མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ལ་སྒྲོལ་དཀར་གྱི་ཚེ་སྒྲུབ་དང་འབྲེལ་བའི་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

བོད་ཀྱི་དུས་བབ།
༢༠༢༢/༠༦/༢༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་མིའི་ཚོགས་སྡེ་ཁག་ལྔ་ཡིས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་སྐབས། ༧གོང་ས་མཆོག་གིས་སླར་ཡང་མགོན་པོ་གང་ཉིད་མཆོག་ད་དུང་ལོ་བཅུ་ཕྲག་གཉིས་གསུམ་རིང་འཚོ་བཞུགས་མཛད་རྒྱུའི་བཀའ་སློབ་སྩལ་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༧།༣༠ སྟེང་། བཞུགས་སྒར་ཆོས་གླིང་ཐེག་ཆེན་གཙུག་ལག་ཁང་དུ། ཡར་འབྲོག་གཞིས་བྱེས་མི་མང་དང་འཇོལ་ཀོང་རྒྱལ་གསུམ་གཞིས་བྱེས་མི་མང་། མངའ་རིས་སྤྱི་མཐུན་ཚོགས་པ་ཐུན་མོང་དང་སེར་བྱེས་དགེ་བཤེས་གྲོལ་ལྡན་རྒྱ་མཚོ། དེ་བཞིན་བྱང་རིས་གཞིས་བྱེས་མི་མང་བཅས་ཚོགས་པ་ལྔ་ཐུན་མོང་གིས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་སླད་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུས་གནང་སོང་།

སྐབས་དེར་མགོན་པོ་གང་ཉིད་མཆོག་གིས། དེ་རིང་འདིར་འཇོལ་ཀོང་རྒྱལ་གསུམ་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ཟེར་བ་ཞིག་འདུག དེ་རིང་འདིར་སྒྲོལ་དཀར་གྱི་ཚེ་སྒྲུབ་དང་འབྲེལ་བའི་བརྟན་བཞུགས་གནང་གི་ཡོད། ངོས་ལས་དང་སྨོན་ལམ་གྱི་ཐོག་ནས་བོད་ཀྱི་བསྟན་སྲིད་དང་འབྲེལ་བ་ཞེ་དྲགས་ཡོད་བསྡད་པ་ཞིག་རེད། ལས་དང་སྨོན་ལམ་བཙན་པོ་ཞེ་དྲགས་རེད། དེ་དངོས་ཡོད་གནས་ཚུལ་རེད། བོད་གངས་ལྗོངས་ཀྱི་རྒྱལ་བསྟན་ཆབ་སྲིད་མི་མང་གི་བདེ་རྩ་དང་བཅས་པར་འཕར་འབིག་ཞེ་དྲགས་ཡོང་བཞིན་པའི་ཁ་ཐུག་དེར། ངོས་ལ་༧རྒྱལ་བའི་མིང་ཐོབ་པ་ནས་བཟུང་། ད་ལྟའི་བར་འདས་པའི་ལོ་རྒྱུས་ནང་སྒྲོ་བཏགས་བཞག་པ་གང་ཡང་མིན་པར། ངོས་ནས་བོད་བསྟན་སྲིད་མི་མང་ལ་ཕན་ཐོགས་བཞག་ཡོད་པ་འཛམ་གླིང་ཀུན་གསལ་དང་དངོས་གནས་ཚུལ་རེད། ད་ལྟ་ལོ་བརྒྱད་ཅུ་གྱ་གྲངས་ཡིན་པ་དང་དེ་ནས་དགུ་བཅུ་དང་བརྒྱ་ལྷག་བསྡད་དེ། ངོས་ནས་ད་དུང་བོད་རྒྱ་ཆེ་མི་མང་གི་བསྟན་འགྲོའི་དོན་བསྒྲུབ་པའི་སེམས་ཤུགས་ཡོད་ལ། གཏན་གཏན་བྱ་ཐུབ་ཀྱི་རེད། ཤེས་སོང་ངམ། ཁྱེད་རང་ཚོ་བློ་བདེ་པོ་བྱས་ནས་བཞུགས་ཨ།

ངོས་ཀྱི་གཟུགས་གཞི་ཡག་ཐག་ཆོད་དང་ཀླད་པ་ཡང་གྲུང་ཐག་ཆོད་ཡོད་པས། ད་དུང་ལོ་བཅུ་ཕྲག་གཉིས་གསུམ་ཞིག་སྡོད་ཐུབ་ཀྱི་རེད། ང་ཚོ་བོད་ཀྱི་བདེན་མཐའ་སེལ་བར་རེ་བ་རྒྱག་ཆོག་གི་རེད། དེ་རིང་ཁ་སང་རྒྱ་ནག་ནང་འགྱུར་བ་ཞེ་དྲགས་འགྲོ་ཡི་ཡོད་པ་དང་བོད་ཀྱི་ནང་ཆོས་ལ་དོ་སྣང་ཤུགས་ཆེན་པོ་བྱེད་ཀྱི་འདུག་པ་མ་ཟད། ངོས་ཀྱི་མིང་ཐོག་ལའང་དོ་སྣང་བྱེད་ཀྱིན་འདུག གང་ལྟར། དེང་སྐབས་བོད་ཀྱི་ཆོས་དང་རིག་གཞུང་ལ་འཛམ་གླིང་གིས་དོ་སྣང་དང་ཚན་རིག་པའི་ནང་ནས་ཀྱང་དོ་སྣང་བྱེད་ཡུལ་ཞིག་ཆགས་བསྡད་ཡོད། དེར་བརྟེན། ང་ཚོ་བོད་ཀྱི་བདེན་དོན་དེ་མུ་མཐུད་འཛམ་གླིང་སྒང་གནས་ཐུབ་པ་མ་ཟད། འཛམ་གླིང་གང་སར་ཕན་ཐོགས་ངེས་ཅན་ཞིག་ཡོང་བར་ཕལ་ཆེ་ངོས་ནས་ཚོད་ཐིག་གི་འདུག ང་རང་གི་ངོས་ནས་གང་ཡོང་ཡོང་བྱ་རྒྱུ་ཡིན།

ངོས་ནས་གཙོ་བོ་ཆབ་སྲིད་ཀྱི་ལས་འགན་བཞག་སྟེ་རྒས་ཡོལ་བྱས་ནས་བསྡད་ཡོད། རྒྱ་གར་གྱི་སྲིད་བློན་ནེ་རུས་༧རྒྱལ་བ་རིན་པོ་ཆེར་བཞུགས་ས་ཞིག་གནང་ན་ཡག་པོ་འདུག་ཅེས་གསུངས་པ་ལྟར། ད་ལྟ་ངོས་རང་ཀཱང་རའི་ནང་སྡོད་བཞིན་པ་ཡིན། དེ་ནས་ང་ཚོའི་ཆབ་སྲིད་ཀྱི་ལས་ཀ་དེ་དག་གྲོས་ཚོགས་དང་སྲིད་སྐྱོང་གིས་བྱས་ནས་ཡག་ཐག་ཆོད་ཡོད། དེར་བརྟེན། ངོས་ནས་འདིར་ཡ་ང་འདྲ་པོ་བྱས་ནས་འགན་འཁུར་དགོས་པ་གང་ཡང་མི་འདུག ཁོང་རང་ཚོ་དངོས་གནས་དྲང་གནས་དྲང་པོ་དྲང་བཞག་དང་ཚགས་ཚུད་ཐག་ཆོད་འདུག

ད་ལྟའི་བར་དུ་ངོས་ནས་དཀའ་ལས་བརྒྱབ་པ་ཡིན། དཀའ་ལས་བརྒྱབ་པར་བྱས་རྗེས་ཏོག་ཙམ་དགོས་པ་རེད་དེ། ང་ལ་ལྷོད་ལྷོད་སྡོད་རྒྱུ་བྱུང་ན་བྱས་རྗེས་གཞན་དགོས་རྒྱུ་མི་འདུག ངོས་ནས་ཉིན་རེ་བཞིན་དུ་བྱང་ཆུབ་ཀྱི་སེམས་སྒོམ་ནས་སྡོད་ཀྱི་ཡོད། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། ཞེས་རང་དོན་བྱང་ཆུབ་ཀྱི་སེམས་ཐོག་ནས་འགྲུབ་པ་དང་གཞན་དོན་ཡང་བྱང་ཆུབ་ཀྱི་སེམས་ཐོག་ནས་འགྲུབ་ཀྱི་འདུག ངོས་ནས་ཉམས་ལེན་གཙོ་བོ་དེ་བྱེད་ཀྱིན་ཡོད། ངོས་རང་འཕགས་པ་སྤྱན་རན་གཟིགས་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་བསྡད་པ་ཞིག་ཡིན་དུས། བྱང་ཆུབ་ཀྱི་སེམས་བསྒོམ་རྒྱུ་དེ་ངས་གཙོ་བོ་བྱས་ནས་སྒོམ་གྱི་ཡོད། དེ་བཞིན་དུ། སྨྲ་བ་འགྲན་མེད་འགྲེལ་བརྗོད་ཤཀྱའི་དག །རྒྱལ་བའི་མཁྱེན་རབ་ཀུན་ཏུ་འཇམ་པའི་དབྱངས། །ཟབ་མོའི་ཐོས་བསམ་འཕགས་མཆོག་ཀླུ་སྒྲུབ་ཞབས།། ཞེས་གསུངས་དུས། ཀླུ་སྒྲུབ་ཀྱི་སློབ་མ་ཟླ་གྲགས་དང་ཟླ་གྲགས་ཀྱི་སློབ་མའི་གྲས་སུ་ངོས་རང་ཡོད་པར་དྲན་གྱི་འདུག ཅེས་གསུངས་སོང་།

ཡང་༧སྐུ་ཉིད་མཆོག་གིས། ད་ལྟ་བར་དུ་སྤྱིར་བོད་གངས་ཅན་ལྗོངས་ཀྱི་བསྟན་འགྲོའི་དོན་དང་། བོད་ནང་གི་རྒྱ་ཆེ་མི་མང་གིས་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞེས་དགའ་མོལ་ཞེ་དྲགས་གནང་གི་འདུག ཚུར་དེ་ཙམ་གྱིས་དད་མོས་བྱས་ཡོང་དུས། དེ་དག་ལ་སྨོན་ལམ་ཚིག་སྐམ་པོ་ཞིག་མ་གཏོགས་བརྒྱག་རྒྱུ་མེད་ནའང་རྒྱག་དགོས་པ་ངོས་ཀྱི་ལས་འགན་རེད། དེ་ནས་རྒྱ་ནག་ནང་ཆ་བཞག་ན། དེང་སང་ཏཱ་ལའི་ལོག་སྤྱོད་པ་ཟེར་མཁན་མི་འདུག ཏཱ་ལའི་བླ་མས་ཆོས་སྐོར་བཤད་པ་དེ་ཚོ་ན་ལེནྡྲའི་ཆོས་བརྒྱུད་ཚན་རིག་དང་མཐུན་པ་འདུག་ཅེས་ཞུ་མཁན་འདུག དེ་རིང་འདིར་རིན་པོ་ཆེ་རྡོ་རྗེ་བློ་དཔོན་འདི་མགོ་དཀར་པོ་ཆགས་འདུག ངོས་རང་མགོ་དཀར་པོ་དེ་འདྲ་མེད། ད་དུང་ལོ་ཉུ་ཤུ་ཙམ་ཞིག་ཧྲ་ཐག་ཐག་བྱས་ནས་སྡོད་ཀྱི་རེད། ཁྱེད་རང་ཚོ་རྒྱ་ཆེ་མི་མང་གིས་སེམས་ཤུགས་བསྐྱེད་ནས་ཧུར་ཐག་བྱ་དགོས་རེད། ཧུར་ཐག་བྱ་རྒྱུ་དཔེ་གལ་ཆེན་པོ་རེད། ང་ཚོའི་གཉན་འཁྲེང་གི་དུས་ཚོད་སྡུག་ཤོས་དེ་ཕལ་ཆེ་ཡོལ་ཟིན་པ་དང་ད་ལྟ་ང་ཚོས་གནས་སྟངས་གསར་པ་ཞིག་གི་ཐོག་ནས་རེ་བ་གསར་པ་བརྒྱག་པའི་དུས་ལ་བསླེབས་ཡོད་པ་རེད། ཚང་མས་ཧུར་ཐག་གནང་ཤོག ཅེས་གསུངས།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
Mobile App

བལ་གཞུང་གིས་བཀག་སྡོམ་བྱས་པའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བདུན་པ་དྲ་ལམ་དུ་འཚོགས་འདུག

ཆུ་ཚོད་ ༣ སྔོན་ལ།
མ་རྩོམ་ཐོག་འཁོད་པའི་རྩོམ་པ་པོའི་པར།
Mobile App

ཞི་ཅིན་ཕིང་གི་དུས་སྐབས་ཀྱི་བོད་ནང་གི་གཉའ་གནོན་ནི་མུན་ནག་གི་ས་མཚམས་ཤིག་ཡིན།

ཆུ་ཚོད་ ༥ སྔོན་ལ།
TT
Mobile App

རྒྱ་ནག་གཞུང་གིས་བདེ་ཆེན་རྫོང་དེ་ས་གནས་གཞན་ལ་གནས་སྤོ་བཞིན་འདུག

༢༠༢༦/༠༨/༢༨
ཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཀྱི་ཚོགས་འདུ་ཐེངས་ ༨ པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༨
Mobile App

བཙན་བྱོལ་བོད་མིའི་འཕྲོད་བསྟེན་སློབ་སྟོན་ཚོགས་ཆུང་གསར་འཛུགས་གནང་།

༢༠༢༦/༠༨/༢༨
Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་བྱེད་གལ་ཆེ་སྐོར་གསུངས།

༢༠༢༦/༠༨/༢༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

༢༠༢༦/༠༨/༢༧

མཆན། 1

  1. Asanga says:
    ལོ་ 4 སྔོན།

    ང་ཚོའི་གཉན་འཁྲེང་གི་དུས་ཚོད་སྡུག་ཤོས་དེ་ཕལ་ཆེ་ཡོལ་ཟིན་པ་དང་ད་ལྟ་ང་ཚོས་གནས་སྟངས་གསར་པ་ཞིག་གི་ཐོག་ནས་རེ་བ་གསར་པ་བརྒྱག་པའི་དུས་ལ་བསླེབས་ཡོད་པ་རེད། ཚང་མས་ཧུར་ཐག་གནང་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese