མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚེ་རིང་ལགས་ཨ་རིའི་བོད་རིགས་ཀྱི་ཁྲིམས་དཔོན་ཐོག་མ་ཆགས།

བོད་ཀྱི་དུས་བབ།
༢༠༢༢/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཚེ་རིང་ཁཱོར་ནལ་ལགས་ཀྱིས་ཨ་རིའི་ཁུ་ལེག་རྫོང་ཁུལ་གྱི་ཁྲིམས་དཔོན་གྱི་ལས་འཁུར་དམ་འབུལ་ཞུས་ཏེ། མོ་ནི་ས་ཁུལ་དེའི་ལོ་རྒྱུས་ནང་ཨེ་ཤ་ཡ་དང་བོད་རིགས་ཀྱི་ཁྲིམས་དཔོན་ཐོག་མ་དེ་ཆགས་ཡོད་འདུག

པར་དབང་། Tsering Cornell’s Facebook

ཁ་སང་ཨ་རིའི་ཁུ་ལེག་རྫོང་ཁྲིམས་ཁང་གི་དྲ་རྒྱའི་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཨ་རིའི་ཝ་ཤིན་ཊོན་མངའ་སྡེའི་ཁུ་ལེག་རྫོང་ (Clark County) ཁུལ་གྱི་བོད་པའི་བུ་མོ་ཚེ་རིང་ཁཱོར་ནལ་ལགས་ཀྱིས། ཁྲིམས་ཁང་གི་ཚོགས་རའི་ནང་ཁྲིམས་དཔོན་རྗན་ནེ་ཧྥར་(Jennifer Snider) ལགས་དང་ཁེམ་རཱ་བྷན་ཧྥི་ཌི ( Camara Banfield) ལགས། དེ་བཞིན་སོའུ་རྫན་ (Suzan Clark) ལགས་བཅས་ཚང་འཛོམས་ཀྱི་ཁར། དྲ་ལམ་བརྒྱུད་རྫོང་དེའི་སྤྱི་ཁྱབ་ཁྲིམས་དཔོན་སི་ཊེ་ཝི་ (Steve Gonzalez) ལགས་ཀྱི་མདུན་ནས། སྤྱི་དམངས་གཏུགས་བཤེར་གྱི་ཁྲིམས་དཔོན་གྱི་ལས་འཁུར་དམ་འབུལ་ཞུས་གནང་ཡོད་པ་རེད།

དེ་རིང་ཚེ་རིང་ཁཱོར་ནལ་ལགས་ཀྱིས་སྒེར་གྱི་ངོ་དེབ་སྟེང་། ངའི་ཁྲིམས་དཔོན་གྱི་དམ་འབུལ་སྐབས་ཡུལ་དངོས་དང་དྲ་ལམ་བརྒྱུད་མཉམ་ཞུགས་གནང་མཁན་དང་རྟེན་འབྲེལ་ཞུ་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དམིགས་བསལ་སྤྱི་ཁྱབ་ཁྲིམས་དཔོན་སི་ཊེ་ཝི་ (Steve Gonzalez) ལགས་དང་ཁྲིམས་དཔོན་རྗན་ནེ་ཧྥར་(Jennifer Snider) ལགས། ཁེམ་རཱ་བྷན་ཧྥི་ཌི ( Camara Banfield) ལགས། དེ་བཞིན་སོའུ་རྫན་ (Suzan Clark) ལགས་བཅས་ཀྱིས་རང་གི་དུས་ཚོད་བློས་གཏོང་དང་ཕན་སེམས་བཅིངས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག

ཉེ་ལམ་ཚེ་རིང་ལགས་ཀྱིས་དམ་འབུལ་མཛད་རིམ་དེའི་སྐབས། རང་ཉིད་ནི་རྫོང་ཁུལ་དེའི་ཨེ་ཤ་ཡ་དང་བོད་རིགས་ཀྱི་ཁྲིམས་དཔོན་ཐོག་མ་དེ་ཆགས་ཡོད་སྟབས། དམ་འབུལ་མཛད་སྒོ་དེ་ཉིད་རང་ཉིད་ཁོ་ནའི་ཆེད་དུ་མ་ཡིན་པར། བོད་མི་ཡོངས་ཀྱི་ཆེད་དུ་ཡིན་པ་མ་ཟད། ངས་ཨ་རིར་སྐྱེས་པའི་བོད་རིགས་གཞོན་སྐྱེས་རྣམས་ནས་མོ་རང་ནང་བཞིན་འབད་བརྩོན་ཞུས་ཏེ་སོ་སོའི་ཕུགས་བསམ་མངོན་འགྱུར་སླད་ཤུགས་རྒྱག་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

ཚེ་རིང་ལགས་ནས་དངོས་སུ་ཨ་རིའི་ཁྲིམས་དཔོན་ཞིག་གི་ལས་འཁུར་དམ་འབུལ་ཞུས་པར་བོད་མི་མང་པོས་ཁོང་ལ་དྲ་ལམ་ནས་འཚམས་འདྲི་ཞུ་ཡི་འདུག་ཅིང་། ཕྱི་ལོ་ ༢༠༠༠ ལོ་ནས་ཁོང་ནི་ནུབ་བྱང་བོད་ཀྱི་རིག་གཞུང་ཚོགས་པའི་ཚོགས་མི་ཞིག་ཡིན་པ་དང་། ད་ལྟ་ཚེ་རིང་ལགས་རང་ལོ་ ༤༠ ཡིན་ཞིང་། ཕ་མ་གཉིས་བོད་ནས་རྒྱ་གར་དུ་སྐྱབས་བཅོལ་ལ་འབྱོར་བ་དང་། རིམ་པས་ཨ་རིར་གནས་སྤོར་བྱས་རྗེས། ཚེ་རིང་ལགས་ཨ་རིའི་ཨོ་རེ་གྷོན་ (Oregon) མངའ་སྡེའི་གྲོང་ཁྱེར་ (Astoria) ནང་སྐྱེས་ཡོད་པ་དང་། ད་ལྟ་ཚེ་རིང་ལགས་བཟའ་ཟླ་བྷན་ཇི་མེན་དང་བུ་མོ་བསྟན་འཛིན་བཅས་ཀྱི་ལྷན་དུ་ཡོད་པ་དང་། ཁོ་མོས་ཨ་རིའི་ (Dartmouth) མཐོ་སློབ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་མཐར་ཕྱིན་པ་དང་། ཨ་རིའི་ཁ་ལི་ཧྥོ་ནེ་ཡའི་California གཙུག་ལག་སློབ་གྲྭ་ཆེན་མོ་ནས་ཁྲིམས་ཀྱི་སློབ་མཐར་ཕྱིན་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 4 སྔོན།

    དགའ་བསུའི་འཚམས་འདྲི་ཡོད་། བོད་པའི་མིང་གྲགས་ཙམ་གྱི་བོད་དོན་ལ་ཕན་པའི་རེ་བ་དང་ཡིད་ཆེས་ཡོད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese