མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ལས་བྱེད་པ་ ༧༠ བསྡུས་ཏེ་ཏང་འཛུགས་སྐྱོང་གི་གསབ་སྦྱོང་སྤྲོད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༦/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ལས་བྱེད་པ་ ༧༠ ལྷག་བསྡུས་ཏེ་བོད་མགོ་ལོག་ཁུལ་གྱི་ས་གནས་མང་པོ་ཞིག་ཏུ་མི་མང་ལ་ཚོགས་འདུ་བསྐོངས་ཏེ་“རྩ་འཛུགས་མ་ལག་འཛུགས་སྐྱོང་གི་ལོ་གསུམ་བྱ་སྤྱོད་ཀྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་མཐོ་རུ་གཏོང་བ”ཟེར་བའི་ཆབ་སྲིད་གསབ་སྦྱོང་ཞིག་སྤྲོད་ཀྱི་འདུག

མགོ་ལོག་ཁུལ་ནང་ཆབ་སྲིད་གསབ་སྦྱོང་འཚོག་བཞིན་པ། ༢༠༢༢།༠༦།༢༨ པར་དུས་བབ།

ཟླ་འདིའི་ཕྱི་ཚེས ༢༨ ཉིན་མགོ་ལོག་ཁུལ་གྱི་རྫོང་ཞིག་ཏུ་རྒྱ་ནག་གཞུང་གིས་“རྩ་འཛུགས་མ་ལག་འཛུགས་སྐྱོང་གི་ལོ་གསུམ་བྱ་སྤྱོད་ཀྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་མཐོ་རུ་གཏོང་བ་”ཟེར་བའི་འོག  མགོ་ལོག་ཁུལ་གྱི་ས་གནས་མང་པོ་ཞིག་ཏུ་མགོ་ཁྲིད་དང་ལས་བྱེད་གྱི་ལས་དོན་ཤེས་བྱའི་གསབ་སྦྱོང་ཟེར་བ་ཞིག་འཚོགས་བཅུག་ཡོད་འདུག་ལ། གསབ་སྦྱོང་ཟེར་བ་དེ་རྫོང་དེ་གཅིག་པུ་མ་ཡིན་པར་མགོ་ལོག་ཁུལ་ཁོངས་ཀྱི་ས་གནས་མང་པོ་ཞིག་ཏུ་སྤེལ་དང་སྤེལ་བཞིན་ཡོད་འདུག  གསབ་སྦྱོང་དེའི་ཆེད་དུ་མགོ་ལོག་ཁུལ་གྱི་རུ་ཁག་གི་ལས་བྱེད་དང་། འབྲོག་སྡེ་ཚོའི་ལས་བྱེད་སོགས་ཁྱོན་གཞུང་ཕྱོགས་ཀྱི་ལས་བྱེད་པ་༧༠ ལྷག་བསྡུས་ཡོད་འདུག

འབྲེལ་ཡོད་བོད་མི་ཞིག་གིས་འདི་གའི་གསར་འགོད་པར། རྒྱ་ནག་གཞུང་གིས་རྩ་འཛུགས་འཛུགས་སྐྱོང་གི་ལོ་གསུམ་གྱི་བྱ་སྤྱོད་ཟེར་བ་དེ་མགོ་ལོག་ཁུལ་གྱི་རྫོང་རིམ་པའི་ས་གནས་མང་པོ་ཞིག་ཏུ་ལག་བསྟར་བྱེད་མུས་ཡིན་ཡང་། ས་ཁུལ་ཁ་ཤས་ཀྱི་ནང་དུ་ལག་བསྟར་བྱེད་ཕྱོགས་གཞན་རེ་ཡོད་སྲིད་ཀྱང་། ས་གནས་ཕལ་མོ་ཆེའི་ནང་དུ་ཕྱོགས་ཡོངས་ནས་ཏང་འཛུགས་སྐྱོང་དགོས་ཟེར་བ་དེ་བརྗོད་གཞི་བྱས་ནས་གསབ་སྦྱོང་སྤྲོད་བཞིན་ཡོད་སྐོར་བརྗོད་བྱུང་། ཡང་ཁོང་གིས་རྒྱ་ནག་གཞུང་གིས་བོད་མིའི་ཁེ་ཕན་ལ་དམིགས་ནས་ཡིན་ཟེར་བའི་ལས་འགུལ་དེ་དག་གོ་བ་ལྡོག་ཕྱོགས་ནས་བླངས་ན་ཆོག་སྟེ།  བོད་ཀྱི་སྐད་ཡིག་དང་ཡུལ་སྲོལ་སོགས་འབུར་འཇོམས་གཏོང་བའི་སྲིད་ཇུས་ཤིག་ཡིན་སྐོར་འགྲེལ་བརྗོད་བྱས་བྱུང་།

ཡང་ཁོང་གིས། གསབ་སྦྱོང་གི་བརྗོད་གཞི་གཙོ་བོ་སྟེ་ཏང་འཛུགས་སྐྱོང་ཟེར་བ་དེ་རྫོང་རིམ་པའི་ལས་ཀའི་འཆར་གཞི་ཞིག་ཡིན་པ་དང། འཆར་གཞི་དེ་ཡུལ་ཚོ་དང་རུ་ཁག་རེ་རེའི་ནང་དུ་ཚོགས་འདུ་བསྡུས་ཏེ་ཁྱབ་སྤེལ་བྱེད་ཀྱི་ཡོད་ལ། འདིས་གཞུང་གི་ཆབ་སྲིད་ལངས་ཕྱོགས་གཙོ་བོར་འཛིན་གྱི་ཡོད་པ་ལས་མི་མང་གི་ཆབ་སྲིད་ལྟ་བ་དང་། རིན་ཐང་ལྟ་བ། མི་ཚེའི་ལྟ་བ་སོགས་ཆ་ཚང་རྩིས་མེད་རྡོག་རོལ་དུ་གཏོང་རྐྱང་བྱས་ཏེ། མི་མང་གི་ཁེ་ཕན་ལ་བརྩི་འཇོག་གཏན་ནས་བྱེད་ཀྱི་མེད་སྐོར་བརྗོད་བྱུང་།

མགོ་ལོག་རྨ་སྟོད་རྫོང་གི་སློབ་འབྲིང་ཞིག ༢༠༢༢།༠༤ པར་དུས་བབ།

བོད་ཡུལ་སྤྱི་དང་ལྷག་པར་དུ་བོད་མགོ་ལོག་ཕྱོགས་སུ་འདས་པའི་ལོ་ཤས་ནས་བཟུང་ས་གནས་ཀྱི་སློབ་གྲྭ་དང་དགོན་སྡེ་སོགས་སུ་སྔར་མ་བྱུང་བའི་དམ་དྲག་དང་བཀག་སྡོམ་གྱི་སྲིད་ཇུས་མང་པོ་ཞིག་ལག་བསྟར་བྱས་དང་བྱེད་མུས་ཡོད་པ་དང་བསྟུན། ཕ་མ་ཁྱིམ་བདག་དང་ཡུལ་དེའི་བླ་མ་དཔོན་པོ་སོགས་ལ་ཚོགས་འདུ་བསྡུས་ཏེ། མང་ཚོགས་དང་གཞོན་སྐྱེས་རྣམས་ལོག་ལམ་དུ་མི་འགྲོ་བར་ཏང་གི་བཀའ་དྲིན་དྲན་ཞིང་། ཏང་གི་རྗེས་སུ་འབྲང་སྟེ་རྒྱལ་ཁབ་དང་མི་རིགས་ལ་བྱས་རྗེས་འཇོག་དགོས་སྐོར་འུར་སྒྲོག་སྐུལ་ལྕག་གཏོང་གི་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist