མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་སའི་རོང་ཁུལ་ནས་བོད་སིལ་བུའི་དུས་སྐབས་ཀྱི་རྣམ་པ་མངོན་པའི་ནང་བསྟན་བྲག་བརྐོས་རི་མོ་གསར་རྙེད་བྱུང་།

བོད་ཀྱི་དུས་བབ།
༢༠༢༢/༠༦/༢༢
Share on FacebookShare on TwitterShare on EmailShare on Whatsapp

ལྷ་སའི་རོང་ཁུལ་ནས་བོད་སིལ་བུའི་དུས་སྐབས་ཀྱི་རྣམ་པ་མངོན་ཞིང་བཟོ་རྩལ་ཡག་ཤོས་དང་གཞི་ཁྱོན་ཆེ་ཤོས། ལོ་རབས་སྔ་ཤོས་བཅས་ཡིན་པའི་ནང་བསྟན་བྲག་བརྐོས་རི་མོ་གསར་རྙེད་བྱུང་།

ཁ་སང་རྒྱ་ནག་མི་དམངས་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ལམ་བོད་རང་སྐྱོང་ལྗོངས་ཟེར་བའི་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཁང་གིས། ལྷ་ས་སྐྱིད་ཆུའི་ལྷོ་ངོས་དང་ལྷ་ས་གྲོང་ཁྱེར་དང་བར་ཐག་ལེ་དབར་བཅུ་ཙམ་གྱི་སར་གནས་པའི་སྟག་རྩེ་རྫོང་ཁོངས་ཚལ་གུང་ཐང་ཤང་གི་རི་ཁུག་ནས། བྱམས་པ་དང་རྒྱལ་སྲིད་སྣ་བདུན། རྣམ་པར་སྣང་མཛད་དང་སྤྱན་རས་གཟིགས་སོགས་ཀྱི་སྐུ་འདྲ་དང་བོད་ཡིག་བརྐོས་མ་ཁྱོན་ ༢༢ གསར་དུ་རྙེད་སོན་བྱུང་ཡོད་འདུག

དེ་འབྲེལ་ཐད། བོད་རང་སྐྱོང་ལྗོངས་ཟེར་བའི་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཁང་གིས། བྲག་བརྐོས་དེ་དག་ནི་ད་སྔ་བར་ལྷ་སའི་རོང་ཁུལ་ནས་ཤེས་རྟོགས་བྱུང་བའི་ལོ་རབས་སྔ་ཤོས་དང་། བཟོ་རྩལ་ཡག་ཤོས། གཞི་ཁྱོན་ཆེ་ཤོས་བཅས་ཡིན་པའི་གནའ་རབས་ཀྱི་ནང་བསྟན་བྲག་བརྐོས་རེད། ཅེས་བརྗོད་ཡོད་པ་དང་། བྲག་བརྐོས་རི་མོ་དེ་དག་ཚལ་གུང་ཐང་ཤང་གི་རི་ཁུལ་གྱི་ས་ཚིགས་མི་འདྲ་བ་ ༦ ནས་གསར་དུ་རྙེད་ཡོད་ཅིང་། ཐོག་མར་ཁྱབ་བསྒྲགས་བྱས་པའི་དཔྱད་ཡིག་ཅིག་ཆགས་ཀྱི་ཡོད་འདུག

ད་ལྟ་གསར་དུ་རྙེད་ཅིང་ས་ཁོངས་གཅིག་ཏུ་འདུས་ཡོད་པའི་བྲག་བརྐོས་རི་མོ་དེ་དག་དུས་རབས་དགུ་པའི་དུས་མཇུག་ནས་དུས་རབས་ ༡༡ པ་དང་ དུས་རབས་་༡༡ པ་ནས་་༡༣ པའི་བར་དུས་སྐབས་གཉིས་སུ་ཕྱེ་ཡོད་པ་དང་། བྲག་བརྐོས་སྐུ་བརྙན་གྱི་བཟོ་རྩལ་ནི་སྲིབ་ཐིག་རྐོ་རྩལ་ཡིན་ཞིང་། རྐོ་རྩལ་བྱང་ཆུབ་པ་དང་ཐིག་རིས་ཡག་པོ་ཡོད་པ། དེ་བཞིན་མཐའ་འཁོར་ས་ངོས་སུ་རྡོའི་བཟོ་བཀོད་གནའ་ཤུལ་མཐོང་རྒྱུ་ཡོད་པས་སྔ་དུས་ཀྱི་ནང་པའི་ཉམས་ལེན་བྱ་ཡུལ་དང་འབྲེལ་བ་ཡོད་པའི་ཚོད་དཔག་བྱེད་ཐུབ། བྲག་བརྐོས་ཁྲོད་དུ་སྐུ་ཡི་བཀོད་པ་ཁ་ཤས་སུ་བོད་ཀྱི་བཙན་པོའི་དུས་མཇུག་གམ་བོད་སིལ་བུའི་དུས་ཀྱི་རྣམ་པའང་མངོན་ཡོད་སྐོར་སོགས་བརྗོད་འདུག

བོད་རང་སྐྱོང་ལྗོངས་ཟེར་བའི་རིག་དངོས་ཞིབ་འཇུག་ལྟེ་གནས་ཁང་གི་ཞིབ་འཇུག་པ་ཞྭ་སྒབ་དབང་འདུས་ཀྱིས་བྲག་བརྐོས་དེ་དག་ཤེས་རྟོགས་བྱུང་བ་ལས་བོད་ཀྱི་ལྟེ་བའི་ས་ཁུལ་གྱི་ནང་བསྟན་གྱི་བསམ་བློ་དང་། སྒྱུ་རྩལ་གྱི་ལོ་རྒྱུས། ལོ་རྒྱུས་དང་རིག་གནས་བཅས་ལ་ཞིབ་འཇུག་བྱེད་པར་དངོས་རྫས་ཀྱི་དཔྱད་གཞི་རྩ་ཆེན་མཁོ་འདོན་བྱས་ཡོད། ཅེས་བརྗོད་ཡོད་པ་དང་། བྲག་བརྐོས་རི་མོ་དེ་དག་ཕྱི་ལོ་ ༢༠༡༧ ལོ་ནས་འཚོལ་ཞིབ་ཀྱི་ལས་གཞི་མགོ་བརྩམས་ཏེ་གསར་རྙེད་བྱུང་བའི་རིག་དངོས་ཤ་སྟག་ཡིན་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༦༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༦/༡༠/༢༣
ས་ཡོམ་ཁྲོད་གས་ཆག་ཤོར་བའི་ཁང་པ་ཞིག པར་དྲ་ལམ་ནས་བླངས།
Mobile App

བོད་ནག་ཆུ་ཁུལ་དུ་ཚད་རིམ་ ༧.༠ ཅན་གྱི་ས་ཡོམ་བྱུང་འདུག

༢༠༢༦/༡༠/༢༣
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཤེས་རིག་བཀའ་བློན་མཆོག་གིས་ལྷོ་བྱང་གི་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་ཅིག་ཏུ་འཚམས་གཟིགས་གནང་།

༢༠༢༦/༡༠/༢༢
Mobile App

སྐུ་ཚབ་དོན་གཅོད་གཉིས་བསྐོ་གཞག་གནང་། 

༢༠༢༦/༡༠/༢༢
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༣ པའི་མཐའ་མའི་བཅད་ཁྲ་བཏང་སོང་། 

༢༠༢༦/༡༠/༢༡
Photos: Official portraits, U.S. House of Representatives
Mobile App

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེར་མཇལ་བཅར་ཞུས།

༢༠༢༦/༡༠/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese