མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་ངོས་རང་ཕན་ཐོགས་ས་ཞིག་ཏུ་སྐྱེ་བར་ཐེ་ཚོམ་ཁྱོན་ནས་མེད་ཅེས་གསུངས་སོང་།

བོད་ཀྱི་དུས་བབ།
༢༠༢༢/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ནས་མ་འོངས་པར་ཚེ་རབས་ནས་ཚེ་རབས་ཏུ་གནས་གང་དུ་ཕན་ཐོགས་བྱས་ཏེ་ཞབས་འདེགས་བསྒྲུབ་ཐུབ་ན་དེར་ངོས་རང་སྐྱེ་བར་ཐེ་ཚོམ་ཁྱོན་ནས་ཡོད་མ་རེད་ཅེས་གསུངས་སོང་།

ཐའེ་ཝན་རྒྱལ་ས་ཐའེ་པེ་རུ་དད་ལྡན་རྣམ་པས་༧སྐུའི་འཁྲུངས་སྐར་སྲུང་གཙི་ཞུས་པ། ༢༠༢༢།༠༧།༢

དེ་རིང་ཕྱི་ཚེས་ ༢ ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་ཐའེ་ཝན་མི་མང་གིས་ཕྱི་ལུགས་ལྟར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༨༧ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་སྲུང་གཙིའི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། མཛད་སྒོའི་སྟེང་༧གོང་ས་མཆོག་ནས་དྲ་ལམ་ཐད་གཏོང་བརྒྱུད་བཀའ་སློབ་ལམ་སྟོན་གནང་སོང་ལ། དེ་བཞིན་མཛད་སྒོའི་སྟེང་དད་ལྡན་རྣམ་པས་སེམས་ཅན་ཐམས་ཅད་སོ་སོའི་ཨ་མ་དང་གཅེས་གྲོགས་ཡིན་སྐོར་གྱི་གླུ་གཞས་ཕུལ་བ་དང་། དད་ལྡན་མི་མང་གིས་ཞལ་འདེབས་བསྡུས་ཏེ་ཡེན་ནིན་རྫོང་མེ་གསོད་རུ་ཁག་ལ་༧གོང་ས་མཆོག་གི་མཚན་ཐོག་ནས་མྱུར་སྐྱོབ་རླངས་འཁོར་ཨང་བརྒྱད་པ་(Ambulance) ཞིག་ཞལ་འདེབས་སུ་ཕུལ་བ་དབུ་འབྱེད་གནང་སོང་།

དྲ་ལམ་ཐད་གཏོང་བརྒྱུད་༧གོང་ས་མཆོག་ནས་བཀའ་སློབ་གནང་སྐབས། དེ་རིང་ཐའེ་ཝན་གྱི་ཆོས་གྲོགས་ཚོས་ངོས་ཀྱི་སྐྱེས་སྐར་གྱི་དུས་ཆེན་གྲ་སྒྲིག་གནང་འདུག ཐུགས་རྗེ་ཆེ་ཞུ་ཡི་ཡིན། ངོས་ནི་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དང་དགེ་སློང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་མཐིལ་དུ་འཛིན་མཁན་ཞིག་ཆགས་བསྡད་ཀྱི་ཡོད་རེད། དེར་བརྟེན་ངོས་ནས་ཉིན་ལྟར་ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་དེ་སྲིད་གནས་གྱུར་བ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག་ཟེར་ནས་སྨོན་ལམ་རྒྱག་གི་ཡོད་རེད། ཚེ་རབས་ནས་ཚེ་རབས་ཏུ་གཞན་དོན་བསྒྲུབ་ས་ཞིག་ལ་སྐྱེ་རྒྱུའི་སེམས་ཀྱི་དམ་བཅའ་བརྟན་པོ་ཡོད། ནམ་མཁའ་མ་ཟད་ཀྱི་བར་ལ་ཁམས་དང་མོས་པ་དང་མཐུན་པའི་ལམ་སྟོན་བྱེད་ཐུབ་མཁན་ཞིག་གིས། ལྷ་ཡིན་ན་འདྲ། ཀླུ་ཡིན་ནའང་འདྲ། མི་ཡིན་ནའང་འདྲ། ལུས་རྟེན་དེ་འདྲ་ཞིག་ལ་སྐྱེས་ཏེ་ངོས་ནས་གཞན་དོན་སྒྲུབ་པའི་སེམས་ཤུགས་གཏན་ནས་ཆག་མེད། ལོ་གཅིག་གཉིས་ཀྱི་སྐད་ཆ་དང་ཚེ་རབས་གཅིག་གཉིས་ཀྱི་སྐད་ཆ་མ་རེད། སྨོན་ལམ་འདིས་སེམས་ཤུགས་ཞེ་དྲགས་སྐྱེས་ཀྱི་འདུག ད་ལྟའི་དུས་རབས་འདིར་ངོས་རང་བོད་ཀྱི་མདོ་སྨད་ཁུལ་ལ་སྐྱེས་པ་ཞིག་རེད། མ་འོངས་པར་ཚེ་རབས་ནས་ཚེ་རབས་གནས་གང་དུ་ངོས་ནས་ཕན་ཐོགས་བྱས་ཏེ་ཞབས་འདེགས་བསྒྲུབ་ཐུབ་ཡ་ཡོད་ས་དེར་ངོས་རང་སྐྱེ་ཡི་རེད། ཐེ་ཚོམ་ཁྱོན་ནས་ཡོད་མ་རེད། ད་ལྟ་མི་ཚེ་འདིར་ཆ་བཞག་ན། ངོས་རང་བོད་མི་ཞིག་ལ་སྐྱེས་བསྡད་ཡོད་རེད། མདོ་སྨད་ལ་སྐྱེས་བསྡད་ཡོད་རེད། གང་ལྟར་བོད་མི་ཚོས་ངོས་ལ་ཡིད་ཆེས་བྱེད། དད་པ་བྱེད། དགའ་པོ་བྱེད་ཀྱི་ཡོད་རེད། དངོས་ཡོད་གནས་ཚུལ་ལ་ཆ་བཞག་ནའང་ངོས་རང་གི་མི་ཚེ་དེར་དཀའ་ངལ་མང་པོ་ཞིག་བརྒྱུད་པའི་ཐོག་ནས་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་དང་། མི་རིགས་ཀྱི་དོན་དག་ལ་ངོས་ཀྱིས་ཞབས་འདེགས་གང་འཚམ་བསྒྲུབས་ཡོད་རེད། དེར་བརྟེན་ད་ལྟའི་རྟེན་འདི་ད་ལྟ་དང་ཚེ་རབས་ནས་དམིགས་བསལ་གྱིས་ལས་འབྲས་ཡོད་བསྡད་པའི་བོད་རིགས་ཚོ་ལ་ངོས་རང་གིས་ཕན་ཐོགས་བྱེད་ཡ་ཞིག་ཡོང་གི་ཡོད་རེད། མུ་མཐུད་ནས་ཉུང་མཐར་ལོ་ ༢༠ དང་ ༣༠ ཞིག་ངོས་རང་བསྡད་ཀྱི་རེད། ཁྱེད་རང་ཚང་མ་བློ་བདེ་པོ་བྱས་ནས་སྡོད་ཨ། ཧུར་ཐག་བྱོས། ཞེས་གསུངས་སོང་།

༧གོང་ས་མཆོག་གི་མཚན་ཐོགས་པའི་མེ་གསོད་རུ་ཁག་ལ་གནང་བའི་མྱུར་སྐྱོབ་རླངས་འཁོར་དབུ་འབྱེད་གནང་བ། ༢༠༢༢།༠༧།༠༢

ཡང་༧གོང་ས་མཆོག་གིས། ང་རང་ཚོ་སངས་རྒྱས་པའི་ཆོས་པ་རེད། སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་ལྟ་གྲུབ་ཀྱི་སྐོར་དང་སེམས་པ་བཟང་པོ་བྱེད་ཡ་གཉིས་པོ་དེ་གལ་ཆེན་པོ་ཡིན་པ་གསུང་གི་འདུག འདི་ང་རང་ཚོའི་སེམས་ལ་ངེས་པ་བྱས། ངོས་རང་ལ་ཆ་བཞག་ན། ཉིན་རེའི་ཞོགས་པར་ལངས་པ་དང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་གྱི་ཡོད། ཁྱེད་རང་ཚོ་ངོས་རང་གི་ཆོས་གྲོགས་རེད། ག་ཚོད་ཐུབ་ཐུབ་ཀྱིས་ཞོགས་པ་གཉིད་སད་པ་དང་སྤྱོད་འཇུག་ནས་གསུངས་པ་ནང་བཞིན་གྱི་བྱང་ཆུབ་ཀྱི་སེམས་སྒོམ་ཡ། འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །མང་དུ་བཤད་ལྟ་ཅི་ཞིག་དགོས། །བྱིས་པ་རང་གི་དོན་བྱེད་དང༌། །ཐུབ་པ་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །དེ་བས་སྐྱོ་ངལ་ཀུན་སེལ་བའི། །བྱང་ཆུབ་སེམས་ཀྱི་རྟ་ཞོན་ནས། །བདེ་ནས་བདེ་བར་འགྲོ་བ་ལ། །སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར་ཟེར་ནས་གསུངས་ཡ་དེ་རེད། དེར་བརྟེན་ངོས་རང་ལ་ཆ་བཞག་ན། བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་ཀྱི་ཡོད་པ་དང་། གང་ལ་གང་འཚམ་གྱི་ཉམས་མྱོང་ཡོད་རེད། དེ་ལྟར་སེམས་ཤུགས་སྐྱེད་ནས་སྡོད་ཀྱི་ཡོད། ཁྱེད་རང་ཚོས་དེ་དེ་བཞིན་མི་ལུས་ཤིག་ཐོབ། སངས་རྒྱས་པའི་ཆོས་དར་སའི་ཡུལ་གྲུ་གཅིག་ལ་སྐྱེས་ནས་མི་མང་པོ་ལ་སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་ཞབས་འདེགས་བསྒྲུབ་པ། གལ་སྲིད་ཆོས་མེད་ན་ཡང་སེམས་པ་བཟང་པོ་བྱེད་པ། ང་རང་ཚོའི་རྒྱ་རིགས་གྲོགས་པོ་ཚོའི་ནང་ལ་ཆ་བཞག་ནའང། དེ་སྔ་རྒྱ་ནག་ལའང་ངོས་རང་གི་གྲོགས་པོ་མང་པོ་ཞེ་དྲགས་ཡོད་རེད། དེ་ནས་ལྷ་སར་བསྡད་པའི་རིང་ལའང་རྒྱ་རིགས་གྲོགས་པོ་མང་པོ་ཞེ་དྲགས་ཡོད་རེད། དངོས་གནས་ཁ་ཤས་ཁ་ཞེ་གཉིས་མེད་རེད་གདའ། ངོས་རང་དང་སེམས་ཐག་ཉེ་པོ་བྱས་ནས་སྡོད་མཁན་ཞེ་དྲགས་ཡག་པོ་ཡོད། རིགས་ཁ་ཤས་འདྲ་ཆགས་པོ་བྱེད་ཀྱི་ཡོད་རེད། དེར་བརྟེན་ང་ཚོ་ཚེ་རབས་ནས་ཚེ་རབས་སྐད་ཆ་བཤད་དུས་འདྲ་ཆགས་པོ་བྱས་ནས་བསྡད་པས་ཕན་མ་སོང་། ཁ་ཡོད་ལག་ཡོད་ཀྱིས་སེམས་པ་བཟང་པོ་དང་མི་ལ་རོགས་བྱ་རྒྱུ་དེ་ཞེ་དྲགས་གལ་ཆེན་པོ་རེད། ངོས་རང་ཡང་འདི་ཉམས་ལེན་བྱས་ནས་སྡོད་ཀྱི་ཡོད། འབྱུང་འགྱུར་ལོ་ ༢༠ ངོས་རང་སྡོད་ཀྱི་རེད། ཅེས་གསུངས་སོང་།

༧གོང་ས་མཆོག་གི་ཆོས་གྲོགས་དམ་པ་ཊུ་ཊུ་མཆོག་གི་སྐོར་གསུངས་སྐབས། འདས་པོ་ཊུ་ཊུ་ནི་ངོས་རང་གི་སེམས་ཐག་ཉེ་བའི་གྲོགས་པོ་རེད། ང་ཚོས་ཆོས་ལུགས་མཐུན་འབྲེལ་ག་འདྲ་བཟོ་དགོས་པ་དང་། ང་ཚོ་ཆོས་པ་རྣམས་ཀྱིས་སེམས་ཞི་བདེ་ཡོང་སླད་དུ་མཐུན་རྐྱེན་ག་ཚོད་སྦྱོར་ཐུབ་ཀྱི་ཡོད་པ། དེ་བརྒྱུད་ནས་འཛམ་གླིང་ཞི་བདེ་ཡོང་རྒྱུའི་ཐོག་ལ་གྲོས་བསྡུར་བྱས་པ་རེད། འོན་ཀྱང་ས་ཆ་མང་པོའི་ནང་དུ་ཆོས་ལུགས་མི་འདྲ་བར་དད་མོས་ཡོད་པའི་རྐྱེན་གྱིས་རྩོད་རྙོག་བྱུང་གི་ཡོད་པ་རེད། དེར་བརྟེན་ཆོས་ལུགས་མཐུན་འབྲེལ་དགོས་གལ་ཆེན་པོ་རེད། ཁྱེད་རང་གིས་བསམ་བློ་གཏིང་ཟབ་པོ་བཏང་བ་ཡིན་ན། ཆོས་ལུགས་ཡོངས་ཀྱིས་བྱམས་སྙིང་རྗེ་དང་དྲང་བདེན། གཞན་ཕན་བྱ་རྒྱུ་དང་གཞན་ལ་འཚེ་བ་མི་བྱེད་པ་སློབ་ཀྱི་ཡོད་པ་གཅིག་མཚུངས་རེད། ངོས་རང་ཐག་ཉེ་བའི་གྲོགས་པོ་ཊུ་ཊུ་ལ་གུས་ཞབས་ཞེ་དྲགས་ཡོད། འདས་པོ་ཊུ་ཊུས་ཁོང་རང་ཡི་ཤུ་བ་ཡིན་པའི་ཆ་ནས་ཁོང་རང་ལྷ་ཡུལ་དུ་འགྲོ་ཡི་ཡོད་པ་དང་། ༧གོང་ས་མཆོག་ཡི་ཤུ་མ་རེད། དེར་བརྟེན་འཇིག་རྟེན་བཀོད་པ་པོ་མེད་པས་ས་ཕྱོགས་གཞན་ལ་འགྲོ་སྲིད་ཀྱི་རེད། དམྱལ་བ་ལབ་ཀྱི་ཡོད་རེད། འདས་པོ་ཊུ་ཊུས་ངོས་རང་ལ་ཀུ་རེ་དེ་ལྟར་བྱེད་ཀྱི་འདུག ཆོས་ལུགས་ཚང་མར་ལྟ་གྲུབ་དང་གཞུང་ལུགས་མི་འདྲ་བ་ཡོད་རུང་ཚང་མས་བྱམས་སྙིང་རྗེ་དང་དྲང་བདེན་སློབ་ཀྱི་ཡོད་པ་གཅིག་མཚུངས་རེད། དེ་ལ་བརྟེན་ནས་ཆོས་ལུགས་མཐུན་འབྲེལ་ཡོང་སྲིད་པ་རེད། ང་ཚོས་འཛམ་གླིང་འདིའི་ནང་ཆོས་ལུགས་མི་འདྲ་བ་རྣམས་གཅིག་སྒྲིལ་ཡོང་ཆེད་དུ་གོ་རྟོགས་སྤེལ་རྒྱུ་དང་ཡར་རྒྱས་གཏོང་ཐུབ་ཀྱི་རེད། ཞི་བདེའི་དོན་དུ་དཀའ་ལས་བརྒྱག་པ་དང་འགྲོ་བ་མི་ལ་ཞབས་འདེགས་བསྒྲུབ་པ། ད་ལྟའི་ཆར་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་ཀྱི་འདུག ཅེས་བཀའ་སློབ་གནང་སོང་།

ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་༧སྐུའི་འཁྲུངས་སྐར་སྲུང་གཙི་གནང་།་༢༠༢༢།༠༧།༠༢

མཇུག་ཏུ་༧གོང་ས་མཆོག་གིས། འཛམ་གླིང་ཞི་བདེ་བསྐྲུན་པར་འགྲོ་བ་མིའི་རིགས་ཐེར་འབུམ་ ༧ རྣམས་གཅིག་གྱུར་ཡིན་པ་ཤེས་དགོས་ཀྱི་ཡོད་རེད། ཚང་མ་སྐྱེས་དུས་ནས་སེམས་པ་བཟང་པོ་ཡོད་པ་རེད། ང་ཚོ་སྐྱེས་ནས་ཨ་མའི་བྱམས་སྐྱོང་དང་བརྩེ་བ་མེད་པར་གནས་ཐུབ་ཀྱི་མ་རེད། དེ་རང་བཞིན་གྱིས་རེད། ཆོས་ལུགས་སྐོར་ལ་མ་རེད། དེར་བརྟེན་སྐྱེས་པ་ནས་བཟུང་སེམས་པ་བཟང་པོ་ཡོད་པ་དེ་མུ་མཐུད་དུ་གནས་དགོས་ཀྱི་ཡོད་རེད། དེང་སང་ཕྱི་དངོས་པོའི་ཤེས་ཡོན་བསླབ་པ་ལས་སེམས་པ་བཟང་པོའི་སྐོར་ལ་སློབ་ཀྱི་ཡོད་མ་རེད། ད་ལྟའི་ཆར་ཤེས་ཡོན་གྱི་སྡེ་ཚན་ནང་སེམས་ཞི་བདེའི་སྐོར་གྱི་ཤེས་ཡོན་དགོས་ཀྱི་ཡོད་པ་དང་། བྱམས་སྙིང་རྗེ་དེ་གཙོ་བོ་ཡིན་པས་སེམས་ཞི་བདེ་ཡོང་བ་དང་སེམས་པ་སྐྱིད་པོ་སོགས་ཀྱིས་ཚེ་རིང་པོ་གནས་ཐུབ་ཀྱི་རེད། སྐབས་རེར་མི་དེ་ཚོས་ཆོས་ལུགས་ནི་ལྷ་ཡུལ་སྐོར་རེད་བསམ་གྱི་ཡོད་རེད། འོན་ཀྱང་ང་ཚོ་ཉིན་རེ་ནས་སེམས་པ་སྐྱིད་པོ་དང་ཞི་བདེ་ཡོང་བར་ཆོས་ལུགས་ཡོངས་ཀྱི་བསླབ་བྱ་ནི་སེམས་པ་བཟང་པོ་བྱ་རྒྱུ་དེ་རེད། དེ་གལ་ཆེན་པོ་ཞེ་དྲགས་རེད། ཆོས་ལུགས་ཡོངས་ལ་སེམས་པ་བཟང་པོ་བསྐྲུན་པའི་ནུས་པ་གཅིག་པ་ཡོད་པ་རེད། དེར་བརྟེན་ངོས་རང་གི་དམ་བཅའ་གཅིག་ནི་ཆོས་ལུགས་མཐུན་སྒྲིལ་་བྱ་རྒྱུ་དེ་རེད། དེ་ཡོང་སྲིད་ཀྱི་རེད། རྒྱ་གར་ནང་ཆོས་ལུགས་མི་འདྲ་བ་ཡོད་པ་རྣམས་མཉམ་དུ་སྡོད་ཀྱི་ཡོད་རེད། སྐབས་རེར་རྩོད་རྙོག་ཡོང་གི་ཡོད་རེད། འོན་ཀྱང་ཆོས་ལུགས་མི་འདྲ་བ་རྣམས་མཉམ་དུ་བསྡད་ཐུབ་ཀྱི་རེད། འོན་ཀྱང་སེམས་པ་བཟང་པོ་དགོས་པ་དེ་གོང་འཕེལ་གཏོང་དགོས། ངོས་རང་གི་ཐག་ཉེ་བའི་འདས་པོ་ཊུ་ཊུ་དང་ངོས་གཉིས་ཀྱིས་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུའི་དམ་བཅའ་བཞག་ཡོད། དེ་བརྒྱུད་ནས་སེམས་པ་བཟང་པོ་གོང་མཐོར་བཏང་ནས་འཛམ་གླིང་ཞི་བདེ་ལྡན་པ་བསྐྲུན་ཐུབ་ཀྱི་རེད། ཅེས་གསུངས་སོང་། 

གཞན་ཡང་། ཕྱི་ཟླ་ ༦ ཚེས་ ༣༠ ཉིན་བྱང་ཨ་རིའི་མདོ་སྨད་ཚོགས་པ་ (North America Dhomay Association) ཡི་གོ་སྒྲིག་འོག ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས་ཡོད་པ་དང་། མཛད་སྒོའི་ཐོག་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་དབུས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ཕེབས་ཡོད་པ་རེད། དེ་བཞིན་ཕྱི་ཟླ་ ༦ ཚེས་ ༢༥ ཉིན་སྦེལ་ཇམ་ཆོས་རིག་འཛིན་སྐྱོང་ཁང་གི་འཇམ་དབྱངས་བློ་འཕེལ་གཟའ་མཇུག་སློབ་གྲྭས་སྦེལ་ཇམ་གྱི་གྲོང་ཁྱེར་ (Antwerpen) དུ། ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས་ཡོད་འདུག དེ་བཞིན་ས་གནས་མདོ་སྨད་ཚོགས་པ་ནས་ཀྱང་འཁྲུངས་སྐར་སྲུང་གཙི་ཞུས་ཡོད་འདུག ཡང་ཕྱི་ཟླ་ ༦ ཚེས་ ༡༧ ཉིན་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་གོ་སྒྲིག་ཐོག རྒྱལ་ས་ཐའེ་པེ་ (Howard Plaza Hotel) རུ་སྐུའི་འཁྲུངས་སྐར་ཉིན་མོ་སྲུང་གཙི་ཞུས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། 

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese