མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ལས་ཨ་རིས་འཛམ་གླིང་སྣེ་འཁྲིད་པར་དགའ་མོས་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༦/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྐྱོང་གི་ལམ་ལུགས་མི་འདྲ་བའི་འཛམ་གླིང་རྒྱལ་ཁབ་ ༩ ཡིས་དྲ་ལམ་བསམ་ཕྱོགས་བསྡུས་པའི་གྲུབ་དོན་ལྟར་ན་ཕྱི་ལོ་ ༢༠༡༩ ལོར་བསྡུས་པའི་བསམ་ཕྱོགས་དང་བསྡུར་ན་འདི་ལོར་རྒྱ་ནག་གི་དམངས་གཙོ་ཟེར་བར་རྒྱབ་སྐྱོར་བྱེད་མཁན་ལྡབ་གསུམ་ལྷག་གིས་མར་ཆག་ཡོད་འདུག

Chart showing 8 out of 9 nations favouring the US over China.Representative Image/EGF

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཨ་རིར་རྟེན་གཞི་བྱས་པའི་ཡུ་རེ་ཤི་ཡ་ཐེབས་རྩ་(The Eurasia Group Foundation) ཟེར་བ་ཞིག་གིས་རྒྱ་གར་དང་རྒྱ་ནག་ཚུད་པའི་འཛམ་གླིང་གི་རྒྱལ་ཁབ་ཆེ་གྲས་བདུན་ནང་གི་མི་མང་རྣམས་ལ་ཨ་རིར་ལྟ་ཕྱོགས་ཅི་ཡོད་ཀྱི་བསམ་ཕྱོགས་བསྡུས་ཏེ། དམངས་གཙོའི་དམ་བཅའ། སྲིད་འཛིན་བྷའེ་ཌིན་དུས་སྐབས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཨ་རིར་ལྟ་ཕྱོགས། ཞེས་པའི་སྙན་ཐོ་ཞིག་བཏོན་པའི་ནང་། མི་འབོར་མང་ཆེ་བས་རྒྱ་ནག་དང་བསྡུར་ན་ཨ་རི་དེ་མུ་མཐུད་ནས་འཛམ་གླིང་གི་སྣེ་ཁྲིད་སྟོབས་ཆེན་རྒྱལ་ཁབ་ཏུ་གནས་རྒྱུའི་འདོད་མོས་བྱས་ཡོད་འདུག

ཞིབ་འཇུག་ཚོགས་པ་དེས་དྲ་ལམ་བརྒྱུད་ནས་འཛམ་གླིང་ནང་གི་ས་ཁམས་དང་ཆབ་སྲིད་ཐོག་ནས་ཆེས་མི་འདྲ་བའི་རྒྱལ་ཁབ་ ༩ སྟེ། རྒྱ་གར་དང་། རྒྱ་ནག ཉི་ཧོང་། ཨི་ཇིབ། པོ་ལན་ཌི། འཇར་མ་ནི། ཨ་ཧྥེ་རི་ཀའི་རྒྱལ་ཁབ་ནེ་ཇི་རི་ཡ། བྷར་ཛིལ། མེག་སི་ཁོ་བཅས་ཀྱི་ནང་གི་མི་གྲངས་ལྔ་སྟོང་ལྷག་ལ་དྲ་ལམ་བརྒྱུད་ནས་ཨ་རིའི་གནས་བབ་སྤྱི་དང་། ཨ་རིའི་དམངས་གཙོ། རྒྱལ་སྤྱིའི་སྟེང་གི་ཤུགས་རྐྱེན་སོགས་ཀྱི་ཐོག་ལ་དྲི་བ་དྲིས་ཏེ་བསམ་ཤོག་བསྡུས་ཡོད་ཅིང་། བསམ་ཤོག་གི་གྲུབ་དོན་ལྟར་ན། འདས་པའི་ལོ་ངོ་གསུམ་དང་བསྡུར་ན་ཕྱི་ལོ་ ༢༠༢༢ ལོར་ཨ་རི་དང་ཨ་རིའི་དམངས་གཙོ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གྲངས་འབོར་དེ་བརྒྱ་ཆ་ ༥༥ ལ་འཕར་ཡོད་པ་དང་། བསམ་ཤོག་ནང་མཉམ་ཞུགས་བྱེད་མཁན་མང་ཚོགས་ཁྲོད་ནས་བརྒྱ་ཆ་ ༦༠ ཡིས་ཨ་རིའི་དམངས་གཙོའི་ལམ་ལུགས་དེས་འཛམ་གླིང་ལ་མིག་དཔེ་ལེགས་པོ་སྟོན་གྱི་ཡོད་པ་དང་། མི་གྲངས་བརྒྱ་ཆ་ ༥༣ གྱིས་སོ་སོའི་རྒྱལ་ཁབ་ཀྱི་ཆབ་སྲིད་འཛིན་སྐྱོང་དེ་ཨ་རི་བཞིན་དམངས་གཙོར་འགྱུར་དགོས་པའི་བསམ་ཚུལ་བཏོན་འདུག

འདི་ལོའི་བསམ་ཕྱོགས་ནང་མཉམ་ཞུགས་བྱེད་མཁན་མི་གྲངས་བརྒྱ་ཆ་ ༧༨ ཀྱིས་ད་ལྟའི་ཆར་ཨ་རི་དང་རྒྱ་ནག་གཉིས་ཀྱིས་རྒྱལ་སྤྱིའི་ཐོག་རང་རང་གི་ཤུགས་རྐྱེན་བསྐྱེད་ཐབས་ལ་འགྲན་རྩོད་བྱེད་བཞིན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། མི་མང་བརྒྱ་ཆ་ ༧༥ ཡིས་ཨ་རི་དེ་ཉིད་འཛམ་གླིང་གི་སྟོབས་ཆེན་སྣེ་ཁྲིད་རྒྱལ་ཁབ་ཨང་དང་པོ་དེར་རང་སོར་གནས་རྒྱུའི་འདོད་མོས་བྱས་ཡོད་འདུག བསམ་ཤོག་ནང་ཞུགས་མཁན་ཁྲོད་ནས་ཨ་རི་དེ་ཡིད་ཆེས་བློ་འགེལ་ཆོག་པའི་ཚོང་ཤག་ཅིག་ཡིན་པའི་རྒྱུ་མཚན་གྱིས་ཨ་རི་བདམས་ཡོད་པ་དང་། ཡང་རྒྱ་ནག་བདམས་དོན་གཙོ་བོ་ནི་རྒྱ་ནག་དེ་རྒྱལ་ཁབ་ཡར་རྒྱས་གོང་འཕེལ་གྱི་དཔེ་བཟང་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད་འདུག རྒྱལ་ཁབ་གཞིར་བཟུང་བྱས་ན། བྷར་ཛིལ་དང་པོ་ལེན་ཌི། ནེ་ཇི་རི་ཡ། རྒྱ་གར་བཅས་ཀྱིས་ཨ་རི་དང་དེའི་དམངས་གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅིང་། མེག་སི་ཁོ་དང་། འཇར་མ་ནི། ཨི་ཇིབ། རྒྱ་ནག ཉི་ཧོང་བཅས་ཀྱིས་ཨ་རིར་བར་གནས་སམ་ལྡོག་ཕྱོགས་ཀྱི་ལྟ་ཚུལ་འཛིན་གྱི་ཡོད་པ་རེད་འདུག

རྒྱལ་ཁབ་དགུའི་ཁྲོད་ནས་རྒྱ་ནག་ལྟ་བུར་མཚོན་ན། ཕྱི་ལོ་ ༢༠༡༩ ལོར་བསྡུས་པའི་བསམ་ཤོག་ནང་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་ ༤༤ དང་། འདི་ལོར་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་ ༣༢ ལས་བྱུང་མེད་སྟབས། ཕྱི་ལོ་ ༢༠༡༩ དང་བསྡུར་ན་འདི་ལོར་ལྡབ་གསུམ་ལྷག་གིས་མར་ཆག་ཡོད་འདུག  དེ་བཞིན་བསམ་ཤོག་ནང་མཉམ་ཞུགས་བྱེད་མཁན་གྱི་རྒྱའི་མི་སེར་ཁྲོད་དུའང་། ཨ་རིར་དངོས་སུ་བསྐྱོད་མྱོང་མཁན་ཁྲོད་ནས་བརྒྱ་ཆ་ ༥༣ གྱིས་ཨ་རིར་ལྟ་ཕྱོགས་ལེགས་པ་ཡོད་ཀྱང་། ཨ་རིར་བསྐྱོད་མྱོང་མེད་པའི་ཁྲོད་ནས་བརྒྱ་ཆ་ ༡༩ ཡིས་མ་གཏོགས་ཨ་རིིར་ལྟ་ཕྱོགས་བཟང་པོ་བཟུང་མི་འདུག དེ་བཞིན་རྒྱལ་ཁབ་དགུའི་ནང་ཨ་རིར་ལྟ་ཚུལ་ངན་པ་འཛིན་མཁན་ཁྲོད་དུ། ཕལ་ཆེ་བས་ཨ་རིའི་ནང་གི་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོད་པའི་གནད་དོན་དེ་ཉིད་ཚབས་ཆེ་ཤོས་སུ་རྩི་བཞིན་འདུག

འདས་པའི་ལོ་ཤས་ནང་འཛམ་གླིང་ཁྱོན་དུ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་དཀའ་ངལ་དང་། ཨ་རིའི་དམག་རྣམས་ཨབ་གྷན་ནས་ཕྱིར་ཐོན་རྗེས་ཏ་ལི་བྷན་གྱི་སྲིད་དབང་བསྐྱར་གསོ་བྱུང་དང་། དེ་བཞིན་འདི་ལོར་ཨུ་རུ་སུས་ཡུ་ཀེ་རེན་ལ་དམག་དྲངས་ཏེ་ཡུ་རོབ་གླིང་ཕྲན་དང་འཛམ་གླིང་སྤྱི་ཚོགས་ཀྱི་བདེ་འཇགས་དང་ཆབ་སྲིད་ལ་གཡོ་འགུལ་ཆེན་པོ་བཟོས་པ་སོགས་ཀྱི་རྐྱེན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རང་ཤུགས་ཀྱིས་འཛམ་གླིང་གི་ཆབ་སྲིད་ལ་ཤུགས་རྐྱེན་ཆེས་ཆེ་བའི་ཨ་རི་དང་རྒྱ་ནག་ལ་ལྟ་ཕྱོགས་འགྱུར་བཞིན་ཡོད་པ་རེད། འོན་ཀྱང་ད་ལན་གྱི་ཞིབ་འཇུག་སྙན་འདི་ལྟར། འདས་ལོའི་ཕྱི་ཟླ་ ༦ པའི་ནང་ཨ་རིར་རྟེན་གཞི་བྱས་པའི་པེའུ་ཞིབ་འཇུག་ཁང་ (Pew Research Center) གིས་ཀྱང་འཛམ་གླིང་གིས་ཨ་རི་དང་རྒྱ་ནག་ལ་ལྟ་ཕྱོགས་སྐོར་གྱི་བསམ་ཤོག་བསྡུས་པའི་གྲུབ་དོན་ནང་། མི་གྲངས་བརྒྱ་ཆ་ ༦༡ གིས་ཨ་རི་དང་མི་གྲངས་ ༢༧ གྱི་རྒྱ་ནག་ལ་རྒྱབ་སྐྱོར་བྱས་འདུག་ལ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལས་སྲིད་འཛིན་བྷའེ་ཌིན་ལ་རྒྱབ་སྐྱོར་ཆེ་བ་དང་། གཞན་ཡང་རྒྱལ་ཁབ་རྣམས་ཀྱི་རྒྱ་ནག་ལས་ཨ་རིར་ཚོད་འབྲེལ་ཤུགས་ཆེར་གཏོང་དགོས་པའི་འདོད་ཚུལ་བཟུང་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese