མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མདོ་སྨད་ཆོལ་ཁའི་དབུས་རྒྱུན་སྐབས་བཅུ་བདུན་པའི་ཚོགས་ཆེན་མཐའ་མ་དེ་འཚོག་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༦/༡༦
Share on FacebookShare on TwitterShare on EmailShare on Whatsapp

མདོ་སྨད་ཆོལ་ཁའི་དབུས་རྒྱུན་སྐབས་བཅུ་བདུན་པའི་ཚོགས་ཆེན་མཐའ་མ་དེ་ཉིན་གྲངས་གསུམ་རིང་བཞུགས་སྒར་དུ་འཚོག་བཞིན་འདུག

Photo: Tibettimes.net

དེ་རིང་ནས་ཉིན་གྲངས་གསུམ་རིང་ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་ཁང་དུ། སྐུ་མགྲོན་གཙོ་བོ་གསེར་ཁྲི་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་བདེ་སྲུང་བཀའ་ཟུར་འཕགས་པ་ཚེ་རིང་མཆོག བཀའ་ཟུར་ཐུབ་བསྟན་ལུང་རིག་མཆོག དེ་བཞིན་མདོ་སྨད་ཆོལ་ཁའི་སྤྱི་འཐུས་རྣམས་དབུ་བཞུགས་ཐོག གངས་ལྗོངས་མདོ་སྨད་ཆོལ་ཁའི་དབུས་རྒྱུན་སྐབས་བཅུ་བདུན་པའི་ཚོགས་ཆེན་མཐའ་མ་དེ་མགོ་བཙུགས་ཡོད་ཅིང་། ཚོགས་ཆེན་ཐོག་ས་གནས་ཁག་གི་ས་རྒྱུན་རྣམས་ཀྱིས་ཀྱང་མཉམ་ཞུགས་བྱས་འདུག་ལ།  སྐབས་དེར་སྐུ་མགྲོན་གཙོ་བོ་མཆོག་གིས་མདོ་སྨད་ཆོལ་ཁའི་ནང་ཁུལ་འཆམ་མཐུན་ཙམ་གྱིས་མི་ཆོག་པར། ཆོལ་གསུམ་བོད་མི་ཡོངས་རྫོགས་ཁྱིམ་ཚང་གཅིག་གི་སྤུན་མཆེད་ཀྱི་འདུ་ཤེས་བཅངས་ཏེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡོང་བར། མདོ་སྨད་པ་རྣམས་ཀྱིས་ཁ་མིན་དོན་གྱིས་མིག་དཔེ་སྟོན་དགོས་སྐོར་སོགས་གསུངས་སོང་།

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་མཆོག་ནས་རྩོམ་པ་པོ་གཟུང་འབུམ་ལགས་ཀྱིས་བརྩམས་པའི་༼༧གོང་ས་མཆོག་དང་རྒྱ་ནག༽་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་ཡོད་པ་དང་།  དབུས་མདོ་སྨད་དྲུང་ཆེ་དཀར་མོ་བསམ་གཏན་ལགས་ཀྱིས་ལས་བསྡོམས་སྙན་སྒྲོན་བྱས་པའི་ནང་། སྤྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༥ ཉིན་དབུས་གཙང་ཆོལ་ཁ་དང་། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་། ས་གནས་བུད་མེད་ཚོགས་པ། ཧིན་བོད་མཛའ་འབྲེལ་ཚོགས་པ། ཧིན་བོད་འབྲེལ་མཐུད་ཚོགས་པ་བཅས་སུ་མཉམ་འབྲེལ་གྱིས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དབུ་བཞུགས་ཐོག་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འཐུབ་ཚབ་མི་སྣ། རྒྱ་ཆེའི་སེར་སྐྱ་མང་ཚོགས་བཅས་མཉམ་འཛོམས་ཐོག་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་མཆོག་གི་སྐུའི་འཁྲུངས་སྐར་རྒྱས་པ་ཞིག་གོ་སྒྲིག་ཞུ་ཐུབ་པ་བྱུང་ཡོད་པ་དང་།  སྐབས་བཅུ་བདུན་པའི་དབུས་རྒྱུན་ལས་ཀྱིས་ལས་ཁུར་ཞུས་པ་ནས་བཟུང་ད་བར་དུ་མདོ་སྨད་ཆོལ་ཁོངས་ཀྱི་སློབ་ཕྲུག་གྲངས་ ༨༡ ལ་ཤེས་ཡོན་རོགས་སྐྱོར་དང༌། མཐོ་རིམ་སློབ་ཕྲུག་གྲངས་ ༡༩༢ ལ་ཐུགས་རྗེ་ལེགས་འབུལ། མདོ་སྨད་ཆོལ་ཁོངས་ནས་སྲིད་སྐྱོང་སློབ་ཡོན་དང་དགའ་ལྡན་ཕོ་བྲང་གཟེངས་རྟགས་སོགས་སློབ་འབྲས་འབུར་དུ་ཐོན་མཁན་མི་གྲངས་ ༦ ལ་གཟེངས་བསྟོད་བཅས་ཁྱོན་བསྡོམས་ཤེས་ཡོན་ཐད་ཧིན་སྒོར་ ༡༠༩༢༩༢༥ བཏང་ཡོད་པ་དང་།  ཕྱི་ལོ་ ༢༠༢༠ ལོ་ནས་བཟུང་ལོ་གཉིས་རིང་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་དུག་ ༡༩ བ་མཆེད་པའི་དབང་གིས་འཛམ་གླིང་གི་ཡུལ་གྲུ་གང་སར་དཀའ་ངལ་འཕྲད་རྐྱེན་མི་མང་པོ་ཞིག་ས་གནས་གཞན་དང་གཞན་དུ་ལྷག་པ་དང༌། འཚོ་བའི་ཐད་དཀའ་ངལ་བྱུང་བ་སོགས་ལ་དབུས་རྒྱུན་ནས་རོགས་འདེགས་ཀྱི་རང་གནས་སུ་ཕེབས་ཐབས་དང་། དཔལ་འབྱོར་གྱི་རོགས་སྐྱོར། ནད་མནར་དང་ཉམ་ཐག་རིགས་ མི་གྲངས་ ༣༠ ལ་ཉམ་ཐག་རོགས་སྐྱོར་དང༌། གྷོ་བ་ཊི་དང་ལྡི་ལིའི་ཁྲོམ་སར་མེ་སྐྱོར་ཤོར་བར་རོགས་སྐྱོར་སོགས་ཉམ་ཐག་རོགས་སྐྱོར་བསྡོམས་ཧིན་སྒོར། ༤༡༣༢༠༤ ཡི་རོགས་སྐྱོར་བྱ་ཐུབ་པར་མ་ཟད། ཨོ་གླིང་གི་ཚོགས་པ་ཞིག་དང་མཉམ་འབྲེལ་གྱིས་ཆོལ་ཁ་ཆོས་རྒྱུད་རིས་མེད་ཀྱི་མི་ཚང་གྲངས་ ༡༠༠ ལྷག་ལ་འབྲས་དང་སྣུམ། གྲོ་ཕྱེ། ཇ་ཚྭ་སོགས་ཉིན་རེའི་འཚོ་བར་དགོས་མཁོ་རིགས་ཆ་ཚང་སྦྱིན་ཐུབ་ཅིང༌། ནད་མནར་འདས་པོ་ངག་དབང་མཁྱེན་བརྩེ་ལགས་ནད་མནར་སྐབས་ས་གནས་ཁག་ལ་བཀོད་ཁྱབ་ཀྱིས་ནད་པ་ཁོང་ལ་ཧིན་སྒོར་ཕོན་ཆེན་པོས་རོགས་སྐྱོར་ཞུ་ཐུབ་པ་བྱུང་ཡོད། ཅེས་འཁོད་ཡོད་འདུག

སྐུ་མགྲོན་གཙོ་བོ་གསེར་ཁྲི་རིན་པོ་ཆེ་མཆོག་གིས།  སྤྱིར་མདོ་སྨད་ཀྱི་ལོ་རྒྱུས་དང་བྱུང་རབས་སོགས་ཆེ་བ་བརྗོད་ན་བརྗོད་ཀྱི་མི་ལངས་པ་ཡོད་ཀྱང་། དུས་ཚོད་མེད་པ་དང་། བསྟོད་པ་གཞན་གྱིས་བྱས་ན་ལེགས་ཞེས་གསུངས་པ་བཞིན་དགོས་པ་ཆེར་མ་མཐོང་པས། འདིར་ངས་དྲན་ཚོད་ཀྱིས་མདོ་སྨད་དང་འབྲེལ་བའི་ཚིག་ཁ་ཤས་ཤིག་ལྷག་བསམ་རྣམ་དག་གིས་ཞུ་འདོད་བྱུང་། ང་ཚོ་མདོ་སྨད་པ་སྤྱི་ཡོངས་ལ། སྔར་ནས་ད་ལྟ་བར་དུ་༸སྤྱི་ནོར་༸གོང་ས་ ༸རྒྱལ་བ་རིན་པོ་ཆེ་མཆོག་དང་། བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སློབ་ལམ་སྟོན་འོག་ཤར་སྐྱོད་དང་། བཀའ་བརྩི་དང་ལེན། བཀའ་གསུང་ཅི་སྒྲུབ་བྱེད་པའི་སྔར་སྲོལ་བཟང་པོ་དང་མིག་ལྟོས་ཡག་པོ་ཞིག་བཞག་ཡོད། དེ་ལྟར་ང་ཚོས་སྔར་སྲོལ་བཟང་པོ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། མ་འོངས་པར་ཇི་སྲིད་བཙན་བྱོལ་དུ་གནས་དགོས་པ་དེ་སྲིད་དུ་རྩ་དོན་ཐོག་ལངས་ཕྱོགས་བརྟན་པོར་བཟུང་ན། ཆོལ་ཁའི་མིང་ཐོག་གི་ཚོགས་པ་ཞིག་ཡོད་པ་དེའང་ཡོད་གོ་ཆོད་པ་ཞིག་རེད་བསམ་གྱིན་ཡོད། བོད་ནང་དུ་རྒྱ་གཞུང་གི་བཙན་གནོན་གྱི་སྲིད་ཇུས་གདུག་རྩུབ་ཅན་འདྲ་མིན་རབས་དང་རིམ་པ་སྤེལ་བའི་འོག མདོ་སྨད་མི་མང་གིས་གྱེན་ལངས་དང་ངོ་རྒོལ་གྱི་དཔའ་གཏམ་གླིང་ལ་བཞག་པ་ནི། ས་བྱི་ཞི་རྒོལ་ཆེན་མོ་དང་། རང་ལུས་མེ་མཆོད་ཕུལ་བ་སོགས་ཀྱིས་ཟུར་ཙམ་མཚོན་ཞིང་། ང་ཚོ་རང་དབང་ཡུལ་ལུང་ལ་ཡོད་པའི་མདོ་སྨད་པ་རྣམས་ཀྱིས་ཀྱང་། དེ་དག་གི་བྱས་རྗེས་དྲན་ཏེ། ཁོང་ཚོའི་མགྲིན་ཚབ་པ་བྱ་རྒྱུ་ནི་གཡོལ་ཐབས་མེད་པའི་ལས་འགན་ཞིག་ཡིན་པར་བརྟེན། ང་ཚོས་གང་ཐུབ་ཅི་ཐུབ་དང་། གང་ནུས་ཅི་འཇོན་གྱིས་བོད་ནང་གི་མི་མང་གི་མངོན་འདོད་བསྒྲུབ་པའི་ཕྱག་ལས་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཚང་མའི་མཁྱེན་གསལ་ལྟར། བོད་ནང་རྒྱ་དམར་གཞུང་གིས་ཆབ་སྲིད་ཀྱི་ཁོར་ཡུག་ལོ་རེ་བཞིན་དམ་དྲག་ཇེ་ཆེར་གཏོང་བཞིན་ཡོད་ན་ཡང་། གཞིས་བཞུགས་མདོ་སྨད་ཀྱི་ཤེས་ཡོན་པ་རྣམས་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་བོད་ཀྱི་ཆོས་དང་རིག་གཞུང༌། སྐད་དང་ཡི་གེ་སྲུང་འཛིན་དང་དར་སྤེལ་ཅི་ཙམ་བཏང་དང་གཏོང་བཞིན་ཡོད་མེད་མིག་མཐོང་ལག་ཟིན་ཆགས་ཡོད། དེ་བཞིན་བཙན་བྱོལ་དུ་ཡོད་པའི་མདོ་སྨད་པ་རྣམས་ཀྱིས་ཀྱང་བོད་ཀྱི་སྐད་ཡིག་སྲུང་འཛིན་དང་། ལྷག་པར་དུ་བོད་མི་རིགས་ཀྱི་ངོ་བོ་དང་བླ་སྲོག་སྲུང་སྐྱོབ་བྱེད་པའི་གཞི་མ། ན་གཞོན་ཕུགས་རེ་ཅན་གྱི་མདོ་སྨད་ཤེས་ལྡན་མི་སྣ་གང་མང་མང་གསོ་སྐྱོང་བྱེད་རྒྱུ་སོགས་ཀྱི་ཐོག་སྔར་ལྷག་དགོངས་པ་ཆེ་བཞེས་གནང་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད་སྙམ། ཞེས་གསུངས་སོང་།

Photo: Tibettimes.net

དེ་བཞིན་དམིགས་བསལ་སྐུ་མགྲོན་བཀའ་ཟུར་འཕགས་པ་ཚེ་རིང་མཆོག་གིས། དེ་རིང་གི་མཛད་སྒོ་དང་འབྲེལ་ནས་དམིགས་བསལ་སྐད་ཆ་བཤད་རྒྱུ་གང་ཡང་མེད་ཀྱང་། མདོ་སྨད་དབུས་རྒྱུན་སྐབས་བཅུ་དྲུག་དང་བཅུ་བདུན་པའི་ལས་བསྡོམས་སྙན་སྒྲོན་བྱས་པའི་ནང་བསྔགས་བརྗོད་བྱ་འོས་པའི་ལས་དོན་མང་པོ་ཞིག་བྱས་ཡོད་པ་མ་ཟད། སྔར་གྱི་ལས་དོན་དེ་དག་ལས་ཀྱང་ཡར་སྐྱེད་ནས་ལས་ཀ་ཚགས་ཚུད་དང་སྤུད་ལེགས་བྱས་ཡོད་སྟབས། དེར་བསྔགས་བརྗོད་བྱ་རྒྱུ་ཡིན། ཉེ་ལམ་ཀིརྟི་རིན་པོ་མཆོག་གི་བཀའ་སློབ་ཕེབས་པ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཕྱག་སྟོན་གྱི་འོག་ནས། བོད་མི་ཚོས་རྡོག་རྩ་གཅིག་སྒྲིལ་བྱས་ཏེ། ང་ཚོའི་དགྲ་དངོས་གནས་དེ་ངོས་འཛིན་པའི་ཐོག་ནས། བོད་མི་རིགས་ཀྱི་རྩ་དོན་ཀྱི་སླད་དུ་འཐབ་རྩོད་བྱ་རྒྱུ་གལ་ཆེན་ཆགས་ཡོད་པ་རེད། རྒྱ་ནག་གཞུང་གིས་བསླུ་བྲིད་ཀྱི་འོག་ནས། རང་རེའི་སྤྱི་ཚོགས་ཀྱི་ཁྲོད་དུ་རྒྱ་ནག་གི་སོ་བ་དང་། སྤྱི་ཚོགས་འཐོར་བཤིག་གཏོང་མཁན་མང་པོ་ཞིག་ཡོང་སྟེ། བོད་པའི་སྤྱི་ཚོགས་གཏོང་བཤིག་དང་། བླ་སློབ་ཀྱི་དམ་བཅའ་མེད་པ་བཟོས་པ། ཆོལ་ཁ་ནང་ཁུལ་དཀྲུག་ཤིང་བརྒྱག་པའི་ལས་གཞི་མང་པོ་ཞིག་སྤེལ་གྱི་འདུག་པས། དེ་དག་ལ་དོགས་ཟོན་བྱ་དགོས་སྐོར་དང་། གཞན་ཡང་དམིགས་བསལ་སྐུ་མགྲོན་བཀའ་ཟུར་ཐུབ་བསྟན་ལུང་རིག་མཆོག་གིས། སྤྱི་པའི་ལས་དོན་སོགས་ཀྱི་སླད་དུ་སོ་སོའི་ཁེ་ཕན་ཆུང་ཚགས་རིགས་བཞག་ནས་སྤྱི་པའི་ལས་དོན་གྱི་ཐོག་ལ་གཞོལ་དགོས་པ་དང་། ༧གོང་ས་རྒྱལ་བ་རིན་པོ་མཆོག་གིས་དགུང་གྲངས་བརྒྱ་ལྷག་བཞུགས་རྒྱུར་ཞལ་བཞེས་བཟང་པོ་ཐོབ་ཀྱང་། སྐུ་ཚེ་ཡུན་རིང་བཞུགས་ཐུབ་མིན་ནི་གདུལ་བྱ་དག་ལ་རགས་ཀྱི་ཡོད་སྟབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཆོལ་ཁ་གསུམ་པོ་སྐྱིད་ན་སྐྱིད་མཉམ་དང་སྡུག་ན་སྡུག་མཉམ་གྱི་བཀའ་དགོངས་ལྟར། རང་ཕྱོགས་ཀྱི་ལྟ་བ་དང་ལངས་ཕྱོགས་སོགས་དོར་ནས། ཕན་ཚུན་བར་གུ་ཡངས་ཀྱི་ཐོག་ནས་བོད་མི་ཚོས་སྐྱིད་སྡུག་མཉམ་མྱོང་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ལྷིང་འཇགས་དང་བདེ་འཇགས་ཡོང་སླད། ༧གོང་ས་རྒྱལ་བ་རིན་པོ་མཆོག་གི་བཀའ་དགོངས་བཞིན། ཆོལ་ཁའི་འཐེན་འཁྱེར་སོགས་དོར་ནས། བོད་སྤྱི་པའི་རྩ་དོན་བསྒྲུབ་དགོས་སྐོར་སོགས་གསུངས་སོང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese