མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་ཕྱི་ལོ་ ༢༠༢༡ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་བཏོན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༦/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་རྒྱལ་སྲིད་ལྷན་ཁང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལས་ཁུངས་ཀྱིས། ཕྱི་ལོ་ ༢༠༢༡ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་བཏོན་པ་བརྒྱུད་རྒྱ་ནག་གི་གཞུང་གིས་བོད་དང་ཡུ་གུར། ཧོང་ཀོང་དང་ཨོ་མན་བཅས་ཀྱི་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་བྱས་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལས་ཁུངས་ཀྱིས། གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་བ་བརྒྱུད། ཕྱི་ལོ་ ༢༠༢༡ ལོའི་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྐོར་གྱི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བའི་ནང་། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རྩ་གཏོར་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་ལུང་འདྲེན་དང་སྦྲགས། རྒྱ་ནག་གཞུང་ནི་རྒྱལ་སྤྱིའི་སྟེང་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་མཁན་སྡུག་ཤོས་ཤིག་ཡིན་པའི་སྐྱོན་བརྗོད་བྱས་འདུག

གསར་འགོད་ལྷན་ཚོགས་སྐབས་ཨ་རིའི་རྒྱལ་སྲིད་དྲུང་ཆེ་ཨན་ཊོ་ནེ་བྷི་ལིག་ལགས་ཀྱིས། འཛམ་གླིང་གི་རྒྱལ་ཁབ་ཁག་ཅིག་གི་ནང་ཆོས་དད་རང་དབང་གི་གནས་སྟངས་ཇེ་ལེགས་སུ་འགྲོ་ཡི་ཡོད་པར་བསྔགས་བརྗོད་དང་འབྲེལ་ནས། ཨ་རིའི་སྙན་ཐོ་དེ་འདོན་དགོས་པའི་རྒྱུ་མཚན་ཡང་འཛམ་གླིང་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་བཞིན་པ་ཁྱབ་སྤེལ་བྱ་རྒྱུ་དེ་ཡིན་ཡང་། ཡིད་སྐྱོ་བ་ཞིག་ལ་འཛམ་གླིང་གི་གཞུང་མང་པོ་ཞིག་གིས་དྲག་གནོན་སྲིད་ཇུས་ལག་བསྟར་གྱིས། མི་མང་གི་གཞི་རྩའི་ཐོབ་ཐང་དང་། ཆོས་དད་རང་དབང་། སྐད་ཡིག་བཀོལ་སྤྱོད་ཀྱི་རང་དབང་སོགས་བཀག་སྡོམ་བྱེད་ཀྱིན་ཡོད་སྟབས། ད་ལྟ་བྱས་པ་ལས་བྱ་རྒྱུ་མང་པོ་ལྷག་ཡོད་སྐོར་སོགས་བརྗོད་འདུག

ཤོག་ངོས་ ༢༠༠༠ ལྷག་ལྡན་པའི་ཕྱི་ལོ་ ༢༠༢༡ ལོའི་སྙན་ཐོ་དེའི་ནང་བོད་ཀྱི་ཆོས་དད་རང་དབང་སྐོར་ལ།  འདས་ལོའི་ཕྱི་ཟླ་ ༩ ཚེས་ ༡ ཉིན་ནས་བཟུང་བོད་ཀྱི་དགོན་སྡེ་ཁག་ཏུ་རྒྱ་ནག་གཞུང་གིས་ཞི་ཅིན་ཕིན་གྱི་དགོངས་པ་ཟེར་བ་ཟབ་འཁྲིད་དང་ཆོས་ལུགས་གཙང་སེལ་ཟེར་བའི་སྲིད་ཇུས་ལག་བསྟར་གྱིས། རྒྱ་ནག་གི་རྩ་ཁྲིམས་ནང་ཆོས་དད་རང་དབང་ཡོད་ཟེར་བ་ཙམ་ལས་དོན་དངོས་ཐོག བོད་ནང་ཆོས་ལུགས་དད་མོས་ཀྱི་རྐྱེན་པས་གྲྭ་བཙུན་མང་པོ་གར་སོང་ཆ་མེད་དུ་གྱུར་བ་དང་། མནར་གཅོད་བཏང་བ། གང་བྱུང་བཀག་ཉར་དང་ཐ་ན་བཙུན་མ་རྣམས་ལ་བཙན་གཡེམ་བྱས་པའི་གནས་ཚུལ་སོགས་བྱུང་ཡོད་པ་མ་ཟད། བོད་ཀྱི་སྐད་ཡིག་དང་རིག་གཞུང་གོང་སྤེལ་གནང་མཁན་གྱི་རྩོམ་པ་པོ་དང་སྒྱུ་རྩལ་བ་རྣམས་འཛིན་བཟུང་དང་། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་ཆོས་ལུགས་ཀྱི་བྱེད་སྒོ་ཡོངས་ལ་སྟངས་འཛིན་ནན་མོ་བྱེད་བཞིན་ཡོད་པ། ༧གོང་ས་མཆོག་གི་དབུས་པའི་བོད་གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་ཡོངས་ལ་དམ་དྲག་གིས། བོད་ནང་༧གོང་ས་མཆོག་གི་སྐུ་པར་ཉར་བ་ཡིན་ན་ཁྲིམས་ཆད་ཕོག་གི་ཡོད་པ་དང་༧གོང་ས་མཆོག་གི་སྐུ་པར་གྱི་ཚབ་ཏུ་རྒྱ་ནག་གི་མགོ་ཁྲིད་མའོ་ཙེ་ཏུང་དང་ཞི་ཅིན་ཕིན་གྱི་པར་འདྲ་སྒྲིག་གཤོམ་བྱེད་དུ་བཅུག་པ། དེ་བཞིན་ཆོས་ལུགས་གཙང་སེལ་གྱི་སྲིད་ཇུས་ཟེར་བ་ལག་བསྟར་གྱིས། རྒྱ་ནག་གཞུང་གིས་ནང་བསྟན་ཆོས་ལུགས་དེ་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་གྲུབ་དང་མཐུན་པར་བཟོས་ཏེ། བོད་ཀྱི་སྐད་ཡིག་རྨང་ནས་མེད་པར་བཟོ་ཡི་ཡོད་སྐོར་སོགས་བརྗོད་འདུག

དམིགས་བསལ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རང་དབང་དང་འབྲེལ་ནས། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་འདེམས་རྒྱུ་གཙོས་པའི་གྲྭ་བ་དང་བཙུན་མ། མི་སྐྱ་སོགས་ཀྱི་ཆོ་ག་ཕྱག་ལས་གཉེར་རྒྱུར་དམ་དྲག་ཇེ་ཆེར་དང་། ཏོག་དབྱིབས་གཉན་རིམས་ལ་ཁ་གཡར་ནས་སྲོལ་རྒྱུན་གྱི་ཆོས་ལུགས་ཁག་གི་བྱེད་སྒོའི་རིགས་སྤེལ་མཚམས་འཇོག་པ་དང་མི་མང་གི་འགྲུལ་སྐྱོད་ལ་དམ་དྲག ཆོས་ལུགས་ཀྱི་བྱེད་སྒོ་ཁག་གཙོས་༧གོང་ས་མཆོག་གི་འཁྲུངས་སྐར་སོགས་ཀྱི་སྐབས་སུའང་དྲག་གནོན་དང་སྟངས་འཛིན་ནན་མོ་བྱེད་ཀྱིན་ཡོད་པ་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཨ་རིའི་ཕྱི་འབྲེལ་མི་སྣ་མངག་གཏོང་བྱེད་པར་དམ་དྲག་དང་། ཨ་རིའི་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་འདེམས་དབང་བོད་མི་ཁོ་ནར་ཡོད་པ་དང་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་བ་སོགས་རྒྱ་ནག་གཞུང་དང་ལྷན་དུ་བརྒྱུད་ལམ་སྣ་ཚོགས་ཐོག་ནས་བོད་དོན་གླེང་སློང་བྱས་ཡོད་སྐོར་སོགས་བརྗོད་འདུག

ཕྱི་ལོ་ ༢༠༢༡ ལོའི་སྙན་ཐོ་དེའི་ནང་། རྒྱ་ནག་དང་འབར་མའི་དྲག་དམག་སྲིད་གཞུང་གཉིས་ནི་ཉེ་ལམ་འཛམ་གླིང་ནང་ཆོས་ལུགས་ཀྱི་རྗེས་འབྲངས་པ་འམ་རིགས་རྒྱུད་རྩ་གཏོར་གྱི་བྱ་སྤྱོད་སྤེལ་མཁན་ཡིན་པ་དང་། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༧ ཟླ་ ༤ བ་ཙམ་ནས་ཡུ་གུར་མི་མང་ས་ཡ་གཅིག་ལྷག་དང་ཁཱར་གྷེ་ཛི་ (Kyrgyz) དང་ཁཱ་ཛ་ཁན་ (Kazakhs) གྲངས་ཉུང་མི་རིགས་སོགས་ཀྱི་མི་མང་མང་པོ་འཛིན་བཟུང་བྱས་ཏེ། ངལ་རྩོལ་སློབ་གསོ་བསྒྱུར་བཀོད་ཁང་དུ་བཀག་ཉར་བྱས་ཡོད་པ་དང་། དམིགས་བསལ་རྒྱ་ནག་གཞུང་གིས། མི་སྒེར་གྱི་ཆོས་ལུགས་དང་འབྲེལ་བའི་བྱེད་སྒོའི་རང་དབང་ལ་སྟངས་འཛིན་དང་དམ་དྲག་བྱས་ཏེ། ཆོ་ག་ཕྱག་ལས་བྱེད་པ་ནི་རྒྱལ་སྲིད་བདེ་འཇགས་ལ་ཉེན་ཁ་བསྐྲུན་གྱི་ཡོད་པའི་ཉེས་འཛུགས་བྱེད་ཀྱིན་ཡོད་པར་སྐྱོན་བརྗོད་དང་། རྒྱལ་སྤྱིའི་སྟེང་གཞུང་འབྲེལ་མིན་པ་དང་གསར་འགྱུར་བརྒྱུད་ལམ་ཁག་གིས།  རྒྱ་ནག་ནང་། ཆོས་ལུགས་དད་མོས་བྱས་པར་བརྟེན་ནས། བཙོན་འཇུག་འོག་འདས་གྲོངས་སུ་ཕྱིན་པ་དང་། མནར་གཅོད་དང་རྡུང་རྡེག་བཏང་བ། འཛིན་བཟུང་བྱས་པ་དང་གར་སོང་ཆ་མེད་དུ་གྱུར་བ། ཁྲིམས་ཐག་བཅད་པ་དང་ངལ་རྩོལ་བྱེད་དུ་བཅུག་པ། དམར་ཤོག་ཚོགས་པའི་ལྟ་གྲུབ་བཙན་གྱིས་སྦྱོང་བཅུག་པ་སོགས་ཀྱི་གནས་ཚུལ་ཁྱབ་སྤེལ་བྱེད་མུས་ཡིན་སྐོར་སོགས་བརྗོད་འདུག

དེ་བཞིན་སྙན་ཐོའི་ནང་། འབར་མའི་དྲག་སྲིད་གཞུང་གིས། ཕྱི་ལོ་ ༢༠༡༧ ལོ་ནས་རོ་ཧེ་གྷང་ཡ་ཁ་ཆེ་གྲངས་ཉུང་མི་རིགས་རྩ་གཏོར་གྱི་སྲིད་ཇུས་ལག་བསྟར་གྱིས། ཁ་ཆེ་ལྷ་ཁང་དང་ཆོས་དཔེ་གཏོར་བཤིག། ཁ་ཆེ་གྲངས་ཉུང་མི་རིགས་ལ་དམའ་འབེབ་དང་མི་གསོད་ཁྲག་སྦྱོར་སོགས་ཀྱི་བྱ་སྤྱོད་སྤེལ་བ་དང་། ཨ་ཧྥི་རི་ཁའི་རྒྱལ་ཁབ་ཨེར་ཊི་རེ་ཡ་གཞུང་གིས། ཆོས་ལུགས་ཀྱི་སྡེ་ཚན་བཞི་མ་གཏོགས། གྲངས་ཉུང་མི་རིགས་ཁག་གི་ཆོས་ལུགས་ཡོངས་བཀག་སྡོམ་དང་མི་མང་འཛིན་བཟུང་། བཙན་གྱིས་ལྟ་གྲུབ་འགྱུར་བཅོས་གཏོང་དུ་བཅུག་པ་སོགས་ཆོས་དད་རང་དབང་ལ་དམ་དྲག་གི་སྲིད་ཇུས་འཛིན་བཞིན་ཡོད་པ།  ཨབ་གྷ་ནེ་སི་ཐན་གྱི་འཇིགས་སྐུལ་དྲག་སྤྱོད་པའི་དབང་སྒྱུར་འོག ཆོས་ལུགས་ཀྱི་མིང་ཐོག་ནས་བུད་མེད་ལ་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་མེད་པ་དང་། སློབ་གསོ་དང་ལས་ཀའི་གོ་སྐབས་སོགས་མེད་པ་མ་ཟད། གྲངས་ཉུང་མི་རིགས་ཀྱི་ཆོས་ལུགས་ཁག་གི་ཚོགས་སྡེ་ལ་གཏོར་བཅོམ་གཏོང་མུས་ཡིན་སྐོར་དང་། ཡང་དམིགས་བསལ་འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་དང་ཆོས་ལུགས་སྣ་མང་འདུས་པའི་རྒྱ་གར་ནང་ལའང་ཆོས་ལུགས་བྱེ་བྲག་པའི་མི་མང་དང་ཆོས་ཁང་སོགས་ལ་གཏོར་རྒོལ་བྱེད་ཀྱི་ཡོད་པ་དང་། ནེ་ཇི་རེ་ཡ་གཞུང་གིས་དྲག་གནོན་གྱི་ཁྲིམས་ལག་བསྟར་གྱིས། ཆོས་ལུགས་ཀྱི་དད་མོས་ཀྱི་རང་དབང་འདོད་མཁན་རྣམས་ལ་ཉེས་ཆད་གཅོད་ཀྱི་ཡོད་སྐོར་སོགས་བརྗོད་འདུག

ཨ་རིའི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་དེ་ནི། འཛམ་གླིང་རྒྱལ་ཁབ་དང་ས་ཁུལ་མི་འདྲ་བ་ ༢༠༠ ཙམ་གྱི་དངོས་ཡོད་གནས་སྟངས་ལ་ཞིབ་འཇུག་བྱས་ཏེ་ཐོན་པའི་འབྲས་བུ་ཞིག་ཡིན་པ་དང་། དེ་ཡང་ཕྱི་ལོ་ ༡༩༩༨ ལོ་ནས་མགོ་འཛུགས་ཀྱིས། ད་ལོ་ནི་སྙན་ཐོ་འདོན་ཐེངས་ ༢༤ པ་དེ་ཆགས་ཀྱི་ཡོད་འདུག་ལ། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལས་ཁུངས་དེར་ད་ལྟའི་ཆར་རམ་འདེགས་བྱེད་མཁན་འཛམ་གླིང་རྒྱལ་ཁབ་ ༣༥ ལྷག་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese