མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་དབུ་འབྱེད་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༧/༠༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་བསྟུན་བཞུགས་སྒར་དྷ་སའི་ལྷ་རྒྱལ་རིར་༧གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་དབུ་འབྱེད་གནང་ཡོད་པ་རེད།


His Holiness the Dalai Lama addressing the audience at the Inauguration Ceremony of the new Dalai Lama Library and Archive in Dharamsala, HP, India on July 6, 2022. Photo by Tenzin Choejor

བཞུགས་སྒར་དྷ་སའི་ལྷ་རྒྱལ་རིར་གསར་བཞེངས་གནང་བའི་༧གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་ལེགས་འགྲུབ་བྱུང་ཡོད་པ་ལྟར། དེ་རིང་ཞོགས་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དངོས་སུ་དབུ་འབྱེད་གནང་བའི་མཛད་སྒོ་འཚོགས་སོང་བ་དང་། མཛད་སྒོའི་ཐོག་དགའ་ལྡན་ཁྲི་ཐོག་ ༡༠༤ པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གི་དབུས་གདན་ས་གྲྭ་ཚང་ཁག་གི་མཁན་བླ་སྤྲུལ་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་དང་། དྷ་ས་ཁུལ་གྱི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ་བཅས་ཕེབས་འདུག

༧གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་གི་འགན་འཛིན་ལས་ཚབ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས། ༧གོང་ས་སྐུ་ཕྲེང་ ༡༤ པ་ཆེན་པོ་མཆོག་གི་ཟབ་གསལ་གསུང་གི་བདུད་རྩི་སིལ་མ་འདིའང་འགྲོ་བ་ཡོངས་ཀྱི་འཕྲལ་ཡུན་ཕན་བདེ་ལེགས་ཚོགས་ཀུན་གྱི་འབྱུང་གནས་དམ་པར་གྱུར་བ་དེ་དག ཇི་སྲིད་འཁོར་བའི་ཕྱི་མཐའ་མ་རྫོགས་བར་ཉམས་ལེན་རྒྱུན་འཛིན་ཁྱབ་སྤེལ་གྱི་ལམ་ནས་འབྱུང་འགྱུར་སྐྱེ་འགྲོ་རྣམས་ཀྱི་གསོལ་སྨན་དུ་བདག་ཉར་གཅེས་སྐྱོང་བྱ་རྒྱུ་ནི། ད་ལྟའི་མགོན་པོ་གང་གི་ཞབས་རྗེས་ཟིན་པའི་ཞལ་སློབ་དང་། སྲི་ཞུ་བ་རྣམས་ཀྱིས་འདོར་དུ་མི་རུང་བའི་གལ་ཆེའི་ལས་འགན་ཞིག་ཡིན་པ་དང་། སྐལ་བཟང་འབྲས་བུའི་ལོ་ལྟ་བུར་སྐབས་སུ་མི་ཕྱེས་པའི་ཟུང་ཐུབ་པའི་དམ་པ་རྣམས་ཀྱི་གསུང་རབས་གཅེས་འཛིན་རྒྱུན་གནས་གནང་དགོས་པ་ཕྱོགས་མཚུངས་པར། དེང་རབས་ཚན་རིག་དང་འཕྲུལ་ལས་ཀྱི་དུས་སྐབས་འདིར་ཡང་དམ་པ་རྣམས་ཀྱི་གསུང་ཐུགས་ཀྱི་མཛད་འཕྲིན་རྣམས་བརྙན་འཕྲིན་དང་སྒྲ་སྡུད་འཁོར་ཐག་སོགས་ཀྱི་ལམ་ནས་དུས་ཡུན་ངེས་མེད་བར་རྒྱུན་འཛིན་མཐོང་ཐོས་བྱེད་ཡུལ་དུ་བཀོད་ཐུབ་པ་མ་ཟད། ཤོག་ཐོག་ཏུ་ཡོད་པའི་ཡིག་རིགས་རྣམས་ཀྱང་རྫས་འགྱུར་གྱི་ལམ་ནས་སྟོང་ལོ་མ་ནུབ་བར་བདག་ཉར་ཐུབ་པར་བརྟེན། ཐབས་ལམ་དེ་དག་སྤྱད་དེ་མགོན་པོ་གང་གི་སྐུའི་རྣམ་འགྱུར་དང་གསུང་གི་གདངས། དུས་རབས་རྗེས་མའི་སྐྱེ་འགྲོ་རྣམས་ཀྱི་བསོད་ནམས་ཀྱི་དགོས་གལ་དུ་བདག་གཅེས་བྱ་རྒྱུ་དང་། ཕྱག་བསྟར་མའི་ཡིག་རིགས་ཁག་གི་མཚོན་པའི་གསུང་འཕྲིན་དང་འཆད་རྒྱུན། ལྗགས་རྩོམ་སོགས་ཤོག་འཛར་ཕྲ་མོ་ཡིན་ཆད་བསྡུ་རུབ་གཅེས་འཛིན་བྱ་རྒྱུ་༧གོང་ས་ཏཱ་ལའི་བླ་མ་ཡིག་ཚགས་ཁང་འདིའི་སྒྲུབ་བྱ་གཙོ་བོ་ཡིན། ཞེས་གསུངས་སོང་།

His Holiness the Dalai Lama blessing the library of the new Dalai Lama Library and Archive in Dharamsala, HP, India on July 6, 2022. Photo by Tenzin Choejor

ཡང་ཁོང་གིས། མདོར་ན་༧གོང་ས་སྐྱབས་མགོན་སྐུ་ཕྲེང་ ༡༤ པ་ཆེན་པོ་མཆོག་གཙོ་བོར་གྱུར་བའི་༧གོང་ས་སྐུ་ཕྲེང་ན་རིམ་གྱི་གསུང་གི་འཕྲིན་ལས་ལ་ཡོངས་སུ་སྤྱོད་འདོད་ཅན་གྱི་སློབ་མའམ། དཔྱད་འདོད་ཡོད་པའི་ཉམས་ཞིབ་པ་སུ་ཞིག་གིས་ས་གནས་གང་སར་འཚོལ་སྒྲུབ་མ་དགོས་པར་གནས་གཅིག་ཏུ་བདེ་བླག་ཏུ་རྙེད་ཐུབ་པའི་མཐུན་རྐྱེན་ཁྱད་པར་ཅན་བཟོ་རྒྱུའི་འཆར་གཞི་ཡོད་ལ། ཡིག་ཚགས་ཁང་དང་དཔེ་མཛོད་གཉིས་ཀྱིས་ཞོར་དུ་༧གོང་ས་སྐྱབས་མགོན་བཅུ་བཞི་པ་ཆེན་པོར་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་གཙུག་ལག་སློབ་ཁང་སོགས་ནས་ཕུལ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་མཚོན་པའི་གྲགས་ཅན་གྱི་གཟེངས་རྟགས་དང་ཕྱག་འཁྱེར། དྲན་རྟེན་སོགས་ཧ་ཅང་མང་པོ་ཡོད་པ་རྣམས་ཉམས་ཆག་མེད་པར་བདག་གཉེར་བྱས་ཡོད་པ་སོགས་གསུངས་སོང་།

མཛད་སྒོའི་ཐོག་༧གོང་ས་མཆོག་གིས། དེ་རིང་༧རྒྱལ་བ་རིན་པོ་ཆེའི་སྐྱེས་སྐར་གྱི་དུས་ཆེན་རེད། ཚང་མས་འཛུམ་ཤིག་ཤིག་གིས་དགའ་སེམས་འཁོར་བའི་ངང་ནས་རུབ་རུབ་བྱེད་ཀྱི་ཡོད་རེད། ཐུགས་རྗེ་ཆེ། དངོས་གནས་དྲང་གནས་ཀྱིས་གཉན་འཕྲང་ཅན་གྱི་དུས་ཚོད་དེར་ངོས་ནས་ཏཱ་ལའི་བླ་མའི་མིང་འཁྱེར་ཏེ་བོད་གངས་ཅན་གྱི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ཐོབ་ཐང་དེ་དག་ངོས་རང་གིས་རྩོད་ལེན་བྱས་ནས། བར་སྐབས་ཤིག་ལ་བོད་ཀྱི་གནས་ཚུལ་དེ་ཧ་ལམ་འཇའ་ཡལ་བ་ནང་བཞིན་ཡལ་བའི་མཚམས་ལ་བསླེབས་སྐབས། ངོས་རང་བཙན་བྱོལ་དུ་བསླེབས། ང་རང་ཚོར་སློབ་གྲྭ་དང་སྒྲིག་འཛུགས་སོགས་བཙུགས་ཏེ་འཛུགས་སྐྲུན་བྱས་པ་རེད། འཛུགས་སྐྲུན་བྱས་པར་བརྟེན་དེང་སང་བོད་དོན་མངོན་གསལ་དོད་པོ་ཆགས་ཀྱི་ཡོད་པ་རེད། ང་ཚོར་བདེན་པ་ཡོད་རེད་ལ། ད་ལྟ་བར་དུ་ངོས་ཀྱིས་བསམ་པ་རྣམ་དག་བྱས་པ་ཡིན། འདི་བྱས་པའི་ལག་རྗེས་ལ་འཛམ་བུ་གླིང་གང་ས་ནས་བོད་ཀྱི་དོན་འདི་ཆབ་སྲིད་ཀྱི་གནད་དོན་ཙམ་མིན་པར། དྲང་བདེན་གྱི་དོན་དག་ཡིན་པ་མ་སྐུལ་དྭང་བླངས་ཀྱིས་ངོས་འཛིན་བྱེད་ཀྱི་ཡོད་རེད། ང་ཚོའི་སེམས་ཁམས་རིག་པ་དེ་དག་ཞིབ་ཚགས་པོ་ཡོད་པ་རེད། ཆོས་དད་ཡོད་མེད་དང་ནང་པ་ཡིན་མིན་གྱི་སྐད་ཆ་མ་རེད། སེམས་ཀྱི་ཞི་བདེ་ག་འདྲ་བྱས་ནས་དགོས་ཀྱི་ཡོད་པ་དང་། སེམས་ཀྱི་ཞི་བདེ་དཀྲུག་མཁན་དེ་ངོ་ཤེས་པའི་ཐོག་ནས་གཉེན་པོ་བསྟེན་སྟངས་དེ་དག་ཞིབ་ཚགས་པོའི་ཐོག་ནས་ང་ཚོས་ཤེས་ཀྱི་ཡོད་རེད། དངོས་གནས་དྲང་གནས་ཀྱིས་སེམས་ཀྱི་ཞི་བདེ་བསྒྲུབ་ཡ་དེ་སྤྱོད་འཇུག་གི་གཞུང་དེ་ཚོའི་ནང་གསལ་པོ་ཞེ་དྲགས་རེད་འདུག དེར་བརྟེན་ང་ཚོ་བོད་ཀྱི་རིག་གཞུང་འདི་སེམས་ཁམས་རིག་པ་གཙོ་བོར་གྱུར་པའི་རིག་གཞུང་དང་སེམས་ཀྱི་ཞི་བདེ་བསྒྲུབ་ཡ་ཞིག་རེད་འདུག ཆོས་དད་ཡོད་མེད་ལ་མ་ལྟོས་པར་ཀུན་ལ་མཁོ་བ་ཞིག་རེད། ད་ལྟ་བར་དུ་འཛམ་གླིང་འདིའི་སྒང་ལ་བོད་ཀྱི་རིག་གཞུང་གི་ཐོག་ནས་སེམས་ཀྱི་ཞི་བདེ་ག་འདྲ་སྒྲུབ་དགོས་ཀྱི་ཡོད་མེད་ཐོག་ལ་དོ་སྣང་གསར་པ་བྱེད་ཀྱི་ཡོད་རེད། མདོར་ན་ཚན་རིག་པ་ཆོས་ལ་ཡིད་ཆེས་མེད་མཁན་དེ་དག་གིས་ང་ཚོའི་སེམས་ཁམས་རིག་པའི་སྐོར་བཤད་དུས་དོ་སྣང་བྱས་ཏེ་ཕན་ཐོགས་འདུག་བཤད་ཀྱི་འདུག དེར་བརྟེན་ང་ཚོ་བོད་ཀྱི་སེམས་ཁམས་རིག་པ་གཙོ་བོར་གྱུར་པའི་རིག་གཞུང་འདི་དངོས་གནས་དྲང་གནས་ཀྱིས་འཛམ་གླིང་འདིའི་སྒང་ལ་ཕན་ཐོགས་ཡོད་པ་ཏན་ཏན་ཆགས་ཀྱི་འདུག ཅེས་གསུངས་སོང་།

His Holiness the Dalai Lma looking at some of the awards and certificates he received displayed in the gallery at the new Dalai Lama Library and Archive in Dharamsala, HP, India on July 6, 2022. Photo by Tenzin Choejor

ཡང་༧གོང་ས་མཆོག་གིས། ང་ཚོ་བཙན་བྱོལ་བ་ཆགས་པ་དེ་ཐབས་སྐྱོ་བོ་རེད་དེ། ཕྱོགས་གཅིག་ནས་བསམ་བློ་བཏང་ན་ང་ཚོ་བོད་ས་ཁུག་ལུང་ཁུག་གཅིག་ལ་ང་རང་ཚོ་ཧ་ལས་ནས་བསྡད་པ་མིན་པར། འཛམ་གླིང་སྤྱི་ལ་ཁྱབ་འགྲོ་ཡ་ཆགས་ཐུབ་ཀྱི་འདུག ངོས་རང་ལ་ཆ་བཞག་ནའང་། སྐུ་ཕྲེང་བཅུ་གསུམ་པ་རྒྱ་ནག་དང་རྒྱ་གར་ལ་ཕེབས་ཏེ་མཛད་འཕྲིན་རྒྱས་པོ་བྱུང་ཡོད་རེད་དེ། ལྟ་གྲུབ་དང་དེ་འདྲའི་ཐོག་ནས་བསམ་བློ་རྟིང་རིང་པོ་དང་རྒྱ་ཆེན་པོ་ཞིག་ཕལ་ཆེར་ཁྱབ་མི་འདུག ད་ལྟའི་དུས་ཚོད་དེར་ང་ཚོའི་མཁས་པའི་དབང་པོ་དེ་དག་གིས་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་གང་འདྲ་ཡིན་མིན་དེ་ཁྱེད་རང་ཚོས་འཛམ་གླིང་འདིའི་སྒང་ལ་གསལ་སྟོན་བྱས་ནས་ཕན་ཐོགས་ཞེ་དྲགས་བྱུང་ཡོད་རེད། ཐུགས་རྗེ་ཆེ་ཞུ་ཡ་ཡིན། མི་རིགས་ཤིག་གི་སྐད་ཆ་བཤད་སྐབས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་ང་རང་ཚོའི་སྐད་ཡིག་ཟུར་དུ་བཟོས་པ་རེད། མཁན་ཆེན་ཞི་བ་འཚོའི་སྐབས་ནས་སྐད་ཡིག་ཕྱུག་པོ་ཞེ་དྲགས་ཆགས་ཡོད་པ་རེད། ཅེས་གསུངས་སོང་།

མཇུག་ཏུ་༧གོང་ས་མཆོག་གིས། དེ་རིང་འཁྲུངས་སྐར་གྱི་དུས་ཆེན་ལ་ཁྱེད་རང་ཚོ་ཚང་མ་སེམས་ལ་སྤྲོ་སྣང་ཡོད་པའི་ཐོག་ནས་རུབ་རུབ་བྱས་ནས་ཕེབས་པ་རེད། གནམ་གཤིས་ཆར་པ་བཏང་བ་རེད། ངོས་རང་ལ་བོད་ནས་ཆུ་ཤེལ་ནོར་བུ་ཟེར་གྱི་ཡོད་རེད། དེ་དུས་གནས་ཆུང་གིས་ཆུ་ཤེལ་ནོར་བུའི་འོད་སྣང་དེ། །ནུབ་ནས་ཤར་བའི་དུས་ཡིན་ཟེར་ནས་བཀའ་ལུང་གནང་ཡོད་རེད། བཀའ་ལུང་དེ་ཏག་ཏག་འགྲོ་ཡི་ཡོད་པ་ལྟ་བུ་འདུག ངོས་རང་ཟི་ལིང་གི་ས་ཁུག་ལུང་ཁུག་ཞིག་ནས་སྐྱེས་ནས་ལྷ་སར་བསླེབས་ནས་སློབ་གཉེར་བྱས། དེ་ནས་བཙན་བྱོལ་དུ་འབྱོར་ནས་མི་མང་པོར་ཐུག་པའི་གྲུབ་འབྲས་སུ་ང་ཚོ་བོད་ཀྱི་རིག་གཞུང་དང་། སེམས་ཁམས་རིག་པ། སེམས་ཀྱི་ཞི་བདེ་ག་འདྲ་བསྒྲུབ་དགོས་ཀྱི་ཡོད་མེད། དེའི་ཐོག་ནས་འཛམ་གླིང་ལ་ཞི་བདེ་ག་འདྲ་བསྒྲུབ་དགོས་ཀྱི་ཡོད་མེད་དེ་དག་ང་ཚོས་གཞན་དང་མི་འདྲ་བའི་འགྲེལ་བཤད་བརྒྱབ་ཡ་ཡོད་པ་ཞིག་རེད་འདུག ཅེས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༢༡ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༢༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༢༤ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese