མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་རྐང་རྩེད་ཚོགས་ཆུང་གིས་ཐའེ་ཝན་རྒྱ་ནག་གི་ཁོངས་སུ་བཅུག་པར་རྩོད་རྙོག་བྱུང་།

བོད་ཀྱི་དུས་བབ།
༢༠༢༢/༠༦/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཧྥི་ཧྥ་རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་གྱི་ལྟད་མོ་བའི་ཐོ་གཞུང་ནང་དུ་ཐའེ་ཝན་གྱི་ལྟད་མོ་བ་རྣམས་རྒྱལ་ཁོངས་རྒྱ་ནག་ཏུ་རྩིས་ཡོད་པས་ཐའེ་ཝན་གཞུང་མང་གཉིས་ནས་རྒྱལ་སྤྱིའི་རྩེད་འགྲན་དེ་ཆབ་སྲིད་ཀྱི་ལག་ཆ་ཞིག་ཏུ་མི་བཀོལ་བའི་རྒོལ་གཏམ་བསྒྲགས་འདུག

འདི་ལོའི་རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་ (FIFA World Cup )དེ་དཀྱིལ་ཤར་ཡུལ་གྲུ་ཁོ་ཊར་ནང་འཚོག་རྒྱུ་ཡིན་པ་ལྟར། ཁ་སང་ཕྱི་ཚེས་ ༡༤ ཉིན་ཡུལ་དེའི་ནང་ཡོང་མཁན་ལྟད་མོ་བའི་ཐོ་གཞུང་སོགས་ཕྱིར་བསྒྲགས་བྱས་པའི་ནང་། ཐའེ་ཝན་ནས་ཡོང་བའི་ལྟད་མོ་བ་རྣམས་ལ་རྒྱ་ནག་གི་ཐའེ་པེ་( Chinese Taipei ) ཞེས་བྲིས་ཏེ། རྒྱལ་རྟགས་སུའང་ཐའེ་ཝན་གྱི་རྒྱལ་དར་མ་བཞག་པར་རྒྱ་ནག་གི་རྒྱལ་དར་བཞག་ཡོད་པར་བརྟེན། ཆབ་སྲིད་ཀྱི་ཚོར་བ་སྐྱེན་པའི་གནད་དོན་དེས་ཐའེ་ཝན་གཞུང་མང་གཉིས་ལ་ཕོག་ཐུག་ཆེན་པོ་བཟོས་ཡོད་པར་བརྟེན། རྒྱལ་སྤྱིའི་རྩེད་འགྲན་རྣམས་ཆབ་སྲིད་ཀྱི་ལག་ཆར་མི་བསྒྱུར་བའི་བསྒྲགས་གཏམ་སྤེལ་འདུག

རྒྱ་ནག་གཞུང་གིས་རྒྱལ་སྤྱིར་ཐའེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཡིན་སྐོར་དྲིལ་བསྒྲགས་དང་། ཐའེ་ཝན་གྱི་རྒྱལ་སྲུང་གི་འོག་ཏུ་ཡོད་པའི་མཁའ་ལམ་དུ་རྒྱ་གཞུང་མཁའ་དམག་གིས་དམག་སྦྱོང་སོགས་བྱས་ཏེ། ཐའེ་ཝན་གྱི་གཞུང་མང་གཉིས་ལ་སུན་གཙེར་དང་འཇིགས་སྐུལ་བྱེད་ཀྱི་ཡོད་ཀྱང་། ཉེ་བའི་ལོ་ཤས་ནང་ཐའེ་ཝན་གྱིས་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་རྒོལ་ལན་སྤྲད་དེ་ཐའེ་ཝན་ནི་མཚོ་གླིང་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱེད་དགོས་པའི་རྒྱལ་སྤྱིའི་རང་བཞིན་གྱི་འགུལ་སྐྱོད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་རེད། ཁ་སང་གི་གནད་དོན་དེའི་ཐད་ཐའེ་ཝན་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལྕམ་ཇོ་ནེ་ཨུ་ (Joanne Ou )ལགས་ཀྱིས། འདི་ལོའི་རྒྱལ་སྤྱིའི་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་ལ་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། འདི་ལོའི་རྩེད་འགྲན་དེ་ཆབ་སྲིད་ཀྱི་ལག་ཆར་བཀོལ་སྤྱོད་བྱས་ཏེ་ཐའེ་ཝན་ལ་ཐེ་བྱུས་གཏན་ནས་བྱ་མི་ཆོག་པའི་ཉེན་བརྡ་བཏང་ཡོད་པ་དང་། ཡང་དག་པའི་རྩེད་འགྲན་ལ་རིན་ཐང་སྤྲད་དགོས་པ་མ་ཟད། རྩེད་འགྲན་པ་དག་གིས་ཡང་དག་པའི་སྤོབས་པ་བསྐྱེད་དགོས་པ་ནན་བསྐུལ་དགོས་སྐོར་སོགས་འགྲེལ་བརྗོད་བྱས་ཡོད་འདུག

ད་བར་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གིས་ཐའེ་ཝན་གཞུང་གིས་བརྡ་ལན་གང་ཡང་སྤྲད་མེད་པར་མ་ཟད། ཁོ་ཊར་གཞུང་གིས་ཀྱང་དེ་འབྲེལ་གནད་དོན་ཐད་ལ་གླེང་སློང་དང་བརྡ་ལན་གང་ཡང་སྤྲད་མེད་ཅིང་། འདས་པའི་རྒྱལ་སྤྱིའི་ཨོ་ལོམ་པིག་གི་རྩེད་འགྲན་སོགས་སུའང་རྒྱ་ནག་གི་ཐའེ་པེ ( Chinese Taipei ) བྲིས་ཡོད་འདུག ཁོ་ཊར་དང་ཐའེ་ཝན་བར་དུ་གཞུང་འབྲེལ་གྱི་ཐོག་ནས་དམིགས་བསལ་འབྲེལ་ལམ་གང་ཡང་མེད་པའི་ཁར། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་རྒྱལ་ཁབ་དང་ཚོགས་སྡེ་སོགས་ཀྱིས་གཞུང་འབྲེལ་ཡིག་ཆ་དང་དྲ་ཚིགས་སོགས་སུ་ཐའེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་པར་ལུང་འདྲེན་བྱ་དགོས་པའི་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད་པ་རེད།

200822_Al Janoub Stadium Aerials

འདི་ལོར་ཁོ་ཊར་རྒྱལ་ཁབ་ཀྱིས་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༡ ནས་ཉིན་གྲངས་ ༢༨ ཀྱི་རིང་ལ་ཨ་རབ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚབ་བྱས་ཏེ་རྒྱལ་སྤྱིའི་སྐྱེས་པའི་རྐང་རྩེད་སྤོ་ལོའི་འགྲན་ཚོགས་བསྡུ་འཆར་ཡོད་ཅིང་།  དེ་ནི་དཀྱིལ་ཤར་རྒྱལ་ཁབ་ཅིག་གི་ནང་ཧྥི་ཧྥ་རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་བསྡུས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་འདུག མཚོ་གླིང་རྒྱལ་ཁབ་དེ་ནི་ཨ་རབ་ཀྱི་པིར་ཤིན་གྷོལ་ཧྥི་(Persian Gulf) མཚོ་མོའི་འགྲམ་ངོགས་སུ་ཆགས་ཤིང་། བཟོ་བཀོད་ལྟ་ན་སྡུག་ཅིང་རྒྱས་སྤྲོས་ཀྱི་རྣམ་པས་ཁེངས་བའི་རྒྱལ་ས་ཌོ་ཧཱ་(Doha)ནི་ཡུལ་སྐོར་སྤྲོ་འཆམ་པའི་ལྟེ་བ་ཞིག་ཀྱང་ཡིན་འདུག་ལ། འདི་ལོའི་རྐང་སྤོལ་རྩེད་འགྲན་གྱིས་རྒྱལ་ཕྲན་དེ་སྔར་ལས་འདུ་འཛི་རྒོད་ཅིང་འབྱོར་ཕྱུག་གི་ལམ་དུ་བསྐྱོད་རྒྱུར་སྐུལ་འདེད་ཆེན་པོ་ཐེབས་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist