མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནའ་དེང་ཟུང་གི་སློབ་ཚན་འདུས་པའི་ནང་པའི་སློབ་གཉེར་ཁང་ཞིག་རིང་མིན་དབུ་འཛུགས་ཞུ་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གཞིར་བཟུང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས། ནང་པའི་སློབ་གཉེར་ཁང་ཞིག་གསར་འཛུགས་ཀྱིས་གདན་ས་ཁག་གི་སློབ་གྲྭ་དག་རྒྱ་གར་གཞུང་ལ་དེབ་སྐྱེལ་དང་འབྲེལ་དགེ་བཤེས་རྣམས་ལ་རྒྱ་གར་གཞུང་གིས་སློབ་དཔོན་ཆེན་མོའི་ངོས་འཛིན་ཐོབ་ཐབས་གནང་རྒྱུ་ཡིན་འདུག

པར་དབང་། Tibettimes.net

དེ་རིང་སྔ་དྲོ་ཆུ་ཚོད་ ༡༡ ཡོལ་ཙམ་གྱི་སྟེང་། དྷ་སའི་བོད་ཀྱི་ནོར་བུ་གསོལ་མགྲོན་ཁང་དུ། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་མགོ་ལས་ཐུན་མོང་གིས། གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་བའི་ཐོག རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ངོས་ནས། ཕྱི་ཟླ་ ༧ ཚེས་ ༦ ཉིན་༧གོང་ས་མཆོག་གི་འཁྲུངས་སྐར་གྱི་དུས་བཟང་དང་བསྟུན། ད་སྔ་བར་དགོན་སྡེ་ཁག་ཏུ་ཡོད་པའི་གནའ་བོའི་ཤེས་རིག་ཡོད་པའི་ཁར། ཚན་རིག་དང་ནུབ་ཕྱོགས་ཀྱི་ལྟ་གྲུབ། རྒྱལ་རབས་ལོ་རྒྱུས་དང་ཆོས་ལུགས་ཕན་ཚུན་མཚུངས་བསྡུར། ཨང་རྩིས་སོགས་གནའ་དེང་ཟུང་གི་སློབ་ཚན་ལྡན་པའི་ནང་པའི་སློབ་གཉེར་ཁང་ཞིག་དབུ་འཛུགས་གནང་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས་སོང་།

དེ་རིང་ཞོགས་པར་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་ལ་༧གོང་ས་མཆོག་གིས་མཇལ་ཁ་སྩལ་ཡོད་པ་ལྟར། གསར་འགོད་པས་མཇལ་ཁའི་སྐབས་༧གོང་ས་མཆོག་གིས་བཀའ་སློབ་ཅི་སྩལ་སྐོར་བཀའ་འདྲི་ཞུས་པར་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་སྒོ་མང་མཁན་ཟུར་དགེ་བཤེས་ལྷ་རམས་པ་བློ་བཟང་རྒྱ་མཚོ་ལགས་ཀྱིས། ང་ཚོས་གསར་འགོད་གསལ་བསྒྲགས་ནང་གསལ་བ་ལྟར་ཡར་ནང་པའི་སློབ་གཉེར་ཁང་དེ་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱེད་སྟངས་སྐོར་ཞུས་པ་ཡིན། ༧སྐུ་མདུན་ནས་མར་བཀའ་སློབ་གནང་བ་ནི། ང་ཚོའི་བོད་ཀྱི་གདན་ས་ཁག་ནི་དགོན་པ་གཅིག་པོ་མ་ཡིན་པར་ཤེས་ཡོན་གྱི་ལྟེ་གནས་ཆེན་པོ་ཞིག་རེད། དགོན་པ་དང་ཤེས་ཡོན་གྱི་ལྟེ་གནས་གཉིས་ཁ་ཁ་ཕྱེ་དགོས་རེད། དགོན་པ་ཁ་ཤས་ལ་འདོན་པ་དང་ཞབས་བརྟན་སྒྲུབ་རྒྱུ་མ་གཏོགས་ཡོད་པ་མ་རེད་དེ། ང་ཚོའི་གདན་ས་སེར་འབྲས་དགའ་གསུམ་དང་རྒྱུད་གྲྭ་སྟོད་སྨད་ལ་སོགས་བཅས་ཀྱིས། རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་གཞུང་ལ་རིག་པས་བརྡར་ཤ་བཅད་པ་དང་། (དེང་སང་ཚན་རིག་པས་གསུང་གི་ཡོད་པའི་ལྟ་བ་བརྟེན་འབྱུང་དང་སྟོང་ཉིད་སོགས་ཀྱི་སྐོར། ང་ཚོའི་ཆོས་དཔེའི་ནང་དུ་ལོ་ངོ་སྟོང་ཕྲག་གོང་ནས་ཡོད་པ་མ་ཟད།)  བརྟག་དཔྱད་དང་རྩོད་པ། ཕན་ཚུན་བར་གྲོས་བསྡུར་སོགས་བྱས་ནས་སློབ་སྦྱོང་བྱེད་མཁན་ང་ཚོ་མ་གཏོགས་འཛམ་གླིང་ནང་ཡོད་པ་མ་རེད་གསུངས་སོང་། ཏོག་དབྱིབས་གཉན་རིམས་ཞི་འཇགས་ཡོང་ཚེ། རིང་མིན་༧སྐྱབས་མགོན་རིན་པོ་ཆེ་མཆོག་ལྡི་ལིར་ཕེབས་ཏེ། ལྡི་ལིའི་སློབ་གྲྭ་ཆེན་མོ་གང་མང་ཞིག་གི་དགེ་རྒན་ཆེན་མོ་རྣམས་དང་ལྷན་དུ་གྲོས་བསྡུར་གྱིས་ཏེ། གདན་སའི་དགེ་བཤེས་རྣམས་ལ་སློབ་དཔོན་ཆེན་མོའི་མཚན་གནས་རག་ཐབས་བྱ་རྒྱུ་ཡིན་པ་མ་ཟད། སྐུ་རྩེད་དང་སྦྲགས་ནས་སློབ་དཔོན་ཆེན་མོའི་མཚན་གནས་ཐོག་མ་དེ་ཁོང་གིས་བཞེས་ཀྱི་ཡིན་སྐོར་སོགས་གསུངས་སོང་། ཞེས་འགྲེལ་བརྗོད་གནང་བྱུང་།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དགོངས་གཞི་དང་བཀའ་སློབ་ལམ་སྟོན་སྔ་རྗེས་སྩལ་པ་གཞིར་བཟུང་། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་ནང་པའི་སློབ་གཉེར་ཁང་གསར་འཛུགས་ཞུ་རྒྱུར། ཕྱི་ལོ་ ༢༠༡༨ ནས་བཟུང་རྒྱ་གར་གྱི་ཆེས་མཐོའི་མི་སྣ་དང་མཉམ་དུ་བགྲོ་གླེང་ཚོགས་འདུ་ཡང་ཡང་འཚོགས་ཏེ་ནང་བའི་མཐོ་རིམ་སློབ་གཉེར་ཁང་ཞིག་དབུ་འཛུགས་ཞུ་གཏན་ཁེལ་བ་བཞིན། ཕྱི་ལོ་ ༢༠༢༢ ཟླ་བ་ ༧ ཚེས་ ༦ ྋརྒྱལ་བའི་འཁྲུངས་སྐར་དུས་ཆེན་ཉིན། ནང་པའི་སློབ་གཉེར་ཁང་དབུ་བརྙེས་པའི་ལོར་སྲུང་བརྩི་ཞུ་རྒྱུ། སློབ་གཉེར་ཁང་འདིའི་དམིགས་ཡུལ་ནི།  ལོ་ངོ་བརྒྱ་ཕྱག་མང་པོའི་སྔོན་ནས་རྒྱ་གར་འཕགས་ཡུལ་ དཔལ་ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་དུ། ནང་བསྟན་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་དར་ཁྱབ་བྱུང་བ་ དེ་ཉིད་རིམ་གྱིས་བོད་གངས་ཅན་གྱི་ལྗོངས་སུ་དར་རྒྱས་ཤུགས་ཆེ་བྱུང་སྟེ། བོད་གངས་ཅན་པས་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་བདག་ཉར་བྱས་པའི་རྒྱ་གར་གྱི་གནའ་བོའི་ཤེས་ཡོན་དེ་དག་ལ་ནང་སེམས་ཀྱི་གདུང་བ་སེལ་བ་དང་ ཞི་བདེ་སྒྲུབ་པར་ཕན་ནུས་ཐོན་པའི་དམིགས་བསལ་གྱི་ཆ་རྐྱེན་ཞིག་ཡོད་སྟབས། ཆ་རྐྱེན་དེས་མི་སྒེར་དང༌། སྤྱི་ཚོགས། འཛམ་གླིང་བཅས་ཞི་བདེ་དང་བྱམས་བརྩེ་ལྡན་པ་ཞིག་བསྐྲུན་རྒྱུ།

མཐོ་རིམ་སློབ་ཁང་འདི་ནས་ད་ཡོད་ཤེས་ཡོན་གྱི་ལམ་ལུགས་ཕུན་སུམ་ཇེ་ཚོགས་སུ་འགྱུར་བའི་རམ་འདེགས་བྱས་ཏེ། གནའ་བོའི་ཤེས་རིག་དེ་ཡངས་པའི་འཇིག་རྟེན་ཆེན་པོར་སྐྱེས་སུ་འབུལ་རྒྱུའི་ཐོག  སྔར་སྲོལ་དགོན་པའི་ཤེས་ཡོན་གྱི་ཁོངས་སུ་མེད་པའི་སློབ་ཚན་ཆོས་ལུགས་ཕན་ཚུན་མཚུངས་བསྡུར་དང་། ཚན་རིག ནུབ་ཕྱོགས་ཀྱི་ལྟ་གྲུབ། རྒྱལ་རབས་ལོ་རྒྱུས་དང༌། ཨང་རྩིས་སོགས་སློབ་སྦྱོང་གི་གོ་སྐབས་སྐྱ་སེར་ཀུན་ལ་ཆ་མཉམ་ཕུལ་ནས་ཤེས་ཡོན་རྒྱ་བསྐྱེད་བྱ་རྒྱུ། མཐོ་རིམ་སློབ་ཁང་འདི་ནས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཁྱབ་ཁོངས་དགོན་སྡེ་དང་བཙུན་དགོན་ཚང་མར་སྤྱི་མཚུངས་ལག་འཁྱེར་སྤྲོད་རྒྱུ་དང༌། ཕྱིའི་སྐྱ་སེར་ཕོ་མོ་ཀུན་ལ་གནའ་བོའི་རྒྱ་གར་གྱི་ཕུལ་བྱུང་རྣམ་ དཔྱོད་དང་ཤེས་ཡོན་སྦྱོང་བརྡར་ཁྱད་འཕགས་སློབ་སྦྱོང་གི་གོ་སྐབས་འབུལ་རྒྱུ། ནང་པའི་སློབ་གཉེར་ཁང་འདི་ཉིད་རིམ་གྱིས་(གཙུག་ལག་སློབ་གཉེར་ཁང་སྟངས་འཛིན་ལྷན་ཚོགས་ཀྱི་བཅའ་ཁྲིམས་དོན་ཚན་༡༩༥༦ གི་ཁོངས་སུ་) ཆེས་མཐོའི་གཙུག་ལག་སློབ་ཁང་དུ་ཚད་འཛིན་ཐོབ་ཐུབ་པའི་དམིགས་ཡུལ་ཡང་བཅངས་ཡོད།

ད་རེས་ཕྱི་ལོ་༢༠༢༢ ཟླ་བ་༧ ཚེས་༤ ཉིན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་༸སྐྱབས་རྗེ་དགའ་ལྡན་ཁྲི་ ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དང༌། མཚུངས་མེད་བྱང་རྩེ་ཆོས་ རྗེ་སྒོ་སོག་རིན་པོ་ཆེ། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཁྱབ་ཁོངས་གྲྭ་ཚང་ཁག་གི་མཁན་རིན་པོ་ཆེ་རྣམ་པ་ དང་། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ངེས་སྟོན་པ། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་བཀུར་འོས་ཤེས་ཡོན་ སློབ་སྟོན་པ་རྣམ་པ་བཅས་རྡ་ས་བཞུགས་སྒར་དུ་ཆེད་འཛོམས་ཀྱིས། ནང་པའི་སློབ་གཉེར་ཁང་གི་བཅའ་ཁྲིམས་མཚན་རྟགས་བཀོད་དེ། མཚན་རྟགས་འབྱར་མའི་རྩ་འཛིན་ཡིག་ཆ་དེ་ཉིད་བདག་ཅག་ཡོངས་ཀྱི་མགོན་སྐྱབས་ ཟླ་མེད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་སྤྱན་འབུལ་ཐོག་ལམ་སྟོན་བཀའ་སློབ་ཞུས་ཞེས་བརྗོད་འདུག

མཇུག་ཏུ་གསར་འགོད་པས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་སྒོ་མང་མཁན་ཟུར་དགེ་བཤེས་ལྷ་རམས་པ་བློ་བཟང་རྒྱ་མཚོ་ལགས་སུ་སློབ་གཉེར་ཁང་དེ་འདྲ་ཞིག་འཛུགས་དགོས་དོན་གང་ཡིན་དྲིས་སྐབས། ད་ལྟ་གདན་སའི་བཤད་གྲྭ་ཁག་ལ་ཡོད་པའི་སློབ་གཉེར་ལ་རྒྱ་གར་གཞུང་གི་ངོས་འཛིན་དང་དེབ་སྐྱེལ་མེད་སྟབས། དེ་དེབ་སྐྱེལ་ཡོང་ཐབས་ཀྱི་སླད་དང་ཞོར་དུ་ཕྱི་ནང་གི་མི་རིགས་ཚང་མར་ད་ལྟའི་སློབ་སྦྱོང་ཁོ་ན་མ་ཡིན་པར་ཁ་སྣོན་གྱི་སློབ་སྦྱོང་སྤྲོད་རྒྱུའི་དམིགས་ཡུལ་བཟུང་ཡོད། ཅེས་དང་། སློབ་གཉེར་ཁང་དེའི་ནང་སྐྱ་སེར་ཕོ་མོ་དང་འཛིན་རིམ། མི་རིགས་དང་ཆོས་བརྒྱུད་སོགས་དབྱེར་མེད་ཀྱི་འཛུལ་ཞུགས་བྱེད་ཆོག་གི་ཡོད་པ་དང་། ནང་པའི་སློབ་གཉེར་ཁང་དེ་བརྒྱུད་གདན་ས་གསུམ་གྱི་གཙོས་བོད་ཀྱི་དགོན་སྡེ་ཁག་ཏུ་སློབ་གཉེར་གནང་བཞིན་པའི་དགེ་འདུན་པ་རྣམས་ལ་རྒྱ་གར་གཞུང་གིས་ངོས་འཛིན་ལག་འཁྱེར་ཐོབ་ཐབས་ཀྱི་དམིགས་ཡུལ་བཟུང་ཡོད་སྐོར་གསུངས་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༡༩ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༩ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese