མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་རིགས་གཞོན་ནུ་གཉིས་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༢༢/༠༦/༢༤
Share on FacebookShare on TwitterShare on EmailShare on Whatsapp

ལྷ་ས་གྲོང་ཁྱེར་མཁར་གྲོང་ཁུལ་ནས་བོད་མི་སྟོབས་དགའ་དང་གསར་གྲགས་ཞེས་པའི་རང་ལོ་ ༢༠ ལྷག་ཡིན་པའི་གཞོན་ནུ་གཉིས་འཛིན་བཟུང་བྱས་ཏེ་གར་ཡོད་ཆ་མེད་དུ་གྱུར་ཡོད་འདུག

བོད་མི་གསར་གྲགས་དང་སྟོབས་དགའ། པར་བོད་ནས་འདི་གར་མཁོ་སྤྲོད་གནང་།
དེ་རིང་འདི་ག་བོད་ཀྱི་དུས་བབ་གསར་ཁང་དུ་བོད་ནས་གནས་ཚུལ་ཁུངས་ལྡན་འབྱོར་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར་མཁར་གྲོང་ཁུལ་རྨེ་རུ་དགོན་པའི་ཉེ་འཁྲིས་ནས་བོད་མི་སྟོབས་དགའ་དང་གསར་གྲགས་ཞེས་པ་གཉིས་འཛིན་བཟུང་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོང་གཉིས་གང་དུ་ཡོད་མེད་དང་རྒྱུ་མཚན་ཅིའི་ཕྱིར་འཛིན་བཟུང་བྱས་པ་ཡིན་སོགས་གང་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པས་ཁོང་གཉིས་འཛིན་བཟུང་བྱེད་སྐབས་ཁ་པར་སོགས་ཀྱི་ནང་སྔོག་བཤེར་མང་པོ་བྱས་ཡོད་པ་དང་། དེ་ནས་པེ་ཅིན་ཤར་ལམ་ ༡༢ ཟེར་བའི་ས་གནས་ཉེན་རྟོག་ཁང་དུ་འཁྲིད་ཡོད་པ་དང་། སྐྱེས་པ་དེ་གཉིས་ཀྱིས་དུས་རྒྱུན་གཞིས་ཀ་རྩེ་བཀྲ་ཤིས་ལྷུན་པོ་དགོན་གྱི་སྒོ་ཆེན་འགྲམ་དུ་མར་དང་ཁ་ཏགས་སོགས་བཙོང་ནས་བསྡད་ཡོད་པ་དང་། ཕ་ཡུལ་མཚོ་སྔོན་ཞིང་ཆེན་ཆུ་དམར་ལེབ་རྫོང་ནས་ཡིན་ཞིང་། སྟོབས་དགའ་ལགས་རང་ལོ་ ༢༠ ཡས་མས་དང་། གསར་གྲགས་ལགས་རང་ལོ་ ༢༥ ཡས་མས་ཞིག་ཡིན་འདུག
ཉེ་ཆར་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་སྤྱོད་ཚུལ་འཛུགས་སྐྲུན་འགུལ་སྐྱོད་ཟེར་བ་ཞིག་ལག་ལྟར་བྱས་ཏེ། ལྷ་སའི་བར་སྐོར་སོགས་སུ་དམག་མི་སྔར་ལས་མང་པོ་འགྲེམས་འཇོག་བྱས་ཡོད་པ་མ་ཟད། ཡར་མར་འགྲོ་མཁན་བོད་མི་མང་པོ་ཞིག་ལ་ཁ་པར་ནང་སྔོག་བཤེར་དང་། དམིགས་བསལ་སྐད་འཕྲིན་དང་ཝེ་པའོ། ངོ་དེབ་སོགས་ཁ་པར་ནང་དུ་ཡོད་མེད་ཞིབ་འཇུག་བྱེད་བཞིན་ཡོད་འདུག
དེའི་ཐད་ས་གནས་ཀྱི་བོད་མི་ཞིག་གིས། ཉིན་ཤས་སྔོན་ནས་བཟུང་ལྷ་སའི་བར་སྐོར་དང་མཆོད་མཇལ་དུ་ཕྱིན་ན་ལྟ་རྟོག་དོགས་ཟོན་ཆེན་པོ་བྱེད་ཀྱི་འདུག་པས། མཇལ་སྐོར་དུ་འགྲོ་སྐབས་ལག་ཐོགས་ཁ་པར་ཁྱིམ་དུ་བཞག་ནས་འགྲོ་གི་ཡོད། ཁ་པར་ཡོད་ན་ལམ་སང་སྔོག་བཤེར་དང་། སྤྱི་ཚོགས་དྲ་ལམ་ག་རེ་བེད་སྤྱོད་གཏོང་གི་ཡོད་མེད་དང་། ཕྱི་ཕྱོགས་སུ་འབྲེལ་བ་ཡོད་མེད་སོགས་འདྲི་རྩད་མང་པོ་བྱེད་ཀྱི་འདུག ད་དུང་ཕྱི་ཕྱོགས་ནས་ཁ་པར་ཡོང་ན་ལམ་སང་ས་གནས་བདེ་འཇགས་ལས་ཁུངས་སུ་ཡར་ཞུ་བྱས་ཏེ་དོན་དག་ག་རེ་ཡིན་མིན་སྙན་གསང་ཞུ་དགོས་ཚུལ་སོགས་བཤད་ཀྱི་འདུག་ཅེས་བརྗོད་བྱུང་།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist