད་ནས་བོད་མིར་ཤི་རྨས་ཐེབས་པའི་གནས་ཚུལ་ཕལ་ཆེར་གོ་ཐོས་བྱུང་མེད་སྐོར་འགྲེལ་བརྗོད་བྱས་བྱུང་ལ། ཕྱི་ལ་ཡོད་པའི་བོད་མི་ཞིག་གིས་ཀྱང་ཕ་ཡུལ་ལ་འབྲེལ་བ་བྱེད་སྐབས་བོད་མིར་གནོད་འཚེ་ཐེབས་པའི་གནས་ཚུལ་བྱུང་མེད་སྐོར་འགྲེལ་བརྗོད་བྱས་བྱུང་།

དྲ་ལམ་ནས་ཤེས་རྟོགས་བྱུང་བ་ལྟར་ན། སི་ཁྲོན་གཡག་རྔ་གྲོང་ཁྱེར་ཁོངས་སུ་རབ་རྒྱས་ཤང་ངམ་གཡང་སྐྱིད་ཤང་ཟེར་བའི་ཡུལ་ཚོ་ཞིག་ཡོད་ཅིང་། ཡུལ་ཚོ་དེའི་འོག་ལ་ལྕང་ལོ་དང་དཀར་རི། ཚེ་དཀར། ལེགས་སོ། རྒྱ་ལ་བཅས་གྲོང་སྡེ་ལྔ་དང་། ཆོས་འཁོར་རབ་རྒྱས་གླིང་ཞེས་པའི་དགེ་ལུགས་པའི་དགོན་པ་ཞིག་ཀྱང་ཡོད་འདུག ཡིན་ནའང་། ད་ལྟའི་ཆར་ཁུལ་དེར་ས་འགུལ་གྱི་གནོད་འཚེ་ཐེབས་ཡོད་མེད་སོགས་གང་ཡང་གོ་ཐོས་མི་འདུག

རྒྱ་ནག་གི་གཞུང་འབྲེལ་གནས་ཚུལ་ནང་འཁོད་པ་ལྟར་ན། ད་ལན་ས་ཡོམ་བརྒྱབ་པའི་ཁྲོད་ཤི་རྨས་བྱུང་བ་ཚང་མ་པའོ་ཤིན་རྫོང་ཟེར་བ་དེ་ནས་ཡིན་པ་དང་། ས་འགུལ་དྲག་ཤོས་གཡག་རྔ་གྲོང་ཁྱེར་དུ་བརྒྱབ་ཡོད་ཅིང་། དེ་མིན་སི་ཁྲོན་གྱི་གྲོང་ཁྱེར་ཁྲིན་ཏུའུ་དང་། དབྱི་པིང་། ལོ་ཧྲན་སོགས་ནང་ཤུགས་རྐྱེན་བྱུང་ཡོད་འདུག

A picture of severe damage due to the 12 May 2008 Sichuan earthquake of M7.9.

ཡང་རྒྱ་ནག་གཞུང་ཕྱོགས་ཀྱི་གསར་འགྱུར་ནང་། ད་ཐེངས་ཀྱི་ས་ཡོམ་འདི་ཨ་ཆེན་གངས་རིའི་རྡོག་གཟུགས་ཀྱི་ཤར་ངོས་སུ་བརྒྱབ་ཅིང་། ལོ་རྒྱུས་ཐོག་ཐེངས་མང་པོ་བརྒྱབ་མྱོང་ཡོད་འདུག ཕྱི་ལོ་ ༡༩༠༠ ནས་བཟུང་ས་ཡོམ་གྱི་ལྟེ་བ་དང་སྤྱི་ལེ་ ༢༠༠ ཡོད་པའི་ཁྱབ་ཁོངས་ནང་རིམ་པ་ ༦ ཟིན་པའི་ས་ཡོམ་ཐེངས་ ༢༡ བརྒྱབ་མྱོང་ཡོད་པ་དང་། རིམ་པ་མཐོ་ཤོས་ནི་ཕྱི་ལོ་༢༠༠༨ ལོའི་ཟླ་ ༥ ཚེས་ ༡༢ ཉིན་སི་ཁྲོན་ཝུན་ཁྲོན་དུ་བརྒྱབ་པའི་ས་ཡོམ་རིམ་པ་༨ དེ་ཡིན་འདུག་ལ། སྐབས་དེར་ཁང་ཁྱིམ་སོགས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་པ་མ་ཟད། མི་གྲངས་ ༧༠༠༠ མ་ཟིན་ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist