མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེངྒ་ལའི་ནང་ཉིན་གཅིག་ལ་ཟས་ཐུན་གཅིག་མ་གཏོགས་མེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་འདུག 

བོད་ཀྱི་དུས་བབ།
༢༠༢༢/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

སེངྒ་ལའི་ནང་(Sri Lanka)དཔལ་འབྱོར་ཉམས་ཉེས་ཤུགས་ཆེན་འབྱུང་བཞིན་ཡོད་པའི་རྐྱེན་གྱིས་སྣུམ་དང་གློག་གི་མཐུན་རྐྱེན་དཀོན་པོ་ཆགས་ཡོད་པ་མ་ཟད་མི་མང་གི་ཉིན་རེའི་ཟས་ཐུན་གསུམ་ལའང་དཀའ་ངལ་འཕྲད་ཀྱི་ཡོད་རྐྱེན་ཉིན་གཅིག་ལ་ཟས་ཐུན་གཅིག་ལས་མེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་འདུག

People stand in a queue to buy kerosene oil for home use at a petrol station in Colombo. AFP

ཁ་སང་ཕྱི་ཚེས་ ༤ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་། སིངྒ་ལའི་ནང་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་འོག་རྒྱལ་ཡོངས་ནང་སྣུམ་དང་གློག་འདང་ངེས་མེད་པའི་རྐྱེན་གྱིས། མང་ཚོགས་ཀྱི་ཉིན་རེའི་འཚོ་བར་དོ་ཕོག་ཆེན་པོ་ཐེབས་བཞིན་པའི་སྐབས་འདིར། རྒྱལ་ཁབ་དེའི་མགྲིན་ཚབ་པས་ཕྱི་ནས་རོགས་སྐྱོར་དུས་ཐོག་མ་བསླེབ་ཚེ། འབྱུང་འགྱུར་ཟླ་བ་ཁ་ཤས་ནང་ཡུལ་དེར་འཚོ་གནས་ཐད་དཀའ་ངལ་ཆེན་པོ་འཕྲད་ངེས་ཡིན་སྐོར་བསྒྲགས་ཡོད་པ་མ་ཟད། ཡུལ་དེའི་གཞུང་གིས་རྒྱལ་སྤྱིའི་དངུལ་སྒོར་ཐེབས་རྩ་ (International Monetary Fund) ནས་ཛ་དྲག་གི་བུ་ལོན་དང་དཔལ་འབྱོར་གྱི་རོགས་འདེགས་གནང་རྒྱུར་འབྲེལ་མོལ་བྱེད་མུས་ཡིན་འདུག

དེ་བཞིན་སེངྒ་ལའི་ཤེས་ཡོན་ལྷན་ཁང་གི་དྲུང་ཆེ་ནི་ཧལ་ (Nihal Ranasinghe) གྱིས། སློབ་གྲྭ་ཁག་གིས་དྲ་ལམ་བརྒྱུད་སློབ་ཚན་འཁྲིད་དགོས་པ་དང་། རླངས་འཁོར་ནང་འགྲིམ་འགྲུལ་མི་དགོས་པའི་སློབ་གྲྭ་ཁག་གིས་མུ་མཐུད་ནས་སློབ་གྲྭ་འཚོག་ཆོག་པའི་ལམ་སྟོན་བྱས་ཡོད་འདུག དེ་བཞིན་ཡུལ་དེའི་གློག་འདོན་ནུས་ཤུགས་བློན་ཆེན་གྱིས། ད་ལྟའི་ཆར་རྒྱལ་ཁབ་ནང་རྒྱུན་གཏན་གྱི་དགོས་མཁོ་ལྟར་གྱི་སྣུམ་ཉིན་གཅིག་ལའང་འདང་ངེས་མེད་པ་དང་། སྣུམ་གྱི་ཐོན་ཐེངས་རྗེས་མ་དེ་བདུན་ཕྲག་གཉིས་འགོར་ངེས་ཡིན་སྐོར་བརྗོད་འདུག

ཕྱི་ལོ་ ༡༩༤༨ ལོར་དབྱིན་ཇིའི་ས་ནས་རང་བཙན་ཐོབ་པའི་རྒྱལ་ཕྲན་སེངྒ་ལ་འདི་ཉིད། འདས་པའི་ལོ་ངོ་ ༧༠ ལྷག་རིང་ད་ལན་ལྟ་བུའི་དཔལ་འབྱོར་ཉམས་རྒུད་ཀྱི་གནས་སུ་ལྷུང་མེད་ཅིང་། དུས་རྒྱུན་སེངྒ་ལ་གཞུང་ངོས་ནས་སྣུམ་མཁོ་འདོན་གྱི་ཆེད་དུ་ལོ་རེར་ཨ་སྒོར་ས་ཡ་ ༥༨༧ འགྲོ་གྲོན་གཏོང་གི་ཡོད་ནའང་། ད་ཐེངས་དཔལ་འབྱོར་ཉམས་རྒུད་ཀྱི་རྐྱེན་པས་ཨ་སྒོར་ས་ཡ་ ༡༢༥ མ་གཏོགས་གཏོང་ཐུབ་ཀྱི་མེད་པ་རེད། དེའི་ཐོག་འདི་ལོའི་ལོ་མགོར་སེངྒ་ལ་གཞུང་གིས་རྒྱལ་ཁབ་ཕྱི་ལོགས་ནས་སྣུམ་ཉོ་སྒྲུབ་བྱས་པའི་བུ་ལོན་ཨ་སྒོར་ས་ཡ་ ༨༠༠ ལྷག་ད་དུང་སྤྲད་ཐུབ་མེད་པ་རེད།

A Sri Lankan security official stands guard outside a fuel station that ran out of petrol in Colombo, Sri Lanka on Monday. Photograph: AFP/Getty Images

སེངྒ་ལས་ཨུ་རུ་སུ་དང་རྒྱ་གར་ནས་སྣུམ་ནང་འདྲེན་བྱེད་ཀྱི་ཡོད་ཀྱང་། ཨུ་རུ་སུས་ཡུ་ཀེ་རེན་ལ་བཙན་འཛུལ་བྱས་པ་ནས་བཟུང་དགོས་ངེས་ཀྱི་སྣུམ་དེ་དག་རིན་གོང་འཕར་བ་དང་སྣུམ་གྱི་སྐྱེལ་འདྲེན་དུས་ཐོག་ཏུ་བསླེབས་མ་ཐུབ་པ། དེ་བཞིན་དགོས་ངེས་སྣུམ་ནང་འདྲེན་བྱེད་མི་ཐུབ་པའི་དཀའ་ངལ་འཕྲད་བཞིན་འདུག རྒྱལ་ཁབ་དེའི་དགོས་ངེས་སྣུམ་རྫོགས་འགྲོ་ཡི་ཡོད་པས། སྣུམ་གྱི་རིན་གོང་བརྒྱ་ཆ་ ༢༢ སྤར་འདུག

གཞན་ཡང་། ཏོག་དབྱིབས་གཉན་རིམས་དང་ཡུལ་སྐོར་སྤྲོ་འཆམ་པ་མ་བསླེབ་པ། ཕྱི་ཟོག་ནང་འདྲེན་བྱས་དྲགས་པ་སོགས་ཀྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་དཀའ་ངལ་ཚབས་ཆེན་ཕྲད་པས། ཕྱིའི་རྒྱལ་ཁབ་ཁག་ལ་བུ་ལོན་སྤྲོད་དགོས་པའི་དུས་ཚིགས་ཡ་ང་བ་ཞིག་ལ་བསླེབས་ཡོད་པར་བརྟེན། རྒྱལ་ཁབ་དེའི་ནང་སྣུམ་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། དགོས་ངེས་ཀྱི་སྣུམ་ཉུང་དྲགས་པས་སྨན་ཞབས་པ་མང་པོ་སྨན་ཁང་དུ་འབྱོར་མེད་པ་དང་། ཕྱི་ཟླ་ ༦ ཚེས་ ༢༧ ཉིན་གཞུང་འབྲེལ་གསལ་བསྒྲགས་ནང་། རྒྱལ་ཁབ་དེའི་ནང་དུ་ཟས་རིགས་དང་སྨན་སོགས་མ་དགོས་ཐབས་མེད་ཀྱི་ཞབས་ཞུ་ཁོ་ནའི་ཆེད་དུ་ལས། སྤྱིར་བཏང་གི་འགྲིམ་འགྲུལ་སོགས་ཀྱི་ཆེད་དུ་སྣུམ་ཚོང་འགྲེམ་མི་ཆོག་པའི་བཀའ་བསྒྲགས་ཡོད་ཅིང་། རྒྱལ་སྤྱིའི་གནད་དོན་དབྱེ་ཞིབ་པ་རྣམས་ཀྱིས་ཕྱི་ལོ་ ༡༩༧༠ ནང་གི་འཛམ་གླིང་སྣུམ་གྱི་དཀའ་རྙོག་རྗེས་སུ། མང་ཚོགས་དཀྱུས་མ་རྣམས་ལ་སྣུམ་ཚོང་འགྲེམ་བཀག་སྡོམ་བྱེད་མཁན་གྱི་རྒྱལ་ཁབ་ཐོག་མ་དེ་ཡིན་པ་འགྲེལ་བརྗོད་བྱས་ཡོད་འདུག

གཞུང་འབྲེལ་གནས་ཚུལ་ལྟར་ན། ད་ལྟའི་ཆར་རྒྱལ་ཁབ་དེའི་ནང་སྣུམ་རིགས་ཌི་ཛིལ་ (Diesel) ཊོན་ ༡༢,༧༧༤ དང་པེ་ཊོ་རོལ་(Petrol) ཊོན་ ༤༠༦༡ མ་གཏོགས་ལྷག་མེད་ཅིང་། དགོས་ངེས་ཀྱི་སྣུམ་ཉུང་དྲགས་པས་སྒེར་དང་གཞུང་གི་ལས་བྱེད་རྣམས་རང་ཁྱིམ་ནས་ལས་ཀ་བྱེད་དགོས་པའི་བཀའ་བཏང་འདུག ཡུལ་དེའི་ནང་ཉིན་རེ་ནས་ཉིན་རེར་དཀའ་ངལ་ཆེ་རུ་འགྲོ་བཞིན་ཡོད་པས། འདས་པའི་བདུན་ཕྲག་གཉིས་ཀྱི་ནང་དུ་ཡུལ་མི་ ༡༢༠ ལྷག་གྲུ་གཟིངས་བརྒྱུད་ནས་རྒྱལ་ཁབ་གཞན་ལ་འབྲོ་རྩིས་བྱས་ཡོད་ཀྱང་། མཚོ་དམག་གིས་འཇུ་བཟུང་བྱས་ཡོད་འདུག སེངྒ་ལའི་སྲིད་བློན་དང་དཔལ་འབྱོར་གྱི་སྲིད་བློན་ (Ranil Wickremesinghe) ཡིས། ད་ལྟའི་ཆར་རྒྱལ་ཁབ་དེའི་སྣུམ་གྱི་ལྷན་ཚོགས་ནས་ཨ་སྒོར་ས་ཡ་ ༧༠༠ ལྷག་གི་བུ་ལོན་སྤྲོད་དགོས་ཀྱི་ཡོད་པས། འཛམ་གླིང་གི་རྒྱལ་ཁབ་དང་ཚོགས་པ་དེ་དག་གིས་དགོས་ངེས་ཀྱི་སྣུམ་སྤྲོད་འདོད་བྱེེད་ཀྱི་མེད་སྐོར་བརྗོད་འདུག

སེངྒ་ལའི་དཔལ་འབྱོར་གྱི་དཀའ་ངལ་དང་ཟས་རིགས་དཀོན་པོ་ཡོད་པ། འཛམ་གླིང་གི་དངོས་ཟོག་ཁག་གི་རིན་གོང་འཕར་བ། དེ་བཞིན་འདི་ལོའི་ཕྱི་ཟླ་ ༤ པའི་ནང་སེངྒ་ལའི་སྲིད་འཛིན་གྷོ་ཏ་བྷ་ཡ་ར་ཇ་པག་ས་ (Gotabaya Rajapaksa) ཡིས་ཞིང་པ་རྣམས་ཀྱིས་རྫས་སྦྱོར་གྱི་ལུད་བེད་སྤྱོད་གཏོང་རྒྱུ་བཀག་སྡོམ་བྱས་པ་སོགས་ཀྱིས་མ་འོངས་པར་ཚལ་དང་ཤིང་ཏོག་ལ་སོགས་པ་མེད་པར་ཆགས་སྲིད་པས། ཟླ་སྔོན་མའི་ཕྱི་ཚེས་ ༡༣ ཉིན་ནས་བཟུང་ཟླ་གསུམ་རིང་གཞུང་འབྲེལ་ལས་བྱེད་རྣམས་ལ་བདུན་གཅིག་ནང་ཉིན་གཅིག་གུང་སེང་སྤྲད་དེ་ཚལ་དང་ཤིང་ཏོག འབྲས་སོགས་འདེབས་ལས་དགོས་པའི་སྐུལ་མ་བཏང་ཡོད་འདུག རྒྱལ་ཁབ་དེའི་ནང་དུ་གཞུང་འབྲེལ་གྱི་ལས་བྱེད་ས་ཡ་ ༡ ཙམ་ཡོད་པ་དང་། རྒྱལ་ཁབ་ནང་སྣུམ་ཙམ་དུ་མ་ཟད་བཟའ་འབྲུའི་རིན་གོང་བརྒྱ་ཆ་ ༨༠ ལྷག་འཕར་ཏེ་མང་ཚོགས་ཁྲོད་ཉིན་གཅིག་ལ་ཟས་ཐུན་གཅིག་མ་གཏོགས་མི་ཟ་མཁན་ཇེ་མང་ཡིན་འདུག

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སེངྒ་ལའི་ནང་གི་ཡུལ་མི་མང་པོར་བཟའ་བཏུང་འདང་ངེས་མེད་པ་དང་། རྒྱལ་ཚོགས་ཀྱི་འཛམ་གླིང་བཟའ་འབྲུའི་་ལས་གཞི་ཚོགས་པ་ (The World Food Programme) ཡིས་སིངྒ་ལའི་རྒྱལ་ས་ཁོ་ལོམ་བྷོའི་ས་ཁུལ་གྱི་སྦྲུམ་མ་ ༢༠༠༠ ཙམ་ལ་ཟས་རིགས་བགོ་འགྲེམས་བྱེད་བཞིན་ཡོད་པ་དང་། ཕྱི་ཟླ་ ༦ ནས་ ༡༢ བར་དུ་ཟས་རིགས་འདང་ངེས་མེད་པ་དང་འཚོ་གནས་ལ་དཀའ་ངལ་འཕྲད་པའི་ཡུལ་མི་ས་ཡ་ ༣ ལ་རོགས་སྐྱོར་གནང་རྒྱུ་ཡིན་སྐོར་བསྒྲགས་འདུག་ལ། རྒྱལ་ཚོགས་ངོས་ནས་འཛམ་གླིང་རྒྱལ་ཁབ་རྣམས་དང་རྒྱལ་སྤྱིའི་དངུལ་སྒོར་ཐེབས་རྩ་ (International Monetary Fund) དེ་བཞིན་འཛམ་གླིང་གི་དངུལ་ཁང་ཆེན་མོ་ (World Bank) བཅས་ཀྱིས་སེངྒ་ལར་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་རོགས་སྐྱོར་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

World Bank and International Monetary Fund (IMF)

དེ་ཡང་ཨ་རིའི་གཞུང་གིས་སེངྒ་ལའི་ཚོང་ལས་ཆེད་དུ་ཨ་སྒོར་ས་ཡ་ ༡༢༠ དང་། བཟོ་གྲྭ་སོགས་ཀྱི་ཆེད་དུ་ཨ་སྒོར་ས་ཡ་ ༢༧། དེ་བཞིན་མང་ཚོགས་ཀྱི་ངལ་སེལ་ཆེད་དུ་ཨ་སྒོར་ས་ཡ་ ༥།༧༥ སོགས་ཁྱོན་ཨ་སྒོར་ས་ཡ་ ༡༥༨།༧༥ སྤྲད་ཡོད་འདུག  དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ནས་ད་བར་སེངྒ་ལའི་ནང་ཟས་རིགས་དང་ཞིང་ལས། འཕྲོད་བསྟེན་སོགས་ཀྱི་ཆེད་དུ་ཨ་སྒོར་ས་ཡ་ ༤༨ ཙམ་གྱིས་རོགས་སྐྱོར་གནང་ཡོད་འདུག གཞན་ཡང་འཛམ་གླིང་གི་དངུལ་ཁང་ཆེན་མོས་ (World Bank) ཡུལ་དེའི་ནང་སྨན་དང་དགོས་ངེས་ཀྱི་ཅ་དངོས་ཉོ་བའི་སླད་དུ་ཨ་སྒོར་ས་ཡ་ ༦༠༠ ཙམ་གྱི་རོགས་སྐྱོར་དང་། རྒྱ་གར་གཞུང་ནས་ཨ་སྒོར་ཐེར་འབུམ་ ༤ ཙམ། ཉི་ཧོང་གིས་ཨ་སྒོར་ས་ཡ་ ༡།༥། ཨོ་སི་ཊོ་ལི་ཡ་ནས་ཨོ་གླིང་གི་སྒོར་ས་ཡ་ ༢༢ བཅས་ཀྱི་རོགས་རམ་བྱས་ཡོད་འདུག

རྒྱ་ནག་ཕྱི་སྲིད་བློན་ཆེན་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན(Zhao Lijian)གྱིས། རྒྱ་གར་གྱིས་སེངྒ་ལའི་དཔལ་འབྱོར་གྱི་གནས་སྟངས་ཧ་ཅང་ཞན་དུ་འགྲོ་བཞིན་ཡོད་པ་དེར་རོགས་རམ་བྱས་པ་ཤེས་རྟོགས་བྱུང་བར་བརྟེན། ང་ཚོས་རྒྱ་གར་དང་རྒྱལ་སྤྱིའི་རྒྱལ་ཁབ་གཞན་དང་ལྷན་དུ་སེངྒ་ལའི་རྒྱལ་ཁབ་ལ་རོགས་རམ་བྱ་རྒྱུའི་འདོད་པ་བསླེབས་སོང་། དེར་བརྟེན་ང་ཚོའི་ངོས་ནས་ཨ་སྒོར་ས་ཡ་ ༧༣ ཙམ་གྱི་རོགས་རམ་བྱས་ཡོད་སྐོར་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༣ པ་ནས་བཟུང་རྒྱ་གར་གྱི་ལྷོ་ཕྱོགས་གླིང་ཕྲན་ཁྱིམ་མཚེས་རྒྱལ་ཁབ་སེངྒ་ལའི་གྲོང་ཁྱེར་ཕལ་མོ་ཆེའི་ནང་། མི་མང་སྟོང་ཕྲག་བརྒལ་བས་གཞུང་གིས་དཔལ་འབྱོར་སྟངས་འཛིན་ལེགས་པོ་མ་བྱས་པའི་རྐྱེན་གྱིས་རྒྱལ་ཡོངས་ནང་དགོས་ངེས་ཀྱི་སྣུམ་དང་གློག་ཀྱང་ཐོབ་ཀྱི་མེད་པའི་སྐྱོན་འཛུགས་དྲག་པོ་བྱས་ཏེ་གཞི་རྒྱ་ཆེ་བའི་ངོ་རྒོལ་སྐད་འབོད་ལས་འགུལ་སྤེལ་བ་སོགས་ཟིང་འཁྲུག་ཆེན་པོ་བྱུང་ཡོད་པར་བརྟེན། ཕྱི་ཟླ་ ༥ ཚེས་ ༩ ཉིན་ཡུལ་དེའི་སྲིད་བློན་མ་ཧིན་དྷ་ར་ཇ་པག་ས་ (Mahinda Rajapaksa) ཡིས་རྩ་དགོངས་ཞུས་ཡོད་པ་དང་། ཁོས་རྩ་དགོངས་ཞུས་པ་དང་བསྟུན། ཡུལ་དེའི་རྒྱལ་ས་ཁོ་ལོམ་བྷོ་ (Colombo) ནང་གཞུང་གི་རྒྱབ་སྐྱོར་བ་རྣམས་ཀྱིས་ལས་འགུལ་བར་འཐབ་རྒོལ་སོགས་བྱུང་སྟེ། སྲིད་བློན་མ་ཧིན་དྷ་ཡི་མེས་པའི་མཁར་རྙིང་དང་གྲོས་ཚོགས་འཐུས་མིའི་སྡོད་ཁང་། རླངས་འཁོར་སོགས་མེར་བསྲེགས་པའི་གནས་ཚུལ་སོགས་བྱུང་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

གཏན་ཉིན་སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་པ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༤
Mobile App

སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
Mobile App

བཙན་བྱོལ་གྱི་སྐྱེས་མ་དང་རྩོམ་རིག་ཅེས་པའི་དཔྱད་རྩོམ་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

ཆུ་ཚོད་ ༡༣ སྔོན་ལ།
སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་། ༢༠༢༥།༥།༡༣  སྲིད་སྐྱོང་མཆོག་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གནད་ཡོད་མི་སྣ་ཁག་ཅིག་དང་ཐུག་འཕྲད་གནང་།

ཆུ་ཚོད་ ༡༧ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

༢༠༢༥/༠༥/༡༣
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese