མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨ་རིའི་ནུབ་རྒྱུད་དུ་ཉིན་གསུམ་རིང་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས།

བོད་ཀྱི་དུས་བབ།
༢༠༢༢/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp

བྱང་ཨ་རིའི་ཁེ་ལེ་ཧྥོ་ནའེ་ཡ ( California )བོད་རིགས་ཚོགས་པའི་གོ་སྒྲིག་འོག་ཉིན་གྲངས་ ༣ རིང་བོད་ལུགས་ལྟར་༧གོང་ས་མཆོག་དགུང་གྲངས་ ༨༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྤོ་ལོ་དང་གཞས་སྣ་འགྲན་སྡུར་སོགས་བྱས་ཏེ་སྲུང་གཙི་ཞུས།

བྱང་ཁ་ལས་ཧྥོ་ནའེ་ཡའི་བོད་རིགས་ཚོགས་པས་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུས། ༢༠༢༢།༠༧།༠༡-༠༣ པར་འབྲེལ་ཡོད་ནས་འདི་གར་མཁོ་གཏོང་གནང་།

ཟླ་འདིའི་ཕྱི་ཚེས་ ༦ སྟེ་བོད་ཟླ་ ༥ ཚེས་ ༧ ཉིན་ནི་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་དུ་ཁེལ་ཡོད་པ་ལྟར། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་དང་དད་ལྡན་དོན་གཉེར་མང་པོས་རྣམ་པ་འདྲ་མིན་གྱི་ཐོག་ནས་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས་དང་ཞུ་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས ༡ ནས་ ༣ བར་ཉིན་གྲངས་གསུམ་རིང་བྱང་ཨ་རིའི་ཁེ་ལེ་ཧྥོ་ནའེ་ཡ ( California )བོད་རིགས་ཚོགས་པའི་གོ་སྒྲིག་འོག བྱང་ཁེ་ལི་ཧྥོ་ནའེ་ཡ་ཨ་རིའི་གྲོང་ཁྱེར་སན་ཧྥན་སི་ཁོ (San Francisco) རུ་ནུབ་རྒྱུད་མཚོ་ཁའི་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་འདུ་འཛོམས་ཐེངས་ ༢༥ པ་བསྡུས་ཏེ། ལག་སྤོལ་རྐང་སྤོལ་དང་གཞས་སྣ་འཁྲབ་སྟོན་འགྲན་སྡུར་སོགས་བྱས་ཡོད་འདུག

བྱང་ཁ་ལས་ཧྥོ་ནའེ་ཡའི་བོད་རིགས་ཚོགས་པས་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུས། ༢༠༢༢།༠༧།༠༡-༠༣ པར་འབྲེལ་ཡོད་ནས་འདི་གར་མཁོ་གཏོང་གནང་།

དེའི་ཐད་འཁྲུངས་སྐར་གོ་སྒྲིག་ཚོགས་ཆུང་གི་ཚོོགས་མི་ཟླ་བ་ཆོས་འཛོམས་ལགས་ཀྱིས། ཨ་རིའི་ནུབ་རྒྱུད་ཁུལ་དུ་སྐུའི་འཁྲུངས་སྐར་དང་འབྲེལ་ཏེ། ད་ཐེངས་ཀྱི་འདུ་འཛོམས་དེ་ནི་ཨ་རིར་གནས་སྡོད་བོད་རིགས་རྣམས་ཀྱིས་འདུ་འཛོམས་བྱེད་ཐེངས་ ༢༥ པ་དེ་ཡིན་ཞིང་། ད་ལན་༧གོང་ས་རྒྱལ་བ་རིན་པོ་མཆོག་བོད་ལུགས་ལྟར་དགུང་གྲངས་ ༨༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙིའི་ལག་རྩེད་དང་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཁྲོད། ནེའུ་ཡོག་ལག་རྩེད་སྤོ་ལོའི་རུ་ཁག་དང་། ཁེ་ན་ཊ་ཀྲོ་རན་ཀྲོ་རུ་ཁག་གཉིས་ལ་རྒྱལ་ཁ་ཐོབ་ཡོད་སྐོར་དང་།་དེ་བཞིན་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་གཞས་སྣ་འཁྲབ་སྟོན་དང་། གཏམ་བཤད་འགྲན་སྡུར་སོགས་བྱས་ཏེ་འཁྲུངས་སྐར་སྲུང་གཙི་གཟབ་རྒྱས་ཞུས་ཡོད་སྐོར་བརྗོད་བྱས་བྱུང་།

ཟླ་འདིའི་ཕྱི་ཚེས་ ༦ ཉིན་བཞུགས་སྒར་དྷ་རམ་ས་ལར་གཞུང་འབྲེལ་ཐོག་སྐུའི་འཁྲུངས་སྐར་སྲུང་གཙི་ཞུ་རྒྱུ་ཡིན་སྟབས། དྷ་ས་ཁུལ་གྱི་ཆོལ་ཁ་གསུམ་གཙོ་བོར་གྱུར་བའི་བོད་ཁུལ་མི་འདྲ་བའི་གཞས་སྣ་འདྲ་མིན་དང་། དེ་བཞིན་ཡུལ་མིའི་གཞས་སྣ་འཁྲབ་སྟོན་སོགས་ཀྱི་མཛད་རིམ་བང་བསྒྲིགས་འདུག

གསར་འགོད་པ། དཔལ་ལྡན།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist