མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་ལྐོག་རྔན་རྒྱ་སྒོར་ཁྲི་གཅིག་ནས་འབུམ་གཅིག་བར་སྤྲོད་ཀྱི་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༦/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ཟེར་བར་གནོད་འཚེ་གཏོང་མཁན་རྩིས་སྤྲོད་བྱས་ཏེ་ཁུངས་དག་ཁ་གསལ་ཡིན་ན་རྒྱ་སྒོར་ཁྲི་ ༡ ནས་འབུམ་ ༡ བར་སྤྲོད་རྒྱུ་ཡིན་སྐོར་བསྒྲགས་འདུག

Beijing has increasingly encouraged the public to be vigilant (Representational)

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་གིས་རྒྱལ་སྲུང་བདེ་འཇགས་ཟེར་བར་གནོད་འཚེ་བཏང་བའི་ཉེས་མིང་ཅན་རྣམས་ལ་སྔར་ལས་རྒོལ་རྡུང་གཏོང་རྒྱུ་ཡིན་ལུགས་བསྒྲགས་ཡོད་པ་མ་ཟད། དེ་རིགས་ཀྱི་ཉེས་དོན་རྩིས་སྤྲོད་བྱས་ན། རྒྱ་སྒོར་ཁྲི་གཅིག་ནས་འབུམ་གཅིག་བར་རིམ་པ་བཞི་ཡི་ཐོག་ནས་རྔན་པ་སྤྲོད་རྒྱུ་ཡིན་ལུགས་བསྒྲགས་ཡོད་འདུག་ལ། དུས་རྒྱུན་ནས་རྒྱ་ནག་གཞུང་གིས་གནད་དོན་འདྲ་མིན་ཐོག་ཉེས་ཅན་རྩིས་སྤྲོད་ཀྱི་བྱ་དགའ་ཟེར་བ་ཞིག་སྤྲོད་བཞིན་ཡོད་པ་རེད།

ད་ལན་གྱི་ལྐོག་རྔན་སྤྲོད་ཕྱོགས་ནང་། ཁུངས་ལྡན་གནས་ཚུལ་སྤྲོད་མཁན་ཚོར་ཉུང་མཐར་རྒྱ་སྒོར་ཁྲི་གཅིག་ནས་འབུམ་གཅིག་ལྷག་གི་ལྐོག་རྔན་སྤྲོད་རྒྱུ་ཡིན་སྐོར་དང་། རྩིས་སྤྲོད་བྱེད་སྐབས་ཉེས་ཅན་གྱི་མི་དང་གནས་ཚུལ་གང་ཞིག་ཏུ་མཉམ་ཞུགས་བྱས་ཡོད་པའི་ཞིབ་ཕྲའི་གནས་ཚུལ་འཁོད་དགོས་པ་མ་ཟད། རྒྱ་ནག་གཞུང་གིས་དེ་སྔ་ཤེས་རྟོགས་བྱུང་མེད་པའི་གནས་ཚུལ་གསར་པ་ཡིན་དགོས་སྐོར་དང་། གནས་ཚུལ་དེར་འབྲེལ་ཡོད་ལས་ཁུངས་ནས་རྟོག་ཞིབ་བྱས་པ་བརྒྱུད་ར་འཕྲོད་གསལ་པོ་བྱུང་རྗེས། གནས་ཚུལ་རྩིས་སྤྲོད་མཁན་ལ་རྔན་པ་སྤྲད་ན་འོས་འཚམ་ཡིན་ལུགས་བཀོད་འདུག

ཕྱི་ལོ ༢༠༡༨ ཟླ ༤ ཚེས་ ༡༥ ཉིན་ རྒྱ་ནག་བདེ་འཇགས་ལྷན་ཁང་གིས་དབྱིན་ཡིག་དང་རྒྱ་ཡིག་ནང་ཡོད་པའི་དྲ་རྒྱ་གསར་པ་(www.12339.gov.cn)ཟེར་བ་ཞིག་སྒོ་འབྱེད་བྱས་ཏེ། ཕྱིའི་རྒྱལ་ཁབ་ཁག་ཏུ་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོ་ལོག་གིས་ཁ་བྲལ་ལས་འགུལ་སྤེལ་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བསྐྲུན་པ། དེ་བཞིན་གསང་བའི་ལམ་ནས་རྒྱ་ནག་གི་མཐོ་རིམ་མི་སྣར་ལྐོག་རྔན་བརྫངས་ཏེ་གྱེས་ལོག་སོགས་རྒྱ་ནག་ལ་གནོད་སྐྱོན་བཟོ་འདོད་ཀྱི་གསང་བའི་གནས་ཚུལ་གང་ཤེས་རྣམས་གཞུང་ལ་རྩིས་སྤྲོད་བྱས་ཚེ་རྔན་པ་སྤྲོད་རྒྱུ་ཡིན་ཚུལ་བསྒྲགས་ནས་ལག་བསྟར་བྱེད་མུས་ཡིན་པ་རེད།

དུས་རྒྱུན་རྒྱ་ནག་གཞུང་གི་དབང་ཆ་གཅིག་སྡུད་རིང་ལུགས་ལ་སྐྱོན་བརྗོད་ངོ་རྒོལ་བྱེད་མཁན་དང་། ལྷག་པར་དུ་རྒྱ་ནག་གཞུང་གི་བཙན་བཟུང་འོག་ཡོད་པའི་གྲངས་ཉུང་མི་རིགས་བོད་དང་ཡུ་གུར་སོགས་ཀྱི་སྐད་ཡིག་རིག་གཞུང་དང་བཅས་རྩ་མེད་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པར་སྐྱོན་བརྗོད་བྱེད་མཁན་ཚོར་ཁ་གཏད་གཅོག་ཆེད། ཕྱི་རྒྱལ་ཡུལ་གྲུ་ཁག་གི་རྒྱ་ནག་དོན་གཅོད་ཁང་དང་འབྲེལ་བ་ཡོད་པའི་ཚོགས་སྡེ་སོགས་བརྒྱུད་ནས་ལྐོག་རྔན་སྤྲད་དེ་ངོ་རྒོལ་བྱེད་དུ་འཇུག་གི་ཡོད་པའི་གནས་ཚུལ་བསྟུད་མར་བརྒྱུད་ལམ་ཁག་ཏུ་ཐོན་ཡོད་པ་རེད།

གཞན་ཡང་། ཕྱི་ལོ  ༢༠༡༥ ཙམ་ནས་རྒྱ་ནག་གཞུང་གིས་བདེ་སྲུང་དང་། ཆབ་སྲིད། དཔལ་འབྱོར། འཕྲུལ་རིགས་སོགས་ཚུད་པའི་རྒྱལ་ཁབ་ཀྱི་རྒྱལ་སྲུང་སྐོར་གྱི་ཁྲིམས་སྒྲིག་གསར་པ་ཞིག་གཏན་འབེབ་བྱས་ཏེ། རྒྱ་རིགས་ཚང་མས་རྒྱ་ནག་གཞུང་གི་བདེ་སྲུང་ལ་གནོད་འཚེ་གཏོང་མཁན་རིགས་རྩིས་སྤྲོད་བྱ་དགོས་པའི་བཙན་བཀའ་བཏང་ཡོད་པ་དང་། ཕྱི་ལོ ༢༠༡༦ ལོར་རྒྱ་ནག་གཞུང་གིས་རྒྱལ་ཡོངས་བདེ་འཇགས་སློབ་གསོའི་ཉིན་མོ ( Annual National Security Education Day) ཟེར་བ་ཞིག་འཚོགས་ཏེ། རྒྱ་ནག་གཞུང་གི་ཕྱི་ནང་གི་བདེ་སྲུང་ཐད་ལ་དོགས་ཟོན་ཤུགས་སྣོན་དང་། པེ་ཅིང་དུ་གནས་སྡོད་རྒྱ་རིགས་བུད་མེད་ཚོས་ཕྱི་རྒྱལ་གྱི་སྐྱེས་པ་ཚོར་འབྲེལ་འདྲིས་སོགས་བྱེད་པར་ཉེན་བརྡ་བཏང་ཡོད་འདུག འོན་ཀྱང་། ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་སྐུལ་དཔེ་བཟང་ཁུལ་འཛུགས་སྐྲུན་སྲོལ་ཡིག་ཟེར་བ་ཞིག་གཏན་འབེབ་བྱས་ཏེ་བོད་རང་སྐྱོང་ལྗོངས་སོགས་བོད་ཁུལ་དུ་ལག་བསྟར་བྱས་ཡོད་པ་མ་ཟད། དཔེ་བཟང་ཁྱིམ་ཚང་གི་མིང་ཐོག་ནས་བོད་དང་རྒྱ་རིགས་ཕན་ཚུན་གཉེན་སྡེབ་བྱེད་པར་སྐུལ་འདེད་བཏང་ཡོད་པ་མ་ཟད། ཁྱིམ་ཚང་དེ་རིགས་ལ་གཟེངས་བསྟོད་དང་དམིགས་བསལ་ལྟ་སྐྱོང་སོགས་བྱེད་ཀྱི་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese