མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་སྐྱེས་རྣམས་ལ་གཙོ་བོར་དམིགས་པའི་ཉིན་གྲངས་གཉིས་རིང་གི་བཀའ་ཆོས་ལེགས་པར་གྲུབ།

བོད་ཀྱི་དུས་བབ།
༢༠༢༢/༠༦/༠༢
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་རིགས་གཞོན་སྐྱེས་དང་མི་མང་རྣམས་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་དང་རྟེན་འབྲེལ་བསྟོད་པའི་གསུང་ཆོས་སྩལ་སྐབས་ངོས་རང་སེམས་འཁྲུག་བསྡད་རྒྱུ་ཁྱོན་ནས་མེད་པར་སྐྱིད་པོ་བྱས་ནས་བསྡད་ཡོད་པ་དང་ཁྱེད་རང་ཚོའང་སྐྱིད་པོ་བྱས་ནས་སྡོད་ཅེས་གསུངས།

དྷ་ས་ཐེག་ཆེན་གཙུག་ལག་ཁང་གི་ཆོས་རའི་ནང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས། ༢༠༢༢།༦།༢ དུས་བབ་ཀྱི་པར།

 དེ་རིང་བཀའ་ཆོས་ཉིན་གཉིས་ཀྱི་མཐའ་མར་༧གོང་ས་རྒྱལ་བ་རིན་པོ་མཆོག་གིས། སྤྱིར་འཕགས་པ་སྤྱན་རས་གཟིགས་སྙིང་རྗེའི་ལྷ་མཆོག་ཆགས་བསྡད་ཡོད་རེད། སེམས་ཅན་ཀུན་ལ་གཟིགས་མཁན་ཞིག་དང་།  དེའི་ནང་ཚན་ནས་ང་ཚོ་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུན་མོང་མ་ཡིན་པའི་གདུལ་བྱ་ཡིན་པའི་ལོ་རྒྱུས་ཁུངས་བཙན་པོ་ཞེ་དྲགས་བཤད་རྒྱུ་འདུག  དེ་རིང་འདིར་སྤྱན་རས་གཟིགས་དང་། འཇིག་རྟེན་དབང་ཕྱུག ཕྱག་སྟོང་སྤྱན་སྟོང་། ཇོ་བོ་ཝ་ཏི་བཟང་པོ་ཡོད།  ལྷ་ས་རྩེ་པོ་ཏ་ལར་སྤྱན་རས་གཟིགས་སྟོན་འཁོར་གསུམ་ཡོད་རེད། དེ་དང་དེ་རིང་འདིར་བཞུགས་པའི་ཇོ་བོ་ཝ་ཏི་བཟང་པོ་གཉིས་ཞེ་ས་མ་ཞུས་ན་སྤུན་མཆེད་ནང་བཞིན་རེད་ཅེས་བཤད་རྒྱུ་ཡོད་པ་རེད། སྐུ་མདུན་སྐུ་གོང་མ་དང་། ཕལ་ཆེར་རྒྱལ་བ་སྐུ་གོང་མ་ཚོའང་མིན་འགྲོ། དམིགས་བསལ་གྱི་ལྗགས་བརྙན་དེ་འདྲ་གནང་བའི་ཁ་ཐུག་ལ། སྟོད་ནས་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་འདི་ལྷ་སར་གདན་ཞུ་གནང་། དེ་ནས་ཟིང་འཁྲུག་ལངས་པའི་རྗེས་སུ་ཆུ་བཞི་སྒང་དྲུག་གི་གྲས་ཞེ་དྲགས་དྲིན་ཆེན་པོ་རེད། སྟོད་ནས་བལ་ཡུལ་བར་དུ་གདན་འདྲེན་ཞུས། བལ་ཡུལ་ནས་རྒྱ་གར་ལ་གདན་འདྲེན་ཞུས། ནམ་རྒྱུན་རྟེན་བཞུགས་ས་དེ་རྫོང་དཀར་ཆོས་སྡེ་ལ་རེད། རྫོང་དཀར་ཆོས་སྡེ་རྒྱ་གར་ལྷོ་ཕྱོགས་སུ་གཞིས་ཆགས་བསྡད་ཡོད་རེད། བྱས་ཙང་ཐུགས་རྗེ་ཆེན་པོ་དེ་རྒྱ་གར་ལྷོ་ཕྱོགས་སུ་གདན་འདྲེན་ཞུ་རྒྱུའི་རྩིས་བྱས་པ་རེད། ངོས་རང་ནས་ཐུགས་རྗེ་ཆེན་མོ་དྷ་རམ་ས་ལར་བཞུགས་དང་། ལྷོ་ཕྱོགས་སུ་གདན་འདྲེན་ཞུ་བར་གཟན་རྟགས་བསྒྲིལ་ཡིན། དྷ་རམ་ས་ལར་བཞག་རྒྱུར་གཟན་རྟགས་བཟང་པོ་བྱུང་སོང་། ངོས་རང་བསྡད་ས་དེར་ཐུགས་རྗེ་ཆེན་པོ་བཞུགས་བཞུགས་ཡོད་རེད། བྱས་ཙང་ངོས་རང་ཐུགས་རྗེ་ཆེན་པོའི་དཀོན་གཉེར་འདྲ་བོ་ཞིག་ཆགས་བསྡད་ཡོད་རེད་གདའ། ཐུགས་རྗེ་ཆེན་པོའི་སྐུ་དེ་མཇལ་བསྡད་དུས། ཡར་གད་མོ་བགད་ན། མར་ཞལ་ངོའི་མདངས་བསྟན་ཡོང་མཁན་ཞིག་འདུག གསོན་པོ་འདྲ་བོ་ཞིག་འདུག སྐྱབས་སུ་མཆི། དེ་རིང་རྟེན་ཁྱད་པར་ཅན་དེ་འདྲ་ཞིག་གི་ཐོག་ལ་ཐུགས་རྗེ་ཆེན་པོའི་དབང་གི་སྟ་གོན་ཁ་སང་གྲུབ་པ་བྱས་ཡོད་པ་རེད། ཅེས་གསུངས་སོང་།

 ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ངོས་རང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་རེད། ལྷ་ས་གཙུག་ལག་ཁང་གི་ཇོ་བོའི་སྐུ་མདུན་དུ་ངོས་རང་གིས་བསྙེན་རྫོགས་བསྒྲུབས་པ་རེད། མཁན་པོ་ཡོངས་འཛིན་གླིང་རིན་པོ་ཆེ་རེད། སྐྱབས་སུ་མཆི། དེ་ནས་ངོས་རང་གིས་དཔེ་ཆ་གང་ཙམ་བལྟས་ཡོད་རེད་གདའ། མངོན་རྟོགས་རྒྱན་དང་དབུ་མ་འཇུག་པ་བློར་བཟུང་། དེ་དུས་དོ་སྣང་ཞེ་དྲགས་མེད། བར་སྐབས་དོ་སྣང་ཏོག་ཙམ་སླེབས་ནས་ཡོང་དུས། དབུ་མ་འཇུག་པ་དང་དབུ་མ་རྩ་བ་ཤེས་རབ་དེ་གཉིས་ཞེ་དྲགས་རྩ་ཆེན་པོ་རེད་འདུག ཅེས་དང་། སེམས་ལ་ཞི་བདེ་བསླེབས་པའི་རྒྱུ་རྐྱེན་གྱིས་ལུས་པོའི་འབྱུང་བ་འཁྲུག་བསྡད་པ་དེ་འདྲ་མེད་པར་བདེ་པོ་ཆགས་བསྡད་ཀྱི་ཡོད་པ་རེད། འཕྲོད་བསྟེན་ཟེར་བ་དེ་མ་གཞི་སྨན་བཟའ་རྒྱུ་དེ་འདྲ་ཡོང་གི་རེད་དེ། གཙོ་བོའི་གཙོ་བོ་དེ་སེམས་ཞི་བདེ་བྱུང་བ་ཡིན་ན། ལུས་པོའི་འཕྲོད་བསྟེན་ཡག་ཤོས་དེ་རེད་འདུག ཁྱེད་རང་བྱིས་པ་ཚོས་སེམས་ཀྱི་ཞི་བདེ་དེ་བསྒྲུབ་དགོས་རེད། སེམས་ཀྱི་ཞི་བདེ་ལ་དོ་སྣང་བྱ་དགོས་རེད། ངོས་རང་གིས་རྩེད་མོ་དང་སྦྲགས་ནས་བཤད་ན། ཁྱེད་རང་ཚོ་གདོང་ཏོག་ཙམ་རྣམ་པ་ཡག་པོ་ཡོད་ནའང་། ཁོང་ཁྲོ་ཟ་བསྡད་ན་རྣམ་པ་ཡག་པོ་མཐོང་གི་མ་རེད། རྣམ་པ་ཡག་པོ་དེའི་ཐོག་ལ་འཛུམ་ཤིག་ཤིག་བསྡད་ཡོང་དུས་སྙིང་རྗེ་མོ་འདུག བྱས་ཙང་མི་ཟེར་བ་དེ་སྤྱི་ཚོགས་ཤིག་རེད། དེའི་ནང་ལ་སེམས་པ་བཟང་པོ་བྱས། གཞན་ལ་ཕན་སེམས་བྱས། དེ་འདྲ་བྱས་ནས་བསྡད་པ་ཡིན་ན། སོ་སོ་སྐྱིད་པ། རོགས་པ་ཚོ་སྐྱིད་པ། གང་ལྟར་སེམས་སྐྱེད་བཟང་པོ་ཟེར་བ་དེ་ཞེ་དྲགས་གལ་ཆེན་པོ་རེད། ཁྱེད་རང་ཚོས་ངོས་རང་གི་གདོང་ག་དུས་མཐོང་ན་འཛུམ་ཤིག་ཤིག་བསྡད་པ་ལས། རླུང་ལངས་བསྡད་པའི་གདོང་མཐོང་མྱོང་ངམ། ཞེས་གསུངས་སོང་།

 ༧གོང་ས་རྒྱལ་བ་རིན་པོ་མཆོག་གིས། ངོས་རང་བཙན་བྱོལ་བ་ཆགས་ནས་ལོ་མང་དག་ཕྱིན་པ་རེད། རྒྱ་གར་ནང་བསྡད་ན་བོད་དུ་ཡོད་པ་ལས་ལྷག་པར་འགྲོ་དོན་རྒྱ་ཆེན་པོ་ཞིག་བྱེད་ཐུབ་ཀྱི་འདུག དེང་སང་འཕྲུལ་ཆས་ཀྱི་ཐོག་ནས་སྐད་ཆ་བཤད་རྒྱུ་ཡོད་དུས། ངོས་རང་གིས་སྐད་ཆ་བཤད་རྒྱུ་དང་འབྲེལ་བ་བྱེད་ཐུབ་ཀྱི་འདུག བོད་ནང་དུ་ཡོད་པ་ཡིན་ན་གཅིག་སྡུད་རིང་ལུགས་ཀྱི་འོག་ཏུ་བསྡད་ཡོད་དུས། དེ་འདྲ་བྱ་རྒྱུ་ཡོད་མ་རེད། ངོས་རང་རྒྱ་གར་རང་དབང་ལུང་པའི་ནང་བསྡད་ཡོད་རེད། ཕྱོགས་གཅིག་ནས་བསམ་བློ་བཏང་ན། ངོས་རང་བཙན་བྱོལ་བ་ཆགས། རྒྱ་གར་གཞུང་གི་སྐུ་མགྲོན་བྱས་ནས་བསྡད་རྒྱུ་དེས་འགྲོ་དོན་རྒྱ་ཆེན་པོ་ཞིག་བྱེད་ཐུབ་རྒྱུ་ཆགས་བསྡད་འདུག ཅེས་དང་། ༧མགོན་པོ་གང་ཉིད་ཀྱིས། ཆོས་འཁོར་སྐོར་ལབ་དུས་ཁྲི་འདྲ་བོ་ཞིག་གི་སྒང་དུ་བསྡད་དགོས་རྒྱུ་ཡོད་མ་རེད། སོ་སོའི་ངོ་ཤེས་པ། ནང་ཚགས་ཚོར་སྐད་ཆ་བཤད་དུས། སྐུ་མདུན་ནས་སེམས་པ་བཟང་པོ་བྱེད་དགོས་རེད། མ་ཎི་ཡག་པོ་བགྲོངས་གསུང་གི་འདུག་ལབ་ན། དེ་ཆོས་བཤད་རེད། ཁྱེད་རང་ཚོ་ཕྱོགས་མཐའ་ཚང་མ་ནས་ཡིན་པ་ཚོས་སོ་སོའི་ངོ་ཤེས་རོགས་པ་ཚོར་སེམས་པ་བཟང་པོ་བྱོས། ཀུན་ལ་ཕན་སེམས་ཡག་པོ་བྱོས། མ་ཎི་བགྲོངས་ལབ་ཤོག་ཨ། དེ་ངའི་ message ཡིན།  ཞེས་གསུངས་སོང་།

དྷ་ས་ཐེག་ཆེན་གཙུག་ལག་ཁང་གི་ཆོས་རའི་ནང་དུ་སེར་སྐྱ་མི་མང་གིས་བཀའ་དབང་ཞུས། ༢༠༢༢།༦།༢ དུས་བབ་ཀྱི་པར།

 ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་དབང་དེ་ཁ་སང་སྟ་གོན་བྱས། དེ་རིང་དངོས་གཞི་བྱས་ནས་ལེགས་པར་གྲུབ་སོང་། ངོས་རང་གི་མིག་འོག་ལ་བོད་ནང་དུ་ཡོད་བསྡད་པའི་རྒྱ་ཆེ་མི་མང་། གང་ལྟར་༧རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་བྱེད་མཁན་དེ་དག་ལ་ངོས་རང་གིས་མོས་པ་བྱས་ནས་དབང་ཐོབ་ཡོད། དེ་བཞིན་རྒྱ་ནག་ནང་དུའང་རྒྱ་རིགས་མང་པོ་ཞིག་གིས་ངོས་རང་ལ་དགའ་པོ་བྱེད་ཀྱི་འདུག དེ་དག་ལའང་ངོས་རང་གིས་འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་འཇུག་པར་ཤོག་ཅེས་སྨོན་ལམ་བརྒྱག་གི་ཡོད། གང་ལྟར་ང་རང་ཚོ་བོད་ལ་སྡུག་བསྔལ་མང་པོ་ཞེ་དྲགས་མྱངས་པ་རེད། དེ་དག་རིམ་པས་དྲག་ཏུ་དྲག་ཏུ་འགྲོ་བསྡད་ཀྱི་འདུག རིམ་པས་རྒྱ་ནག་ནང་དུའང་ནང་པའི་ཆོས་ཤུགས་ཆེ་རུ་འགྲོ་ཡི་ཡོད་པའི་གནས་ཚུལ་མང་པོ་འདུག ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་བྱོས། སེམས་སྐྱིད་པོ་བྱས་ནས་སྡོད་ཨ། ༧རྒྱལ་བ་རིན་པོ་ཆེ་ལོ་༨༧ སླེབས་བསྡད་ཡོད་རེད་དེ། ངོས་རང་གི་གདོང་དེ་ད་ལྟ་སྤོར་ཏོ་ཞེ་དྲགས་མི་འདུག་གཱ  བྱས་ཙང་༧རྒྱལ་བ་རིན་པོ་ཆེ་ལོ་༡༥ ། ༢༠ དེ་འདྲ་ཞིག་གཏན་གཏན་བསྡད་ཀྱི་རེད། བློ་བདེ་པོ་བྱས་ནས་སྡོད་ཨ། ངོས་རང་རྒྱ་གར་གཞུང་གི་སྐུ་མགྲོན་བྱས་ནས་ལྷོད་ལྷོད་བྱས་ནས་སྡོད་ཀྱི་ཡོད། གང་ལྟར་པུས་མོ་ཡག་པོ་རང་མི་འདུག དེ་སྐྱོན་མི་འདུག བོད་ཀྱི་དཀའ་ངལ་དེ་ཕལ་ཆེར་སེལ་ཐུབ་ཀྱི་རེད། གཙོ་བོ་ས་ཆ་ག་བར་བསྡད་ཡོད་ནའང་། བྱང་ཆུང་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བསྒོམ་རྒྱུ་ག་ཚོད་ཐུབ་ཐུབ་ཅིག་བྱེད་ན།   ང་རང་ཚོའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གོང་ནས་གོང་དུ་འཕེལ་འགྲོ་རྒྱུ་ཞིག་ཆགས་ཡོང་གི་རེད། ཇི་ཙམ་གྱིས་ང་ཚོའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འཕེལ་བ་དེའི་ཚོད་ཀྱིས་བོད་ཀྱི་བདེན་མཐའ་གསལ་རྒྱུར་ཕན་ཐོགས་ཞེ་དྲགས་ཡོད་རེད། རྒྱ་ནག་འཛམ་གླིང་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཆགས་བསྡད་ཡོད་རེད། དེའི་ནང་དུ་སངས་རྒྱས་པའི་ཆོས་ཀྱི་བག་ཆགས་སད་ནས་བྱུང་བ་ཡིན་ན། མི་མང་པོ་ཞིག་ལ་ཕན་གི་ཡོད་རེད། ཁྱེད་རང་ཚོས་ཏཱ་ལའི་བླ་མ་རྒྱ་གར་གཞུང་གི་སྐུ་མགྲོན་བྱས་ནས་བག་ཕེབས་པོ་བྱས་ནས་བསྡད་འདུག ཁྱེད་རང་ཚོའང་སྐྱིད་པོ་བྱས་ནས་སྡོད་ཨ། ངོས་རང་སེམས་འཁྲུག་བསྡད་རྒྱུ་ཁྱོན་ནས་མེད། ངོས་རང་སྐྱིད་པོ་བྱས་ནས་བསྡད་ཡོད་རེད། ཁྱེད་རང་ཚོས་ཏཱ་ལའི་བླ་མ་བག་ཕེབས་པོ་བྱས་ནས་བསྡད་ཡོད། ད་དུང་ལོ ༡༠ །༢༠ འགྲོ་དོན་བྱེད་ནས་བསྡད་ཀྱི་རེད། ཁྱེད་རང་ཚོ་བློ་བདེ་པོ་བྱས་ནས་སྡོད་ཅིག་ཅེས་གསུངས་སོང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༡༧ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༧ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese