མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་ཧྥི་ལི་པིན་གྱི་སྲིད་འཛིན་གསར་པར་འཚམས་འདྲི་མཛད།

བོད་ཀྱི་དུས་བབ།
༢༠༢༢/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་མཆོག་གིས་ཧྥི་ལི་པིན་གྱི་སྲིད་འཛིན་གསར་པ་སྐུ་ཞབས་མར་ཁོ་སི་(Ferdinand Marcos Jr) ལགས་སུ་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་བའི་ནང་ཚང་མར་བདེ་ཐང་ཡོང་སླད་དུ་མི་སུ་ཞིག་ཡིན་རུང་འཚེ་མེད་ཞི་བ་དང་སྙིང་རྗེ་ལག་བསྟར་བྱེད་འོས་པ་ཞིག་ཡིན་པར་ཡིད་ཆེས་གནང་གི་ཡོད་སྐོར་གསུངས་འདུག

༧གོང་ས་མཆོག་ནས་ཐོག་མར་སྲིད་འཛིན་གསར་པར་འཚམས་འདྲི་མཛད་པ་དང་སྦྲགས།  ངོས་ནས་ཁྱེད་ཀྱིས་ཧྥི་ལི་པིན་མི་རིགས་དང་དམིགས་བསལ་གྱིས་གྲངས་ཉུང་མི་རིགས་ཀྱི་རེ་བ་དང་མངོན་འདོད་སྒྲུབ་པའི་སྐབས་སུ་དཀའ་ངལ་ཅི་ཞིག་འཕྲད་རུང་ཚང་མ་སྒྲུབ་ཐུབ་པའི་སྨོན་ལམ་བརྒྱག་གི་ཡིན། ཁྱེད་ཀྱིས་མཁྱེན་གསལ་ལྟར། ངོས་རང་ཧྥི་ལི་པིན་གྱི་མི་རིགས་ལ་དམིགས་བསལ་གྱིས་དགའ་པོ་ཡོད། ཕྱི་ལོ་ ༡༩༥༩ ལོར་བོད་ནས་བཙན་བྱོལ་དུ་འབྱོར་སྐབས་ངོས་ལ་ཧྥི་ལི་པིན་གྱི་རཱ་མོན་མཱག་སི་སི་གཟེངས་རྟགས་ (Ramon Magsaysay Award) ཐོབ་སྐབས། ཁོང་ཚོའི་རྒྱབ་སྐྱོར་དང་ཆིག་སྒྲིལ་གྱི་རང་བཞིན་གྱིས་དགའ་ཚོར་ཆེན་པོ་བྱུང་། ཁྱེད་ཚོའི་སྙན་གྲགས་ཅན་གྱི་མགོ་ཁྲིད་ཀྱིས་གཟེངས་རྟགས་ལ་མིང་བཏགས་ཡོད་པ་ལྟར། དུས་དེ་ནས་བཟུང་ངོས་ཀྱིས་གཞན་ཕན་གྱི་ལས་ལ་འབད་བརྩོན་བྱས་ཡིན། ཞེས་གསུངས་འདུག

མུ་མཐུད་༧གོང་ས་མཆོག་གིས། ངོས་ནས་འཚེ་མེད་ཞི་བ་དང་སྙིང་རྗེ་ལག་ལེན་བསྟར་དགོས་པའི་སྐུལ་མ་གཏོང་གི་ཡོད། དོན་དམ་དུ་ང་ཚོ་འགྲོ་བ་མི་གཅིག་གྱུར་ཡིན་པས། ང་ཚོའི་མཆེད་གྲོགས་ཕོ་མོ་རྣམས་ལ་བདེ་ཐང་ཡོང་སླད་དུ་མི་སུ་ཞིག་ཡིན་རུང་འཚེ་མེད་ཞི་བ་དང་སྙིང་རྗེ་ལག་བསྟར་བྱེད་འོས་པ་ཞིག་ཡིན་པ་ངོས་ཀྱིས་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་གསུངས་འདུག

འདི་ལོའི་ཕྱི་ཟླ་ ༥  ཚེས་ ༩ ཉིན་ཕྱི་ལོ་ ༢༠༢༢ ལོའི་ཧྥི་ལི་པིན་གྱི་སྲིད་འཛིན་འོས་བསྡུའི་ཁྲོད། མར་ཁོ་སི་ལ་འོས་གྲངས་ས་ཡ་ ༣༡ ལྷག་དང་སྲིད་འཛིན་གཞོན་པ་ལེ་ནི་ (Leni Robredo) ལ་འོས་གྲངས་ས་ཡ་ ༡༤ ལྷག་ཐོབ་སྟེ་མར་ཁོ་སི་ལ་རྒྱལ་ཁ་ཐོབ་ཡོད་པ་དང་། ཁ་སང་སྲིད་འཛིན་གྱི་ལས་འཁུར་དམ་བཅའ་ཕུལ་ཡོད་འདུག

སྐུ་ཞབས་མར་ཁོ་སི་ (Ferdinand Marcos Jr) ལགས་ནི། ཧྥི་ལི་པིན་གྱི་སྲིད་འཛིན་སྐབས་ ༡༠ པ་སྟེ་ལོ་ངོ་ ༢༡ ལྷག་རིང་སྲིད་དབང་བཟུང་མྱོང་བའི་སྲིད་ཟུར་ཨེ་ཌིར་ལིན་མར་ཁོ་སི་(་Ferdinand Emmanuel Edralin Marcos Sr) ཡི་བུ་གཅིག་པུ་དེ་ཡིན་འདུག་ལ། དེ་སྔོན་ཕྱི་ལོ་ ༢༠༡༠ ནས་ ༢༠༡༦ བར་དུ་གྲོས་ཚོགས་གོང་མའི་འཐུས་མི་གནང་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༡༩ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༩ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese