མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཀོན་མཆོག་མིག་དམར་ལགས་དྷ་ས་ས་གནས་མགོ་འཛིན་དུ་བདམས།

བོད་ཀྱི་དུས་བབ།
༢༠༢༢/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp

དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ཀྱི་རོགས་ཚོགས་དྲུང་ཡིག་ཟུར་པ་དཀོན་མཆོག་མིག་དམར་ལགས་སུ་འོས་གྲངས་ ༡༡༤༩ ཐོབ་སྟེ་དྷ་ས་ས་གནས་མགོ་འཛིན་དུ་བདམས་ཐོན་བྱུང་འདུག

དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར།

དེ་རིང་དྷ་ས་ས་གནས་འོས་བསྡུ་ལས་ཁུངས་ཀྱིས། ཁ་སང་ཕྱི་ཚེས་ ༠༣ ཉིན་བསྡུས་པའི་དྷ་ས་ས་གནས་མགོ་འཛིན་གྱི་དངོས་གཞིའི་འོས་བསྡུའི་ཁྲོད་ནས། དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ཀྱི་རོགས་ཚོགས་དྲུང་ཡིག་ཟུར་པ་དཀོན་མཆོག་མིག་དམར་ལགས་སུ་འོས་གྲངས་ ༡༡༤༩ དང་། ས་གནས་མགོ་འཛིན་ལས་ཐོག་ཀུན་དགའ་ཚེ་རིང་ལགས་སུ་འོས་གྲངས་ ༦༩༠ ཐོབ་སྟེ། དཀོན་མཆོག་མིག་དམར་ལགས་དྷ་ས་ས་གནས་མགོ་འཛིན་གསར་པར་བདམས་ཐོན་བྱུང་ཡོད་འདུག

བདམས་ཐོན་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས་འདི་གའི་གསར་འགོད་པར། དྷ་ས་ས་གནས་མགོ་འཛིན་གྱི་འོས་བསྡུའི་ནང་མི་མང་གིས་ང་ལ་འོས་ཚད་མཐོན་པོ་འཕངས་པ་དེ་ལ་དགའ་པོ་ཞེ་དྲག་བྱུང་། དེར་བརྟེན་ངས་བརྒྱུད་ལམ་འདིིའི་ཐོག་ནས་ང་ལ་རྒྱབ་སྐྱོར་གནང་མཁན་དང་། འོས་བསྡུའི་ནང་མཉམ་ཞུགས་གནང་མཁན་གྱི་དྷ་རམ་ས་ལ་ས་གནས་མི་མང་ཚང་མ་ལ་སྙིང་ཐག་པ་ནས་ཐུགས་རྗེ་གནང་ཞུ་རྒྱུ་དང་། ང་རང་ངོས་ནས་ས་གནས་མི་མང་གི་དཀའ་ངལ་གྱི་ཆེད་དུ་ལས་ཀ་གང་འདྲ་ཞིག་བྱེད་དགོས་ཀྱི་ཡོད་ནའང་རེད། མི་གང་འདྲ་ཞིག་ཐུག་དགོས་བྱུང་ནའང་། དེ་ངས་བརྒྱ་ཆ་བརྒྱ་ནས་བརྒྱ་ཏན་ཏན་བྱེད་ཀྱི་ཡིན་ཞེས་དེ་རིང་ངས་ཁས་ལེན་ཞུ་ཐུབ་ཀྱི་འདུག ཅེས་བརྗོད་བྱུང་།

དཀོན་མཆོག་མིག་དམར་ནི་བོད་མངའ་རིས་ཁུལ་ནས་ཡིན་ཞིང་། ཕྱི་ལོ་ ༡༩༩༧ ལོར་རྒྱ་གར་དུ་འབྱོར་སྟེ་དྷ་སའི་ཉེ་འཁྲིས་སུ་ཡོད་པའི་གོ་པར་པུར་བོད་ཕྲུག་ཁྱིམ་སྡེ་སློབ་གྲྭ་འགྲིམས་ཏེ་ཕྱི་ལོ་ ༢༠༠༩ ལོར་སློབ་མཐར་སོན། ཕྱི་ལོ་ ༢༠༡༢ ལོར་ལྡི་ལི་གཙུག་ལག་སློབ་གྲྭ་ནས་སྲིད་དོན་རིག་པའི་ཐོག་ལ་རབ་འབྱམས་པའི་བསླབ་པ་མཐར་སོན་གྱིས། ཕྱི་ལོ་ ༢༠༡༧ ལོར་དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་ཐེབས་རྩའི་ནང་ལོ་གཅིག་ཙམ་རིང་ལས་ཀ་བྱས་ཤིང་། ཕྱི་ལོ་ ༢༠༡༨ ནས་ཉེ་ཆར་བར་དྷ་ས་ས་གནས་མགོ་འཛིན་ལས་ཁུངས་སུ་རོགས་ཚོགས་ཀྱི་དྲུང་ཡིག་གི་ལས་འཁུར་ཞུས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

༢༠༢༦/༡༠/༣༠
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese