མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་མཆོད་འཇོར་ས་གནས་མགོ་འཛིན་གསར་པ་བདམས།

བོད་ཀྱི་དུས་བབ།
༢༠༢༢/༠༦/༢༩
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་ནང་གི་བོད་མིའི་སློབ་གྲྭ་དང་བཙུན་དགོན་སོགས་སུ་དགེ་རྒན་གྱི་ཕྱག་ལས་ཡུན་རིང་གནང་མྱོང་བའི་རྒན་ཕུར་བུ་བཀྲ་ཤིས་ལགས་བལ་ཡུལ་མཆོད་འཇོར་ས་གནས་མགོ་འཛིན་དུ་བདམས་ཐོན་བྱུང་ཡོད་པ་ལྟར་ལས་འཁུར་དམ་བཅའ་ཕུལ་འདུག

བལ་ཡུལ་མཆོད་འཇོར་ས་གནས་མགོ་འཛིན་གསར་པས་ལས་འཁུར་ཞུས། ༢༠༢༢།༠༦།༢༩ པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་།

དེ་རིང་སྔ་དྲོར་བལ་ཡུལ་མཆོད་འཇོར་ས་གནས་མགོ་འཛིན་གསར་པས་ལས་འཁུར་གྱི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་ས་མགོའི་ལས་ཚབ་རྩིབ་རི་ལོ་པཎ་རིན་པོ་ཆེ་མཆོག་དང་ས་གནས་མགོ་འཛིན་གསར་པ་ཕུར་བུ་བཀྲ་ཤིས་ལགས་གཉིས་བར་རྩིས་སྤྲོད་རྩིས་ལེན་གནང་ཡོད་པ་དང་། བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཡིག་དང་། རྒྱལ་ས་འཕགས་པ་ཤིང་གི་ས་གནས་མགོ་འཛིན་གཅིག་ལྕོགས་ཀརྨ་རྒྱལ་མཚན་ལགས་ཀྱིས་འོས་བསྡུའི་འགན་འཛིན་གནང་ཡོད་འདུག

ཟླ་འདིའི་ཕྱི་ཚེས ༡༨ ཉིན་བལ་ཡུལ་ཆོས་འཇོར་གྱི་སྐབས་ ༧ པའི་ས་གནས་མགོ་འཛིན་གྱི་དངོས་གཞིའི་འོས་བསྡུའི་ཁྲོད། ས་འཐུས་ཚོགས་གཙོ་ཕུར་བུ་བཀྲིས་ལགས་སུ་འོས་གྲངས་ ༨༠༤  དང་། སྐལ་བཟང་དོན་གྲུབ་ལགས་སུ་འོས་གྲངས་ ༦༥༣  ཐོབ་སྟེ། ས་འཐུས་ཚོགས་གཙོ་ཕུར་བུ་བཀྲིས་ལགས་བལ་ཡུལ་མཆོད་འཇོར་ས་གནས་མགོ་འཛིན་གསར་པར་བདམས་ཐོན་བྱུང་ཡོད་འདུག

ཕུར་བུ་བཀྲ་ཤིས་སམ་ཡོངས་གྲགས་སུ་རྒན་ཕུར་བུ་ནི་ཕ་ཡུལ་སྐྱིད་གྲོང་ཡིན་པ་དང་། སྦིར་སུ་ཇ་ནས་གཞི་རིམ་གྱི་སློབ་སྦྱོང་གནང་རྗེས། བལ་ཡུལ་དུ་སྒེར་གྱི་སློབ་གྲྭ་ཁག་གཉིས་ཙམ་དང༌། ལྷག་པར་ཀོ་པན་བཙུན་དགོན་དུ་བོད་དགེ་ཡུན་རིང་གནང་རྗེས། བལ་ཡུལ་མཆོད་འཇོར་ཁུལ་དུ་མི་མང་གི་རེ་འདོད་བཞིན་མཆོད་རྟེན་རང་བདེན་ཚོགས་ཆུང་གི་དྲུང་ཡིག་ཐེངས་ ༢ རིང་གནང་ཡོད་འདུག དེ་བཞིན་དབུས་གཙང་ཆོལ་ཁའི་དབུས་སའི་རྒྱུན་ལས་སོགས་གནང་མྱོང་ཡོད་འདུག

གཞན་ཡང་། བཅའ་ཁྲིམས་དོན་ཚན་ ༡༡ པ་དང་ ༣༨ ནང་ཁྱད་ཆོས་ལྡན་པའི་ས་གནས་དེ་གའི་ཁུངས་གཏོགས་བོད་མི་སེར་སྐྱ་ཕོ་མོ་ཡོངས་ལ་ས་གནས་མགོ་འཛིན་གྱི་འོས་གཞིར་གཞུག་པ་དང་། འོས་འདེམས་བྱེད་པའི་ཐོབ་ཐང་ཡོད་ཅེས་འཁོད་ཡོད་པ་བཞིན། དྷ་ས་གཙོས། ལ་དྭགས་བསོད་ནམ་གླིང་། སྦིར་གཞིས་ཆགས། བལ་ཡུལ་མཆོད་འཇོར་གཙོས་རྒྱ་བལ་འབྲུག་གསུམ་གྱི་གཞིས་ཆགས་ཁག་ཅིག་གི་ས་གནས་མགོ་འཛིན་རྣམས། ས་གནས་མི་མང་རང་གིས་མང་མོས་ཀྱི་ཐོག་ནས་འོས་འདེམས་སྲོལ་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
Mobile App

བལ་གཞུང་གིས་བཀག་སྡོམ་བྱས་པའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བདུན་པ་དྲ་ལམ་དུ་འཚོགས་འདུག

ཆུ་ཚོད་ ༢ སྔོན་ལ།
མ་རྩོམ་ཐོག་འཁོད་པའི་རྩོམ་པ་པོའི་པར།
Mobile App

ཞི་ཅིན་ཕིང་གི་དུས་སྐབས་ཀྱི་བོད་ནང་གི་གཉའ་གནོན་ནི་མུན་ནག་གི་ས་མཚམས་ཤིག་ཡིན།

ཆུ་ཚོད་ ༥ སྔོན་ལ།
TT
Mobile App

རྒྱ་ནག་གཞུང་གིས་བདེ་ཆེན་རྫོང་དེ་ས་གནས་གཞན་ལ་གནས་སྤོ་བཞིན་འདུག

༢༠༢༦/༠༨/༢༨
ཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཀྱི་ཚོགས་འདུ་ཐེངས་ ༨ པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༨
Mobile App

བཙན་བྱོལ་བོད་མིའི་འཕྲོད་བསྟེན་སློབ་སྟོན་ཚོགས་ཆུང་གསར་འཛུགས་གནང་།

༢༠༢༦/༠༨/༢༨
Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་བྱེད་གལ་ཆེ་སྐོར་གསུངས།

༢༠༢༦/༠༨/༢༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

༢༠༢༦/༠༨/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese