མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ནས་དགོངས་པ་ཞུ་དགོས་པའི་བསྒྲགས་གཏམ་སྤེལ།

བོད་ཀྱི་དུས་བབ།
༢༠༢༢/༠༦/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལྕམ་སྐུ་མི་ཤེལེ་བྷཤེ་ལེཌི་ལགས་ཀྱིས་ཉིན་གྲངས་དྲུག་རིང་རྒྱ་ནག་ནང་སྐོར་སྐྱོད་བྱས་ཡོད་ཀྱང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སློང་བྱས་མེད་རྐྱེན་ཁོང་མོས་ལས་གནས་ནས་དགོངས་པ་ཞུ་དགོས་པའི་བསྒྲགས་གཏམ་སྤེལ།

Chinese Foreign Minister Wang Yi with the UN High Commissioner for Human Rights Michelle Bachelet in Guangzhou, in southern China’s Guangdong province, May 23, 2022. photo: Xinhua News Agency

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚན་པ་མང་པོ་ཞིག་གིས་ལྕམ་སྐུ་མི་ཤེལེ་བྷཤེ་ལེཌི་(Michelle Bachelet)ཡིས། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མུས་ཡིན་པའི་ཐད་ལ་གླེང་སློང་བྱས་མེད་སྟབས། ཁོང་མོས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ནས་དགོངས་པ་ཞུ་དགོས་པའི་རེ་འདུན་བཏོན་འདུག

བསྒྲགས་གཏམ་དེའི་ནང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐོང་གི་འགན་འཛིན་ལྕམ་སྐུ་མི་ཤེལེ་བྷཤེ་ལེཌི་(Michelle Bachelet) ལགས་ཀྱིས་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༣ ནས་ ༢༨ བར་ཉིན་གྲངས་དྲུག་རིང་། རྒྱ་ནག་གཞུང་གི་མགོ་ཁྲིད་ཚོ་དང་ཐུག་ཕྲད་སོགས་བྱས་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༨ ཉིན་ལྕམ་སྐུ་མི་ཤེལེ་བྷཤེ་ལེཌི་(Michelle Bachelet) ལགས་ཀྱིས་རྒྱ་ནག་གཞུང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་གཏོང་མུས་ཡིན་པ་སྣང་མེད་དུ་བཞག་ཡོད་སྟབས། ཡུ་གུར་བ་དང་བོད་པ། ལྷོ་སོག རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་ཚོགས་སྡེ་ཁག་ ༢༣༠ ཡིས་ཁོང་མོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ནས་དགོངས་པ་ཞུ་དགོས་པའི་བསྒྲགས་གཏམ་སྤེལ་ཡོད་པ་དང་སྦྲགས། རྒྱལ་ཚོགས་ཀྱིས་ཡུ་གུར་སོགས་ཀྱི་ནང་དུ་འགྲོ་མིའི་ཐོབ་ཐང་རྡོག་རོལ་གཏོང་མུས་ཡིན་པའི་སྙན་ཐོ་འདོན་དགོས་པ་མ་ཟད། རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་གིས། མི་ཤེལེ་བྷཤེ་ལེཌི་ལགས་ཀྱིས་གཞུང་འབྲེལ་འཚམས་གཟིགས་སུ་བསྐྱོད་པའི་སྙན་ཐོ་འདོན་སྤེལ་བྱེད་པར་དུས་འགྱངས་གཏན་ནས་བྱ་མི་ཉན་པའི་འབོད་སྐུལ་ཞུས་འདུག

ཡང་བསྒྲགས་གཏམ་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལྕམ་མིཤེལེ་བྷཤེ་ལེཌི་ལགས་བོད་ནང་དུ་འགྲོ་སྐྱོད་བྱེད་ཐུབ་མེད་ཅིང་། འཚམས་གཟིགས་སྐབས་གྱི་ཉིན་མཐའ་མའི་གསལ་འགོད་གསལ་བསྒྲགས་སྟེང་། བོད་དོན་སྐོར་ལ་གནད་བསྡུས་དང་ཡོངས་གྲགས་ཙམ་ཞིག་གླེང་སློང་གནང་ཡོད་ཀྱང་། ཉེ་ལམ་རྒྱ་ནག་གཞུང་གིས་གོ་རིམ་ལྡན་པའི་ཐོག་ནས་བོད་ཀྱི་སྐད་ཡིག་དང་བོད་མིའི་ངོ་བོ་རྩ་གཏོར་གཏོང་ཐབས་སྔར་ལས་ལྷག་པར་བྱེད་མུས་ཡིན་པའི་སྐོར་སོགས་གླེང་སློང་གནང་མེད་པ་མ་ཟད། ཁོང་མོས་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཟེར་བ་གཅིག་པུ་མིང་འདོན་བྱས་པ་ལས། བོད་ཁུལ་གཞན་རྣམས་སྣང་མེད་དུ་བཞག་ཡོད་སྐོར་སོགས་འཁོད་འདུག

གཞན་ཡང་ཉིན་གྲངས་དྲུག་རིང་གི་གཟིགས་སྐོར་ཁྲོད། ཁོང་མོས་རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་ནང་དུ་མི་རིགས་རྩ་མེད་གཏོང་བའི་གནད་དོན་ཚུད་པའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མུས་ཡིན་པའི་གནད་དོན་བཅས་ཀྱི་ཐད་ལ་གླེང་སློང་བྱས་ཐུབ་མེད་པ་དང་། དེ་བཞིན་ཧོང་ཀོང་གི་ནང་དུ་འགྲོ་སྐྱོད་བྱས་མེད་པ་མ་ཟད། རྒྱ་ནག་གཞུང་གིས་ཕྱི་ལོ ༢༠༡༩ ཙམ་ནས་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ལམ་ལུགས་བཅས་ལ་རྡོག་རོལ་དུ་གཏོང་མུས་ཡིན་པའི་སྐོར་དང་། རྒྱ་ནག་གཞུང་གིས་ལྷོ་སོག་གི་ངོ་བོ་རྩ་མེད་གཏོང་ཐབས་བྱེད་མུས་ཡིན་པའི་ཐད་སོགས་ལ་གླེང་སློང་བྱས་མེད་པའི་སྐོར་སོགས་འཁོད་ཡོད་འདུག

                                                         གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༤ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༥ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༩ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤
བོད་ཀྱི་རྒྱལ་ས་ལྷ་སར་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཟེར་བ་ཞིག་འཚོག་སྐབས། དྲ་ལམ་གྱི་པར།
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་དང་དྲིལ་བསྒྲགས་ཀྱི་ཚ་རླབས།

༢༠༢༦/༠༨/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese