མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དཔུང་སྟོབས་ངོམས་པར་ཉི་ཧོང་གིས་ངོ་རྒོལ་བྱས།

བོད་ཀྱི་དུས་བབ།
༢༠༢༢/༠༦/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་བཅིངས་གྲོལ་དམག་མི་ཟེར་བ་དེས་མི་ཡ་ཀོ་མཚོ་འགག་ཏུ་མཁའ་དམག་གནམ་གྲུ་མངགས་གཏོང་བྱས་ཏེ་དཔུང་སྟོབས་ངོམས་པར་ཉི་ཧོང་གིས་ངོ་རྒོལ་གྱི་བརྡ་ལན་སྤྲད།

Japanese Prime Minister Fumio Kishida speaks at the G7 summit in Germany on Sunday, in front of Canadian Prime Minister Justin Trudeau, left, and German Chancellor Olaf Scholz. Photo: EPA-EFE

དེ་རིང་ལྷོ་བརྒྱུད་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། བདུན་ཕྲག་སྔོན་མར་རྒྱ་ནག་གི་མི་མང་བཅིངས་གྲོལ་དམག་ཟེར་བས། ཉི་ཧོང་གི་ལྷོ་ཕྱོགས་མི་ཡ་ཀོ་གླིང་ཕྲན་དང་ཨོ་ཀི་ན་ཝ་གླིང་ཕྲན་དབར་ལ་ཆགས་པའི་མི་ཡ་ཀོ་མཚོ་འགག་ (Miyako Strait) ཟེར་བའི་མཁའ་དབྱིངས་སུ་ H-6 རྟགས་ཅན་གྱི་འབར་མདེལ་གཡུག་མཁན་གྱི་གནམ་གྲུ་ ༣ མངགས་ཏེ་དཔུང་སྟོབས་ངོམས་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༧ ཉིན་འཇར་མ་ནིར་འཚོགས་པའི་འཛམ་གླིང་འབྱོར་ལྡན་རྒྱལ་ཁབ་བདུན་ (G7) གྱི་ཚོགས་འདུའི་ཐོག ཉི་ཧོང་གི་སྲིད་བློན་ཧྥུ་མིའོ་ཀི་ཤི་ཌ་(Fumio Kishida) རྒྱ་ནག་ཅེས་དངོས་སུ་མིང་འབོད་བྱས་མེད་ནའང་། རྒྱ་གར་ཞི་བདེ་རྒྱ་མཚོ་ཁུལ་དུ་དམག་ཤུགས་སྤྱད་ནས་ད་ལྟའི་གནས་སྟངས་ལ་འགྱུར་བ་གཏོང་ཐབས་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་རྣམས་ཀྱིས་ད་ལྟའི་ཡུ་ཀེ་རེན་དང་ཨུ་རུ་སུའི་དམག་འཁྲུག་ནས་བསླབ་བྱ་ནོར་བ་བླང་མི་ཉན་པར། དེ་བས་ཁྲིམས་སྒྲིག་གཙོར་བཟུང་གི་རྒྱལ་སྤྱིའི་ལམ་ལུགས་ལ་གཞོལ་དགོས་སྐོར་བཤད་དེ། དོན་དུ་རྒྱ་ནག་གིས་ཞི་བདེ་རྒྱ་མཚོ་ཁུལ་དུ་དམག་གི་སྟོབས་ཤུགས་རྒྱ་སྐྱེད་བྱེད་བཞིན་ངོ་རྒོལ་བྱས་ཡོད་འདུག གཞན་ཡང་སྲིད་བློན་ཀི་ཤི་ཌས་ད་ལྟ་ཉི་ཧོང་གིས་རང་གི་རྒྱལ་སྲུང་གི་ཆེད་དུ་རྒྱལ་ཁབ་ཀྱི་ལོ་རེའི་སྤྱི་ཡོངས་ཡོང་འབབ་ནས་བརྒྱ་ཆ་གཅིག་གམ། ཡང་ན་ཨ་སྒོར་ཐེར་འབུམ་ ༣༧ ཡས་མས་གཏོང་གི་མེད་པ་དེར་སྤར་ཆ་བྱ་རྒྱུ་ཡིན་སྐོར་བཤད་འདུག

ཉི་ཧོང་གི་རྒྱལ་སྲུང་ལྷན་ཁང་གིས་བསྒྲགས་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་རྒྱ་ནག་གིས་འབོམ་གཡུག་གནམ་གྲུ་གསུམ་ཤར་རྒྱ་ནག་རྒྱ་མཚོ་ (East China Sea) ནས་མི་ཡ་ཀོ་མཚོ་འགག་བརྒྱུད་ཞི་བདེ་རྒྱ་མཚོའི་ཁུལ་དུ་མངགས་རྗེས། ཡང་བསྐྱར་མཁའ་ལམ་དེ་རང་བརྒྱུད་ནས་ཕྱིར་ལོག་བྱས་ཡོད་འདུག་ལ། ད་ལན་གྱི་གནམ་གྲུ་ཁྲོད་ནས་ H-6J རྟགས་ཅན་གྱི་འབོམ་གཡུག་གནམ་གྲུ་གཉིས་ནི་རྒྱ་ནག་མི་མང་བཅིངས་གྲོལ་དམག་གི་མཚོ་དམག་གི་ཡིན་ཞིང་། དེ་གཉིས་ཀྱིས་ YJ-12 རྟགས་ཅན་གྱི་དམག་གཟིངས་གཏོར་རྒོལ་མེ་མདེལ་ ༨ འཁུར་ཡོད་འདུག H-6K རྟགས་ཅན་གྱི་གནམ་གྲུ་གཞན་དེ་ནི་རྒྱ་ནག་གི་མཁའ་དམག་གི་ཡིན་ཞིང་། དེར་དགྲ་བོའི་རེ་ཌཱར་(Radar)ནུས་མེད་བཟོ་རྒྱུའི་འཕྲུས་ཆས་སྦྱར་ཡོད་པ་རེད་འདུག

ད་ཐེངས་གནམ་གྲུ་གཉིས་ཀྱིས་འཁུར་བའི་ YJ-12 རྟགས་ཅན་གྱི་མེ་མདེལ་གྱི་མྱུར་ཚད་དང་སྙོབ་ཤུགས་ཀྱི་རྐྱེན་པས། དེ་ནི་ད་ཡོད་རྒྱ་ནག་ལ་ཡོད་པའི་དམག་གཟིངས་གཏོར་རྒོལ་བྱེད་པའི་འབར་མདེལ་ཁྲོད་ཀྱི་ཆེས་ཉེན་ཚབས་ཅན་དེ་ཡིན་ཞིང་། མེ་མདེལ་དེ་ས་མཚོ་གནམ་གསུམ་ནས་གཡུག་ཐུབ་ཀྱི་ཡོད་པ་རེད་འདུག ཡང་མེ་མདེལ་དེས་རྒྱང་ཐག་སྤྱི་ལེ་ ༤༠༠ སྙོབ་ཐུབ་ཀྱི་ཡོད་ཅིང་། མེ་མདེལ་གྱི་རྩེ་རྡོག་དེ་རང་གི་དམིགས་འབེན་ལ་སྐར་ཆ་ ༣༠ ནང་འབྱོར་ཐུབ་ཀྱི་ཡོད་པའི་རྐྱེན་གྱིས་སྔོན་ཚུད་ནས་བཀག་འགོག་བྱ་རྒྱུ་ཧ་ཅང་དཀའ་མོ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག

China sends three H-6 bombers over the Miyako Strait in Southern Japan. Photo: Handout

ཉེ་བའི་ཆར་རྒྱ་ནག་གིས་རྐང་བཙུགས་ནས་ཉི་ཧོང་ལ་འགྲན་སློང་ངམ། ཡང་ན་དམག་སྟོབས་ངོམ་སྟོན་གྱི་ཚུལ་དུ་ཤར་རྒྱ་ནག་རྒྱ་མཚོ་དང་ཉི་ཧོང་གི་ཉེ་འགྲམ་ནས་དམག་དོན་གྲུ་གཟིངས་དང་གནམ་གྲུ་སོགས་མངག་གཏོང་བྱེད་བཞིན་ཡོད་འདུག དེ་ཡང་ཉེ་ཆར་ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་ཉི་ཧོང་གི་རྒྱལ་སྲུང་བློན་ཆེན་ནོ་བུའོ་ཀི་ཤི་ (Nobuo Kishi) ཡིས། ཟླ་འདིའི་དཀྱིལ་ཙམ་ནས་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་ཉི་ཧོང་གི་བྱང་ཕྱོགས་ཧོ་ཀའེ་དོ་(Hokkaido) བརྒྱུད་ནས་ཞི་བདེ་རྒྱ་མཚོ་དང་། དེ་ནས་ཉི་ཧོང་གི་ལྷོ་ནུབ་ཏུ་ཆགས་པའི་ཊི་སུ་ཤི་མ་མཚོ་འགག་ (Tsushima Strait) བརྒྱུད་ནས་ཉི་ཧོང་རྒྱ་མཚོ་(Sea of Japan) ཁུལ་དུ་མཚོ་དམག་གི་གྲུ་གཟིངས་མངག་གཏོང་བྱས་པ་དེས་ཉི་ཧོང་ལ་དམག་གི་འཇིགས་སྐུལ་བྱེད་ཐབས་ཤིག་ཡིན་པ་མ་ཟད། ཕར་བལྟས་ཚོད་ཀྱིས་ཉི་ཧོང་གི་མཐའ་སྐོར་བཞིན་པའི་རྣམ་པ་ཐོན་བཞིན་ཡོད་པར་སྐྱོན་བརྗོད་དྲག་པོ་བྱས་ཡོད་འདུག དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གིས་འདི་ལོ་གཅིག་པུར་ཉི་ཧོང་དང་རྩོད་གཞིར་གྱུར་ཞིང་། ད་ལྟ་ཉི་ཧོང་གི་སྟངས་འཛིན་དོ་དམ་འོག་ཡོད་པའི་སེན་ཀ་ཀུ་གླིང་ཕྲན་ (Senkaku Islands) ཉེ་འགྲམ་དུ་བསྟུད་མར་གྲུ་གཟིངས་ཐེངས་ ༡༡ མངག་གཏོང་བྱས་ཡོད་པ་རེད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༩ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese