དེ་རིང་ཕྱི་ཚེས་ ༡༡ ནས་ ༢༤ བར་འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་སྤོལ་རྩེད་འགྲན་དེ་སྤོན་ཊ་ཆོལ་གསུམ་དུ་འཚོག་བཞིན་ཡོད་པ་དང་། སིམ་ལ་དང་དྷ་རམ་ས་ལ། ལྡི་ལི། བལ་ཡུལ་སོགས་ནས་རྩེད་འགྲན་རུ་ཁག་ ༡༦ གིས་མཉམ་ཞུགས་བྱེད་ཀྱི་འདུག
དེ་རིང་སྤོན་ཊ་ཆོལ་གསུམ་རྐང་རྩེད་རུ་ཁག་དང་དྷ་ས་རྐང་རྩེད་རུ་ཁག་གཉིས་ཀྱིས་འགྲན་སྡུར་བྱེད་བཞིན་ཡོད་པ་དང་། སང་ཉིན་སྦིར་རྐང་རྩེད་སྤོ་ལོ་རུ་ཁག་དང་སྒང་ཏོག་རྐང་རྩེད་སྤོ་ལོ་རུ་ཁག་གཉིས་ཀྱིས་འགྲན་སྡུར་བྱ་རྒྱུ་ཡིན་ཞིང་། ལྡི་ལི་ན་གཞོན་སྡོད་ཁང་རྐང་རྩེད་རུ་ཁག་དང་བལ་ཡུལ་རྐང་རྩེད་སྤོ་ལོ་རུ་ཁག་གཉིས་དང་། སེིམ་ལ་རྐང་རྩེད་སྤོ་ལོ་རུ་ཁག་དང་ཝཱ་ཎ་རྐང་རྩེད་སྤོ་ལོ་རུ་ཁག་གཉིས་ཀྱིས་འགྲན་སྡུར་བྱ་རྒྱུ་ཡིན་འདུག
བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་གོ་སྒྲིག་གནང་བཞིན་པའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་སྡུར་ནི། ཕྱི་ལོ་ ༡༩༨༡ ལོར་བོད་ཕྲུག་ཁྱིམ་སྡེའི་རྩིས་དཔོན་ཟུར་པ་ཇོ་བོ་ཚེ་རིང་ལགས་ཀྱིས་གསར་འཛུགས་གནང་ཡོད་པ་དང་། རྩེད་འགྲན་འདི་ལོ་ལྟར་ཚོགས་ཀྱི་ཡོད་པ་རེད། འོན་ཀྱང་། ཕྱི་ལོ་ ༢༠༢༠ ལོར་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་སྡུར་འཚོགས་ཐུབ་མི་འདུག ཕྱི་ལོ་ ༡༩༨༡ ནས་རྐང་སྤོལ་འགྲན་སྡུར་འདི་དྷ་རམ་ས་ལར་ཚོགས་ཡོད་པ་དང་། ཕྱི་ལོ་ ༢༠༠༧ ལོར་ (Clementown) དུ་ཚོགས་འདུག
དེ་བཞིན་ ༢༠༠༨ ལོར་མོན་གྷོ་འདོད་རྒུ་གླིང་དང་། ༢༠༠༩ ལོར་དྷ་རམ་ས་ལར་ཚོགས་འདུག གཞན་ཡང་། ཕྱི་ལོ་ ༢༠༡༠ ལོར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་དང་ ༢༠༡༡ ལོར་མོན་གྷོ་འདོད་རྒུ་གླིང་དུ་ཚོགས་ཡོད་འདུག ཕྱི་ལོ་ ༢༠༡༢ ལོར་དྷ་རམ་ས་ལ་དང་ ༢༠༡༣ ལོར་ཧོན་སུར་རབ་རྒྱས་གླིང་། ༢༠༡༤ ལོར་ (Clementown)། ༢༠༡༥ ལོར་དྷ་རམ་ས་ལ། ༢༠༡༦ ལོར་མོན་གྷོ། ༢༠༡༧ ལོར་ཀོ་ལི་གྷལ་དོན་ལྡན་གླིང་། ༢༠༡༨ ལོར་སྦེལ་ཀོབ་བདེ་སླར་གཞིས་ཆགས། ༢༠༡༩ ལོར་དྷ་རམ་ས་ལ། ༢༠༢༡ ལོར་ (Clementown) ལ་ཚོགས་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ།





![Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]](https://tibettimes.net/wp-content/uploads/2026/05/Screen-Shot-2026-05-14-at-5.25.22-PM-360x180.png)