མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཇོ་མོ་གླང་མའི་སྒར་སར་ཉེན་ཁ་འབྱུང་ཉེན་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༦/༡༧
Share on FacebookShare on TwitterShare on EmailShare on Whatsapp

གོ་ལའི་ཚ་དྲོད་འཕེལ་ནས་ཇོ་མོ་གླང་མའི་རི་རྒྱུད་ཀྱི་འཁྱག་རོམ་རྣམས་མྱུར་ཚད་མཐོན་པོས་ཞུ་བཞིན་ཡོད་པས་བལ་ཡུལ་ཕྱོགས་ཀྱི་སྒར་ས་ཆེན་མོ་གནས་སྤོར་མ་བྱས་ན་ཉེན་ཁ་ཡོད་པའི་སྔོན་བརྡ་བཏང་ཡོད་འདུག

Mount Everest south base camps in Nepal

དེ་རིང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་ཁྱོན་ཡོངས་ཀྱི་གོ་ལའི་ཚ་དྲོད་འཕེལ་བཞིན་ཡོད་པའི་རྐྱེན་གྱིས་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མའི་ཁུམ་བུའི་འཁྱག་རོམ་རྣམས་རིམ་གྱིས་ཞུ་བཞིན་ཡོད་པ་དང་། མ་འོངས་པར་བལ་ཡུལ་ཕྱོགས་ཀྱི་སྒར་ས་ཆེན་མོར་ཉེན་ཁ་འབྱུང་སྲིད་པས་གནས་སྤོར་གྱི་གྲ་སྒྲིག་བྱེད་བཞིན་ཡོད་སྐོར་བསྒྲགས་འདུག

ད་ལྟའི་ཇོ་མོ་གླང་མའི་སྒར་ས་ཆེན་མོ་དེ་ནི་མཐོ་ཚད་རྨིད་ ༥༣༦༤ ཙམ་དུ་ཆགས་ཡོད་ཅིང་། ཁུམ་བུ་འཁྱག་རོམ་གཙོས་རི་རྒྱུད་ཀྱི་འཁྱག་རོམ་མང་པོ་ཞུ་མུས་ཡིན་པ་མ་ཟད། འཁྱག་རོམ་བཞུས་ནས་ལོ་ལྟར་ཆུ་ལི་ཊིར་( Liter) ས་ཡ་ ༩༥༠༠ ཉུང་དུ་འགྲོ་ཡི་ཡོད་པ་དང་། སྒར་སའི་འཁྱག་རོམ་ཀྱང་ལོ་རེར་རྨིད་ ༡ ལྷག་སྲབ་ཏུ་འགྲོ་ཡི་ཡོད་པའི་རྐྱེན་གྱིས་སྒར་སར་འཁྱག་ཆུ་ཡིས་དཀའ་ངལ་འཕྲད་མུས་ཡིན་པར་བརྟེན། ཇོ་མོ་གླང་མའི་ཁུལ་གྱི་ཡུལ་སྐོར་ལྟ་རྟོག་ཚན་པ་སོགས་ཀྱིས་ད་ལྟའི་སྒར་ས་དེ་རྨིད་ ༢༠༠ ནས་ ༤༠༠ ཡི་དམའ་བའི་ས་ཚིགས་གསར་པ་ཞིག་ཏུ་གནས་སྤོར་བྱ་རྒྱུའི་འཆར་གཞི་གདིང་མུས་ཡིན་ཡང་། བལ་ཡུལ་གཞུང་གིས། ས་ཚིགས་གསར་པ་ཞིག་ཏུ་གནས་སྤོར་བྱ་བར་ཡུལ་མི་སོགས་ལ་གྲོས་བསྡུར་བྱ་དགོས་པར་བརྟེན། སྒར་ས་གནས་སྤོར་གྱི་ལས་གཞི་དེ་ཕྱི་ལོ ༢༠༢༤ ལོར་ལག་བསྟར་ཡོང་སྲིད་སྐོར་བརྗོད་འདུག

གནམ་གཤིས་ཞིབ་དཔྱོད་པ་དག་གིས་རྒྱུས་ལོན་བྱས་པ་ལྟར་ན། རི་འཛེགས་ཀྱི་དུས་ཚོགས་ཆེས་ཡག་ཤོས་ཏེ་ལོ་རེའི་སྟོན་དུས་སུ་མི་གྲངས་ ༡༥༠༠ ལྷག་གིས། སྒར་ས་དེར་གུར་ཕུབ་ནས་སྡོད་ཀྱི་ཡོད་ཀྱང་། ཉེ་བའི་ལོ་ཤས་རིང་འཛམ་གླིང་སྤྱི་ཡོངས་ཀྱི་ཚ་དྲོད་འཕེལ་ཏེ་ཁུམ་བུ་ཁུལ་གྱི་འཁྱག་རོམ་མྱུར་ཚད་མཐོན་པོས་ཞུ་ཡི་ཡོད་སྟབས། སྒར་སར་ཉེན་ཁ་ཆེན་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། ཚན་རིག་པ་ཝ་ཊི་སན (Watson)ལགས་ཀྱིས།  ད་ལྟ་འཁྱག་རོམ་གྱིས་བསྡམས་ནས་སྲ་བརྟན་དུ་གནས་པའི་བྲག་རྡོ་རྣམས་རིམ་གྱིས་ལྷུང་གི་ཡོད་པ་མ་ཟད། སྒར་སའི་དཀྱིས་དབུས་ན་རྒྱུག་བཞིན་པའི་འཁྱག་རོམ་བཞུས་པའི་རྒྱུག་ཆུ་དེ་ལོ་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་སྟབས། མ་འོངས་པར་སྒར་སའི་རི་འཛེག་པ་རྣམས་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་སྐོར་བསྒྲགས་འདུག

བལ་ཡུལ་ཕྱོགས་ཀྱི་ཇོ་མོ་གླང་མའི་སྒར་སའི་འགན་འཛིན་ཤར་པ་ཚེ་རིང་བསྟན་འཛིན་གྱིས། ད་ལྟ་ཇོ་མོ་གླང་མའི་སྒར་ས་ནས་འཁྱག་རོམ་བཞུས་ཏེ་འཁྱག་རོམ་གཞན་འགུལ་སྐྱོད་ཐེབས་པ་དང་། བྲག་རྡོ་ལྷུང་བ་སོགས་ཀྱི་སྒྲ་ཡང་གྲགས་ཀྱི་འདུག་ལ། སྒར་སའི་འཁྱག་རོམ་འགུལ་སྐྱོད་ཐེབས་པའི་རྐྱེན་གྱིས་གུར་སའི་རྡོ་ཧྲུག་རྣམས་ཀྱང་བདུན་ཕྲག་རེ་རེའི་ནང་སྙོམས་པོ་བཟོ་དགོས་ཀྱི་སྐོར་བརྗོད་འདུག

Mount Everest North Base Camp is in Tibet

བོད་ཕྱོགས་ཀྱི་ཇོ་མོ་གླང་མའི་སྒར་ས་ཆེན་མོ་ནི་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་སྨི་ ༥༣༠༠ ཙམ་གྱི་རི་ཁུག་ཏུ་གནས་ཤིང་། རྒྱ་ནག་གཞུང་གིས་འཛམ་གླིང་ས་ཕྱོགས་གང་ས་ནས་ཡོང་བའི་རི་འཛེག་པ་ཚོར་སྡོད་གུར་དང་ཟ་ཁང་ཚོང་ཁང་། དེ་བཞིན་སྒྲོམ་སྟེགས་སྤོ་ལོ་དང་དགོང་ཚོགས་ཁང་སོགས་ཆེད་འཛུགས་ཀྱིས་ཚོང་ལས་ཀྱི་ལྟེ་བ་ཞིག་ཏུ་བསྒྱུར་ཡོད་འདུག་ལ། ཕྱི་ལོ་ ༢༠༢༠ ལོ་ཙམ་ལ་རི་འཛེག་པ་ཞིག་གིས་ཇོ་མོ་གླང་མའི་སྒར་ས་སོགས་སུ་གད་སྙིགས་དང་ཕུང་པོས་ཁེངས་ཡོད་པའི་ཟིན་ཐོ་བཏོན་རྗེས། ཇོ་མོ་གླང་མ་ཚོང་རྫས་ཙམ་དུ་བེད་སྤྱོད་བཏང་དང་གཏོང་བཞིན་པ་ཁོ་ན་མ་ཡིན་པར་གཙང་སྦྲ་བྱེད་དགོས་པའི་གླེང་གཞི་ཆེན་པོ་བྱུང་ཡོད་པ་རེད།

ཨ་རིའི་ཞིབ་འཇུག་སློབ་ཆེན་(University of Maine)གྱིས་འདི་ལོའི་ཕྱི་ཟླ་ ༢ ནང་བཏོན་པའི་ཇོ་མོ་གླང་མའི་འཁྱག་རོམ་བཞུས་པའི་གནད་དོན་ཐད་ཀྱི་སྙན་ཐོའི་ནང་དུ། འདས་པའི་མི་ལོ་ ༢༠ ལྷག་རིང་ཇོ་མོ་གླང་མ་དང་ལྷོ་རྩེ་རི་བོ་གཉིས་ཀྱི་འཁྱག་རོམ་ཕི་ཊི་ ༡༨༠ སྲབ་ཏུ་ཕྱིན་ཡོད་པ་མ་ཟད། རྒྱ་མཚོའི་ངོས་ནས་སྨི་ ༧༩༠༦ ཙམ་ཡོད་པའི་འཁྱག་རོམ་དེ་དག་སྔ་མ་དང་བསྡུར་ན་ཐེངས་༨༠ ལྷག་གི་སྲབ་ཚད་ཇེ་མགྱོགས་སུ་ཕྱིན་ཡོད་ཅིང་། འདས་པའི་མི་ལོ་ཉི་ཤུ་ལྷག་རིང་འཁྱག་པ་ཊོན་( tonne) ཐེར་འབུམ་ ༢༧༠ ཙམ་མེད་པར་ཆགས་ཡོད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese