མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལ་ཁ་གཏད་གཅོག་ཐབས་ཀྱི་མ་དངུལ་བཙུགས།

བོད་ཀྱི་དུས་བབ།
༢༠༢༢/༠༦/༢༨
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་ཨ་སྒོར་ཐེར་འབུམ་ ༦༠༠ ཡི་མ་དངུལ་བཏང་སྟེ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལ་ཁ་གཏད་གཅོག་རྒྱུ་དང་ཡར་རྒྱས་འགྲོ་བཞིན་རྒྱལ་ཁབ་ཁག་ལ་རོགས་སྐྱོར་བྱ་འཆར་ཡོད་པ་རེད།

photo. BBC, A show of unity: G7 leaders in Bavaria

ཁ་སང་ཕྱི་ཚེས་ ༢༦ ནས་ ༢༨ བར་ཉིན་གྲངས་གསུམ་རིང་ཡུ་རོབ་རྒྱལ་ཁབ་འཇར་མན་ནང་འཚོག་བཞིན་པའི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཚོགས་ཆེན་ཐེངས་ ༤༨ པའི་སྟེང་། སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་རྒྱ་ནག་གི་སྟོབས་ཤུགས་རྒྱ་སྐྱེད་ལ་གདོང་ལེན་དང་། ཡོ་ཁུ་རེན་གྱི་དམག་འཁྲུག་དང་འབྲེལ་ནས། ཨུ་རུ་སུར་དཔལ་འབྱོར་གྱི་ཉེས་ཆད། རྒྱལ་སྤྱིའི་དངོས་ཟོག་གི་རིན་གོང་ཕྱོགས་ཡོངས་ནས་འཕར་སྲིད་པའི་དཀའ་ངལ་སེལ་ཐབས་དང་། ཡོ་ཁུ་རེན་གྱི་སྲིད་འཛིན་གྱིས་དྲ་ལམ་བརྒྱུད་གཏམ་བཤད་སོགས་སྤེལ་ཡོད་པ་རེད།

ད་རེས་ཚོགས་ཐོག་ཏུ་སྟོབས་ཆེན་རྒྱལ་ཁབ་བདུན་གྱིས། རྒྱ་ནག་གཞུང་གིས་རྒྱུད་གཅིག་ལམ་གཅིག་གི་ཚོང་འབྲེལ་རྒྱ་སྐྱེད་ཀྱི་ཤུགས་རྐྱེན་འོག ཡར་རྒྱས་འགྲོ་བཞིན་པའི་འཛམ་གླིང་རྒྱལ་ཁབ་མང་དག་ཅིག་བུན་ལོན་ནང་གཡུགས་པ་དང་། ཆབ་སྲིད་ཀྱི་ཤུགས་རྐྱེན་སོགས་སྤྲོད་བཞིན་པར་ཁ་གཏད་གཅོག་སླད་དུ། ཨ་སྒོར་ཐེར་འབུམ་ ༦༠༠ ཡི་འཛུགས་སྐྲུན་གྱི་མ་དངུལ་གཏང་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས་འདུག་པ་དང་། ཨ་རིའི་སྲིད་འཛིན་ཇོ་བྷའེ་ཌན་མཆོག་གིས། རྒྱ་ནག་གཞུང་འབྲེལ་གྱི་སྟངས་འཛིན་འོག་མ་དངུལ་གཏོང་གི་ཡོད་པའི་གནས་སྟངས་དང་མི་འདྲ་བར། ཨ་རི་དང་སྟོབས་ཆེན་རྒྱལ་ཁབ་བདུན་གྱིས། མ་དངུལ་ལ་ཚོད་འཛིན་ཡོད་པ་དང་ཚོགས་སྡེ་ཁག་དང་སྒེར་གྱི་མ་དངུལ་ལེན་མཁན་དག་ལ་ཁེ་སྤོགས་ལྡན་པའི་མ་དངུལ་བགོས་འགྲེམས་བྱ་རྒྱུ་ཡིན་པས། སྟོབས་ཆེན་རྒྱལ་ཁབ་བདུན་གྱི་མ་དངུལ་བུན་གཡར་གྱི་ལས་གཞིའི་ཁྲོད་ཞུགས་མཁན་རྒྱལ་ཁབ་དག་ལ་བུན་ལོན་ནང་ལྷུང་བའི་ཉེན་ཁ་མེད་པ་མ་ཟད། རྒྱ་ནག་ནང་བཞིན་ཐད་ཀར་ཆབ་སྲིད་མི་སྣ་དང་དཔལ་འབྱོར་ལྷན་ཁང་སོགས་སུ་བུན་ལོན་གཡར་ཏེ། རྒྱལ་ཁབ་གང་དེའི་ཆབ་དཔལ་གཉིས་ལ་ཉེན་ཁ་བསྐྲུན་བཞིན་པའི་ཉེན་ཁ་སོགས་མེད་སྐོར་བརྗོད་ཡོད་འདུག

ཐེངས་འདིའི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཚོང་ལམ་དང་འབྲེལ། རྒྱ་ནག་གི་སྟོབས་ཤུགས་རྒྱ་སྐྱེད་ལ་ཁ་གཏད་གཅོག་ཐབས་ཀྱི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་སྲིད་ཇུས་དེ་ནི། འདས་ལོར་དབྱིན་ཡུལ་དུ་འཚོགས་པའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཚོགས་ཐོག་ཏུ་མགོ་བཙུགས་པའི་ལས་གཞི་ཞིག་ཡིན་ཡང་། ད་ལོར་ལས་གཞི་དེའི་མ་དངུལ་ཇེ་མང་དུ་བཏང་སྟེ། འཛམ་གླིང་གི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་ཁ་ཡོད་ལག་ཡོད་ཀྱིས་ཁེ་ཕན་ལྡན་པའི་རོགས་རམ་བྱ་རྒྱུ་ཡིན་པ་དང་། ལས་གཞི་དེའི་ཁྲོད་འདི་ལོར་ཨ་རིས་ཁྱོན་ཨ་སྒོར་ཐེར་འབུམ་ ༢༠༠ ཁ་སྣོན་དང་། ཡུ་རོབ་མཐུན་ཚོགས་ཀྱིས་ཨ་སྒོར་ཐེར་འབུམ་ ༣༠༠ ཁ་སྣོན་གྱིས་ཁྱོན་ཨ་སྒོར་ཐེར་འབུམ་ ༦༠༠ ཡོད་ཅིང་། ཨ་རིའི་སྲིད་འཛིན་བྷའེ་ཌན་མཆོག་གིས། ཡར་རྒྱས་འགྲོ་བཞིན་པ་དང་ཡོང་འབབ་ཞན་པའི་རྒྱལ་ཁབ་དག་གིས་མང་གཙོའི་རྒྱལ་ཁབ་ཁག་དང་མཉམ་འབྲེལ་བྱས་ཏེ་ལས་གཞི་དེའི་ཁེ་སྤོགས་ལེན་ཆོག་གི་ཡོད་ཅེས་བརྗོད་ཡོད་འདུག

ཡང་འཇར་མན་ནང་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཚོགས་ཆེན་མགོ་བཙུགས་པ་དང་། ཨུ་རུ་སུས་ཡོ་ཁུ་རེན་གྱི་རྒྱལ་ས་ཀེ་ཝི་ནང་མཁའ་རྒོལ་མེ་སྒྱོགས་འཕངས་ཏེ། མི་གཅིག་འདས་གྲོངས་དང་མི་དྲུག་ལྷག་ལ་རྨས་སྐྱོན་བཟོས་ཡོད་ཅིང་། ཁ་སང་ཡོ་ཁུ་རེན་གྱི་སྲིད་འཛིན་རྫི་ལན་སི་ཀེ་ལགས་ཀྱིས། དྲ་ལམ་བརྒྱུད་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཚོགས་ཆེན་སྟེང་གཏམ་བཤད་སྤེལ་བར་བརྟེན། ཁ་སང་སླར་ཡང་ཨུ་རུ་སུས་ཡོ་ཁུ་རེན་གྱི་རྒྱལ་ས་ཀེ་ཝིའི་འདུ་འཛོམས་ཁྲོམ་ཆེན་ཞིག་གི་ནང་མཁའ་ལམ་འཇབ་རྒོལ་བྱས་ཏེ། མི་གྲངས་ ༡༥ ལྷག་གྲོངས་པ་དང་མི་ ༥༨ ལྷག་ལ་རྨས་སྐྱོན་བཟོས་ཡོད་པ་དང་། སྲིད་འཛིན་རྫི་ལན་སི་ཀེ་ལགས་ཀྱིས། འཇབ་རྒོལ་དེ་ནི་ཡུ་རོབ་ཀྱི་ལོ་རྒྱུས་ནང་ཆེས་འཇིགས་སུ་རུང་བའི་དྲག་སྤྱོད་ཅིག་ཆགས་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།

སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཚོགས་འདུའི་སྟེང་ཡོ་ཁུ་རེན་གྱི་སྲིད་འཛིན་རྫི་ལན་སི་ཀེ་ལགས་ཀྱིས་དྲ་ལམ་བརྒྱུད། སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ངོས་ནས་ད་བར་ཡོ་ཁུ་རེན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཡོ་ཁུ་རེན་ལ་གང་མགྱོགས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་མིའི་ཆོག་མཆན་སྤྲོད་རྒྱུ་གལ་ཆེན་ཡིན་པ་དང་། འཛམ་གླིང་གིས་ཨུ་རུ་སུར་སྔར་ལྷག་གི་དཔལ་འབྱོར་ཉེས་ཆད་གཅོད་དགོས་པ། དམིགས་བསལ་ཨུ་རུ་སུའི་སྣོམ་ཕྱིར་ཚོང་ལ་ཚོད་འཛིན་དང་། ཨུ་རུ་སུ་ནི་འཇིགས་སྐུལ་དྲག་སྤྱོད་པའི་སྦྱིན་བདག་ཅིག་ཡིན་པར་ངོས་འཛིན་དགོས་པ། དེ་བཞིན། འཛམ་གླིང་རྒྱལ་ཁབ་གཞན་གྱི་ནང་དུ་ཡོད་པའི་ཨུ་རུ་སུའི་མ་དངུལ་བཀག་སྡོམ་སོགས་བྱེད་དགོས་པའི་རེ་སྐུལ་ཞུས་ཡོད་པ་མ་ཟད། ད་ལྟ་ཨུ་རུ་སུས་ཡོ་ཁུ་རེན་གྱི་ཤར་ཕྱོགས་ས་ཁུལ་ཕལ་ཆེ་བར་བདག་བཟུང་བྱས་པ་ནི། ཡོ་ཁུ་རེན་ལ་མཚོན་ཆ་འདང་ངེས་མེད་པས་ཡིན་སྟབས། སྟོབས་ཆེན་རྒྱལ་ཁབ་དག་གིས་མུ་མཐུད་ཡོ་ཁུ་རེན་ལ་གོ་མཚོན་མཁོ་སྤྲོད་བྱ་དགོས་པ་དང་། ཡོ་ཁུ་རེན་གྱི་དམག་འཁྲུག་དེ་འདི་ལོའི་ལོ་མཇུག་བར་ཞི་འགྲིག་ཡོང་ཐབས་གནང་དགོས་པའི་འབོད་སྐུལ་སོགས་ཞུས་ཡོད་འདུག

ད་རེས་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ལོ་འཁོར་ཚོགས་འདུའི་སྟེང་། གོ་ལའི་གནམ་གཤིས་ཚ་དྲོད་ཀྱི་གཙོས་ཡར་རྒྱས་འགྲོ་བཞིན་པའི་འཛམ་གླིང་རྒྱལ་ཁབ་དག་ལ་འཛུགས་སྐྲུན་དང་འབྲེལ་མ་དངུལ་བསྐྲུན་ཐབས་སོགས་ཀྱི་བརྗོད་གཞི་མང་དག་ཅིག་ཡོད་ཀྱང་། ཡོ་ཁུ་རེན་གྱི་དམག་འཁྲུག་གིས་ཚོགས་འདུའི་མགོ་མཇུག་ཡོངས་ལ་ཤུགས་རྐྱེན་ཐེབས་ཡོད་པ་རེད་ལ། གཞན་ཡང་ཚོགས་འདུའི་ཐོག་ལྷོ་ཨ་ཧྥི་རི་ཁ་དང་རྒྱ་གར། ཨི་ཌོ་ནེ་ཞི་ཡ། ཨ་ཧྥི་རི་ཁའི་རྒྱལ་ཁབ་སན་གྷལ་ (Senegal) སོགས་མགྲོན་འབོད་བྱས་ཏེ། ཡོ་ཁུ་རེན་གྱི་དམག་འཁྲུག་གི་གནས་སྟངས་འོག ཁྱོན་ཡོངས་ནས་རྒྱལ་སྤྱིའི་ཚོང་ཟོག་གི་རིན་གོང་འཕར་བཞིན་པའི་དཀའ་ངལ་སེལ་ཐབས་སོགས་ཀྱི་སྐོར་ནས་གྲོས་བསྡུར་བྱས་ཡོད་པ་རེད།

ཕྱི་ལོ་ ༡༩༧༥ ལོར་གསར་འཛུགས་བྱས་པའི་སྟོབས་ཆེན་རྒྱལ་ཁབ་འདུན་གྱི་ཚོགས་མི་དག་ནི། ཨ་རི་དང་ཁེ་ན་ཌ། ཧྥ་རན་སི། ཉི་ཧོང་། དབྱིན་ཡུལ། ཨི་ཊི་ལི་བཅས་ཡིན་ཞིང་། འདི་ལོའི་ཚོགས་འདུ་གོ་སྒྲིག་བྱེད་མཁན་འཇར་མན་ཡིན་པ་དང་ཚོགས་ཐོག་ཏུ་རྒྱལ་སྤྱིའི་ཚོགས་པ་ཆེ་གྲས་ཀྱི་གཙོས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་དང་ཚོང་འབྲེལ་སྒྲིག་འཛུགས། རྒྱལ་སྤྱིའི་དངུལ་གྱི་ཐེབས་རྩ་དང་དངུལ་ཁང་སོགས་མཉམ་ཞུགས་བྱས་ཡོད་ཅིང་། ཕྱི་ལོ་ ༢༠༢༢ ལོའི་སྙན་ཐོ་ལྟར་ན། སྟོབས་ཆེན་རྒྱལ་ཁབ་བདུན་ལ་འཛམ་གླིང་གི་མི་འབོར་གྱི་བརྒྱ་ཆ་ ༡༠ དང་ཐོན་སྐྱེད་ཀྱི་སྤྱི་འབོར་བརྒྱ་ཆ་ ༣༡ ཟིན་ཡོད་འདུག་ལ། ལོ་རྗེས་མའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ལོ་འཁོར་ཚོགས་འདུ་དེ་ཉི་ཧོང་གིས་གོ་སྒྲིག་བྱ་རྒྱུ་ཡིན་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༧ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༡༡ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese