མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གདན་ས་རྣམ་གྲོལ་གླིང་དུ་རིས་མེད་མཁས་པའི་བགྲོ་གླེང་ཐེངས་ལྔ་པ་འཚོག་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༦/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་ཟླ་འདིའི་ཕྱི་ཚེས་ ༡༦ ནས་ ༡༩ བར་གྱི་ཉིན་གྲངས་བཞིའི་རིང་རིས་མེད་མཁས་པའི་བགྲོ་གླེང་ཐེངས་ལྔ་པ་འཚོག་བཞིན་འདུག

དབུས་བོད་མི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་གཙོ་འགན་བཞེས་པའི་ཐོག་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ། ཟླ་འདིའི་ཕྱི་ཚེས་ ༡༦ ནས་ ༡༩ བར་གྱི་ཉིན་གྲངས་བཞིའི་རིང་རིས་མེད་མཁས་པའི་བགྲོ་གླེང་ཐེངས་ལྔ་པ་འཚོག་བཞིན་ཡོད་པ་དང་། དབུ་འཛུགས་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དང་། དམིགས་བསལ་སྐུ་མགྲོན་རྣམ་གྲོལ་གླིང་དབུ་འཛིན་༸སྐྱབས་རྗེ་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་དབུས་རིས་སུ་མ་ཆད་པའི་ཆོས་བརྒྱུད་དགོན་སྡེ་ཁག་གི་སྐུ་ཚབ་མཁན་སློབ་དགེ་བཤེས་དང་། དགེ་བཤེས་མ་རྣམ་པ། ལྷོ་སྤྱི། དེ་བཞིན་་ཟུར་ཉན་པ་བཅས་བགྲོ་གླེང་ནང་མཉམ་ཞུགས་མཁན་ཁྱོན་ ༥༠༠ ཙམ་ཡོད་འདུག

དེ་རིང་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་མཁན་པོ་དཔལ་ལྡན་དབང་ཕྱུག་གིས། ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་དྲང་ངེས་དང་བཀའ་བསྟན་བཅོས་གཉིས་ཀྱི་སྐོར་དང་།  དེ་བཞིན་སེར་བྱེས་དགེ་བཤེས་ལྷ་རམས་པ་འཆི་མེད་ཚེ་རིང་ལགས་ཀྱིས་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་ཐེག་ཆེན་སེམས་སྐྱེད་ཀྱི་སྐོར། རིགས་ལམ་སློབ་གཉེར་ཁང་གི་དགེ་བཤེས་རྒྱལ་མཚན་དབང་འདུས་ལགས་ཀྱིས་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་བདེན་བཞིའི་ཐོག་གསུང་བཤད་གནང་ཡོད་འདུག་ལ།   སང་ཉིན་དང་གནངས་ཉིན་བཅས་སུ་བརྩེ་ཆེན་མདོ་སྔགས་ཆོས་གླིང་གི་སློབ་དཔོན་ཀུན་བཟང་དོན་གྲུབ་ལགས་ཀྱིས་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་སྐུ་གསུམ་དང་། དཔལ་གཤེན་བསྟན་སྨན་རི་གླིང་གི་དགེ་བཤེས་སེམས་དཔའ་རྒྱལ་མཚན་ལགས་ཀྱིས་ཤེར་ཕྱིན་མངོན་རྟོགས་ལམ་གྱི་རིམ་པའི་རྒྱན་གྱི་སྲིད་པའི་ཁམས་དང་། རྒྱུན་ཁམས། སྣང་ཁམས་ཀྱི་སྐོར་སོགས་ལ་གསུང་བཤད་དང་བགྲོ་གླེང་གནང་རྒྱུ་ཡིན་འདུག

རིས་མེད་བགྲོ་གླེང་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༡ ལོར་ཆོས་ཚོགས་ཐེངས་ ༡༡ ཐོག་བཀའ་སློབ་ཕེབས་དོན་བཞིན། ཕྱི་ལོ་ ༢༠༡༣ ལོར་བཤད་སྒྲུབ་བསྟན་པ་གོང་སྤེལ་ལྷན་ཚོགས་སྐབས་གྲོས་ཆོད་དུ་བཞག་སྟེ་དབུ་འཛུགས་གནང་བ་ཞིག་ཡིན་འདུག་ལ། ཕྱི་ལོ་ ༢༠༡༥ ལོར་བོད་ཀྱི་ཆོས་བརྒྱུད་སོ་སོའི་དབར་མཐུན་བསྒྲིལ་དང་སློབ་གཉེར་གོང་འཕེལ་ཡོང་བ་སོགས་ཀྱི་ཆེད་དུ་ཐེངས་དང་པོའི་བགྲོ་གླེང་དེ་རྒྱུད་སྟོད་གྲྭ་ཚང་དང་། ༢༠༡༦ ལོར་དཔལ་སྤུངས་ཤེས་རབ་གླིང་། ཕྱི་ལོ་ ༢༠༡༨ ས་སྐྱ་མཐོ་སློབ། ༢༠༡༩ ལོར་སྨན་རིའི་གླིང་དགོན་པ་བཅས་སུ་རིམ་པར་འཚོགས་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༡༨ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༨ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

མཆན། 1

  1. asanga says:
    ལོ་ 4 སྔོན།

    རིས་མེད་བགྲོ་གླེང་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༡ ལོར་ཆོས་ཚོགས་ཐེངས་ ༡༡ ཐོག་བཀའ་སློབ་ཕེབས་དོན་བཞིན། ཕྱི་ལོ་ ༢༠༡༣ ལོར་བཤད་སྒྲུབ་བསྟན་པ་གོང་སྤེལ་ལྷན་ཚོགས་སྐབས་གྲོས་ཆོད་དུ་བཞག་སྟེ་དབུ་འཛུགས་གནང་བ་ཞིག་ཡིན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese