མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ནང་འགྱིག་རིགས་སྤྱོད་མཚམས་འཇོག་ཐབས་ཀྱི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༦/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་བདུན་པའི་ཚེས་ ༡ ཉིན་ནས་བཟུང་རྒྱ་གར་ནང་ཁོར་ཡུག་སྲུང་སྐྱོབ་ཀྱི་སླད་དུ་གཞུང་ངོས་ནས་བསྐྱར་སྤྱོད་མེད་པའི་འགྱིག་རིགས་སྤྱོད་མཚམས་འཇོག་ཐབས་ཀྱི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

Manufacturers will have to pay hefty fines for violations. Photo: TimesOfInda

རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་རྒྱ་གར་དབུས་གཞུང་གིས་ལམ་སྟོན་བཀོད་ཁྱབ་ཅིག་ཕྱིར་བསྒྲགས་པའི་ནང་། རྒྱ་གར་རྒྱལ་ཡོངས་སུ་འགྱིག་རིགས་བེད་སྤྱོད་གཏང་རྒྱུ་མཚམས་འཇོག་གི་སླད་དུ། འབྱུང་འགྱུར་ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་བཟུང་། རྒྱ་གར་གྱི་མངའ་སྡེ་ཁག་དང་རང་སྐྱོང་ས་ཁུལ་ཚང་མས། རང་རང་གི་ཁྱབ་ཁོངས་ནས་འགྱིག་རིགས་བཟོ་སྐྲུན་དང་བགོས་འགྲེམས། ནང་འདྲེན་དང་ཚོང་སྒྱུར་སོགས་ཀྱི་རིགས་གཏན་ནས་བྱེད་མི་ཆོག་པའི་བཀའ་བཏང་ཡོད་པ་རེད།

འགྱིག་རིགས་ཀྱིས་རང་བྱུང་ཁོར་ཡུག་ལ་འབག་བཙོག་ཚབས་ཆེན་བཟོ་ཡི་ཡོད་པ་ལྟར། དེ་འབྲེལ་ཐད་རྒྱ་གར་གྱི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག དེ་བཞིན་ནགས་ཚལ་བཅས་ཀྱི་བློན་ཆེན་ལས་ཁུངས་ཀྱིས། འགྱིག་རིགས་བེད་སྤྱོད་མཚམས་འཇོག་དགོས་པའི་གནད་དོན་གྱི་ཐད་རྒྱལ་ཡོངས་རང་བཞིན་དང་མངའ་སྡེ་རིམ་པས་སྟངས་འཛིན་བྱེད་ཡུལ་གྱི་ལས་ཁུངས་བཙུགས་ཏེ། བསྐྱར་སྤྱོད་མེད་པའི་འགྱིག་རིགས་བཀོལ་རྒྱུ་ངེས་པར་དུ་མཚམས་འཇོག་བྱ་དགོས་ཡོད། ཅེས་བརྗོད་འདུག་པ་དང་། ད་རེས་འགྱིག་རིགས་བེད་སྤྱོད་མཚམས་འཇོག་གི་ལས་འགུལ་དང་འབྲེལ་ནས། དབུས་གཞུང་གིས་དམིགས་བསལ་མི་སྣ་བསྐོ་གཞག་གིས། ཁྲིམས་འགལ་ཐོག་བཟོ་སྐྲུན་བྱས་པ་དང་ཉར་ཚགས་བྱེད་པ། ཚོང་སྒྱུར་དང་བགོས་འགྲེམས་སོགས་བྱེད་བཞིན་པའི་འགྱིག་རིགས་ཡོངས་བཀག་སྡོམ་བྱ་རྒྱུ་ཡིན་པ་མ་ཟད། རྒྱ་གར་གྱི་མངའ་སྡེ་ཁག་དང་རང་སྐྱོང་ས་ཁུལ་དག་གིས་ཀྱང་རང་རང་གི་ས་མཚམས་སོགས་སུ་བརྟག་དཔྱད་ས་ཚིགས་བཙུགས་ཏེ། དེ་ལྟར་བརྟག་དཔྱད་བྱས་པ་བརྒྱུད་འགྱིག་རིགས་སྤྱོད་མཚམས་འཇོག་ཐབས་བྱ་དགོས་པའི་ལམ་སྟོན་བྱས་ཡོད་འདུག

རྒྱ་གར་ཁོར་ཡུག་བློན་ཆེན་ལས་ཁུངས་ཀྱི་ཡོངས་ཁྱབ་བསྒྲགས་གཏམ་དེའི་ནང་། བསྐྱར་སྤྱོད་མེད་པའི་འགྱིག་རིགས་བཀོལ་བཞིན་པ་དེས། ས་ཁམས་སྤྱིའི་ཁོར་ཡུག་དང་མཚོའི་སྐྱེ་ཁམས་ཁོར་ཡུག་སོགས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཀྱི་ཡོད་པ་འཛམ་གླིང་གིས་ངོས་འཛིན་བྱས་ཡོད། བསྐྱར་སྤྱོད་མེད་པའི་འགྱིག་རིགས་བེད་སྤྱོད་བྱས་པ་ལ་བརྟེན་ནས། འཛམ་གླིང་རྒྱལ་ཁབ་ཚང་མར་ཁོར་ཡུག་ལ་འབག་བཙོག་ཤོར་བའི་དཀའ་ངལ་འཕྲད་བཞིན་ཡོད། ཅེས་བརྗོད་ཡོད་པ་དང་། ད་ལན་བཀག་སྡོམ་བྱ་རྒྱུའི་འགྱིག་རིགས་ཀྱི་ཁྲོད་དུ། འགྱིག་རིགས་ཀྱི་སླན་པ་བརྒྱབ་པའི་རྣ་ཉན་དང་ལྒང་ལི། དར་ཆ་བཅས་དང་། རྒྱན་སྤྲས་དང་ཐུར་མ། གྲི་དང་གཞོང་པ། ཐུམ་རྒྱག་བྱེད། མགྲོན་ཤོག་གི་རིགས་དང་ཐ་མག་གི་སྣོན་སྒམ། ཕྲེད་དར་དང་དཀྲུག་བྱེད་སོགས་ཀྱི་འགྱིག་རིགས་ཚང་མ་བཀག་སྡོམ་བྱེད་ཀྱི་ཡོད་པ་རེད།

ཕྱི་ལོ་ ༢༠༢༡ ལོའི་རྒྱ་གར་གྱི་འགྱིག་རིགས་དོ་དམ་ཚོད་འཛིན་གྱི་སྒྲིག་གཞི་ལྟར་ན། ལོ་དེར་རྒྱ་གར་གཞུང་གིས་འགྱིག་རིགས་བཟོ་སྐྲུན་དང་ནང་འདྲེན། ཉར་ཚགས་དང་ཚོང་སྒྱུར། བགོས་འགྲེམས་སོགས་བྱེད་མི་ཆོག་པར་བཟོས་པ་མ་ཟད། འདི་ལོའི་ལོ་མཇུག་ནས་རྒྱ་གར་ནང་འགྱིག་རིགས་ཀྱི་བཟོས་པའི་ཁུག་མའི་ཚད་ལ་ (microns)  བདུན་ཅུ་ཙམ་ལས་ཡོད་མི་ཆོག་པར་བཟོ་རྒྱུ་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese