མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུ་འཁྲིད་དཀར་པོ་ཆེ་ལགས་བསྐྱར་དུ་མངའ་སྡེའི་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༦/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཁེ་ན་ཌའི་ནང་གནས་སྡོད་བོད་རིགས་བུད་མེད་བུ་འཁྲིད་དཀར་པོ་ཆེ་ལགས་ཨོན་ཊེ་རི་ཡོ་མངའ་སྡེའི་གྲོས་ཚོགས་འཐུས་མིར་བསྐྱར་དུ་བདམས་ཐོན་བྱུང་ཡོད་འདུག

ཁ་སང་ཕྱི་ཚེས་ ༢ ཉིན་ཁེ་ན་ཌའི་མངའ་སྡེ་ཨོན་ཊེ་རི་ཡོའི་ (Ontario) གྲོས་ཚོགས་འཐུས་མིའི་འོས་བསྡུ་བྱས་ཡོད་པ་ལྟར། མངའ་སྡེ་དེའི་པག་ཌིལ་ཧེ་པག་ (Parkdale-High Park) ནས་ཡིན་པའི་བོད་རིགས་བུད་མེད་བུ་འཁྲིད་དཀར་པོ་ཆེ་ལགས་བསྐྱར་དུ་འཐུས་མིར་བདམས་ཐོན་བྱུང་ཡོད་འདུག

ད་ལྟའི་ཆར་གཞུང་འབྲེལ་ཐོག་ནས་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་མེད་ཀྱང་། ཨོན་ཊེ་རི་ཡོའི་གྲོས་ཚོགས་ནང་ཁྱོན་ཞབས་བཀྱག་ ༡༢༤ ཡོད་པ་དང་། ས་གནས་ཀྱི་མདུན་སྐྱོད་ཡར་སྐུལ་ཚོགས་པ་ (PC)དང་། ལྗང་ཁུ་ཚོགས་པ་(Green)། རང་དབང་རིང་ལུགས་པའི་ཚོགས་པ་(Liberals)། དམངས་གཙོ་ཚོགས་པ་བཅས་ཀྱི་འོས་མི་མཉམ་ཞུགས་གནང་ཡོད་པ་དང་། ད་ལྟའི་ཆར་དྲ་ལམ་གྱི་འོས་བསྡུའི་གྲུབ་འབྲས་ནང་མདུན་སྐྱོད་ཡར་སྐུལ་ཚོགས་པ་དང་དམངས་གཙོ་ཚོགས་པ་གཉིས་ལ་འོས་གྲངས་མང་ཤོས་ཐོབ་འདུག

གྲོས་ཚོགས་འཐུས་མི་བུ་འཁྲིད་དཀར་པོ་ཆེ་ལགས་ཕྱི་ལོ་ ༢༠༡༧ ཟླ་ ༩ པའི་ཚེས་ ༡༤ ཉིན་གྱི་པག་ཌིལ་ (Parkdale) ས་གནས་ཀྱི་དམངས་གཙོ་ཚོགས་པའི་ཚོགས་འདུའི་ཐོག ཕྱི་ལོ་ ༢༠༡༨ ལོའི་ཨོན་ཊེ་རེ་ཡོ་མངའ་སྡེའི་གྲོས་ཚོགས་འཐུས་མི་འོས་བསྡུའི་ནང་པག་ཌིལ་ས་གནས་ཀྱི་འོས་མིར་བདམས་ཡོད་པ་དང་། ཁོང་མོ་ནི་ཁེ་ན་ཌའི་ལོ་རྒྱུས་ནང་བོད་རིགས་ཤིག་གྲོས་ཚོགས་འཐུས་མི་ཆགས་པ་ཐོག་མ་དེ་ཡིན་འདུག བུ་འཁྲིད་དཀར་པོ་ཆེ་ལགས་ཐོག་མར་ས་གནས་འཐུས་མིར་ལངས་སྐབས། བཙན་བྱོལ་དུ་ཡོད་པའི་བོད་མིའི་མི་རབས་གསུམ་པ་ཞིག་ཡིན་པའི་ཆ་ནས་ཚོར་བ་དེ་དམིགས་བསལ་ཤུགས་ཆེན་པོ་ཡོད་སྐོར་བརྗོད་ཡོད་པ་རེད།

ཁོང་མོ་ནི་བལ་ཡུལ་ནང་བཙན་བྱོལ་དུ་ཡོད་པའི་བོད་མིའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། གཞི་རིམ་སློབ་གྲྭ་རྒྱ་གར་ནང་ཐོན་ཡོད་པ་དང་། དགུང་ལོ་ ༡༨ སྟེང་ཁེ་ན་ཌའི་ནང་སྐྱབས་བཅོལ་དུ་འབྱོར་ཏེ་སློབ་ཆེན་འགྲིམས།  ཊོ་རོན་ཊོ་གཙུག་ལག་སློབ་གཉེར་ཁང་དུ་སྤྱི་དམངས་འཕྲོད་བསྟེན་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་པ་མ་ཟད། དབྱིན་ཇིའི་ཁོ་ལོམ་བྷི་ཡ་གཙུག་ལག་སློབ་གཉེར་ཁང་ (Columbia University) ནས་དངོས་ཁམས་ཚན་རིག་ཐོག་རིག་གནས་རབ་འབྱམས་པ་ཐོན།  ད་ལྟའི་ཆར་ (Ryerson University) གཙུག་ལག་སློབ་གཉེར་ཁང་དུ་སྤྱི་དམངས་འཕྲོད་བསྟེན་སྲིད་བྱུས་སྐོར་ལ་འབུམ་རམས་པའི་སློབ་སྦྱོང་གནང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༡༧ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༧ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese