མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་ཧོང་གི་སྲིད་བློན་ཟུར་པ་ཨ་བྷེ་མཆོག་སྐུ་གྲོངས་ཡོད་འདུག (ཁ་སྣོན)

བོད་ཀྱི་དུས་བབ།
༢༠༢༢/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པར་ཉི་ཧོང་གི་སྲིད་བློན་ཟུར་པ་སྐུ་ཞབས་ཤིན་ཛོ་ཨ་བྷེ་མཆོག་ལ་མེ་མདས་བརྒྱབ་སྟེ་སྐུ་གྲོངས་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་བོད་གཞུང་མང་གཉིས་ནས་གདུང་སེམས་མཉམ་སྐྱེད་ཞུ་བཞིན་འདུག

Tibetan spiritual leader the Dalai Lama, right, gives a white Tibetan scarf to Japan’s main opposition Liberal Democratic Party President Shinzo Abe during a seminar held by Japanese Diet members in Tokyo, 13 November 2012.

 དེ་རིང་ཞོགས་པར་ཉི་ཧོང་གི་སྲིད་བློན་ཟུར་པ་སྐུ་ཞབས་ཤིན་ཛོ་ཨ་བྷེ་ (Shinzo Abe) མཆོག་གིས་གཞུང་འབྲེལ་ཐོག ནོ་རཱ་གྲོང་ཁྱེར་དུ་སྤྱི་དམངས་གུ་ཡངས་དམངས་གཙོ་ཚོགས་པའི་འོས་བསྡུའི་དྲིལ་བསྒྲགས་ལ་རྒྱབ་སྐྱོར་གྱི་གསུང་བཤད་གནང་སྐབས། མི་ཞིག་གིས་གློ་བུར་བྲང་ཁར་མེ་མདས་བརྒྱབ་ནས་ས་རུ་འགྱེལ་ཡོད་པ་དང་། དེ་མ་ཐག་སྨན་ཁང་དུ་བསྐྱལ་ཏེ་ཛ་དྲག་མྱུར་སྐྱོབ་བྱས་ཡོད་ཀྱང་ཕན་ཐོགས་མ་བྱུང་བར་སྐུ་གྲོངས་ཡོད་སྟབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་ཕམ་ཆེན་པོས་གསུང་འཕྲིན་ཞིག་སྩལ་བའི་ནང་། ངོས་རང་གི་གྲོགས་པོ་ཨ་བྷེ་ལགས་དེ་རིང་མེ་མདས་བརྒྱབ་ནས་སྐུ་གཤེགས་པ་གོ་དུས། ངོས་རང་བློ་ཕམ་ཆེན་པོ་བྱུང་། ངོས་ནས་ཁྱེད་དང་ཁྱེད་ཀྱི་ནང་མིར་སེམས་གསོ་ཞུ་རྒྱུ་ཡིན། ཁྱེད་ཀྱིས་མཁྱེན་གསལ་བཞིན་ཁྱེད་ཀྱི་ཞིང་གཤེགས་སྐུ་ཟླ་བོད་ཀྱི་གྲོགས་པོ་ཞིག་ཡིན་པ་རེད། ངོས་ནས་ཁོང་གི་མཛའ་འབྲེལ་དང་། བོད་ཀྱི་ནང་ཆོས་དང་བོད་མིའི་ངོ་བོ་བདག་གཅེས་བྱེད་པར་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་བྱེད་ཀྱི་ཡོད། ཅེས་ཐུགས་སྨོན་གནང་འདུག

དེ་བཞིན་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་སྒེར་གྱི་ཊི་ཝེ་ཊར་དུ། དེ་རིང་དྲག་རྒོལ་གྱི་འོག་འཛམ་གླིང་གི་ཆེས་མགོ་ཁྲིད་ཡག་པོ་ཞིག་མེད་པར་གྱུར་བ་རེད། སྐུ་ཞབས་ཤིན་ཛོ་ཨ་བྷེ་ལགས་འདས་གྲོངས་སུ་གྱུར་བ་ནི་བོད་ཀྱི་གྲོགས་པོ་དང་བོད་དོན་རྒྱབ་སྐྱོར་ཡུན་རིང་གནང་མཁན་ཞིག་མེད་པར་གྱུར་བ་རེད། ང་ཚོས་ཁོང་གི་ནང་མི་དང་ཉི་ཧོང་གི་མི་མང་ལ་མྱ་ངན་ཞུ། ཞེས་གསུངས་ཡོད་འདུག

གཞན་ཡང་། བོད་མི་མང་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་ཐུགས་གསོ་ཞུས་པའི་ནང་། ཁྱེད་ཀྱི་བཟའ་ཟླ་སྨན་ཁང་ནས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་གོ་འཕྲལ་བློ་ཡུལ་དུ་ཤོང་དཀའ་བ་ཞིག་བྱུང་།  ཉི་ཧོང་གི་སྲིད་བློན་གྱི་ལས་ཁུར་ཡུན་རིང་ཤོས་བཞེས་མྱོང་བའི་སྐུ་ཞབས་ཤིན་ཛོ་ཨ་བྷེ་མཆོག་ནི་ཉི་ཧོང་གཅིག་པུའི་ཆེས་མཐོའི་མི་སྣ་ཞིག་མིན་པར། ཁོང་ནི་བློ་གྲོས་དང་ལྡན་པའི་སྐྱེས་བུ་ཞིག་ཡིན་པ་མ་ཟད། ༧གོང་ས་རྒྱལ་བ་རིན་པོ་མཆོག་དང་བོད་མིའི་ཆེས་ཁ་ཐག་ཉེ་བའི་གྲོགས་པོ་ཞིག་ཀྱང་ཡིན་པ་རེད། ཁོང་ཉིད་ཉི་ཧོང་གི་དམངས་གཙོ་གུ་ཡངས་ཚོགས་པའི་ཚོགས་གཙོ་ཞིག་ཡིན་སྟབས། ཁོང་ནི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེས་ཆེ་ཤོས་སུ་གྱུར་བའི་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་མཁན་གཙོ་བོ་ཞིག་ཡིན་སྐོར་གསུངས་འདུག

ཡང་ཁོང་གིས། བོད་ཀྱི་གྲོགས་པོ་ཆེས་ཡག་པོ་ཞིག་དང་འཛམ་གླིང་གི་ཆེས་བཟང་པའི་མགོ་ཁྲིད་ཅིག་ང་ཚོ་དང་གྱེས་ཟིན་དུས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་མི་རྣམས་ནམ་ཡང་ཁྱེད་ལ་གདུང་སེམས་མཉམ་སྐྱེད་གནང་བཞིན་ཡོད་སྐོར་གསུངས་འདུག

NARA, JAPAN – JULY 08: Former Prime Minister Shinzo Abe makes a street speech before being shot in front of Yamatosaidaiji Station on July 8, 2022 in Nara, Japan. Abe is shot while making a street speech for upcoming Upper House election. (Photo by The Asahi Shimbun via Getty Images)

དེ་རིང་ཞོགས་པར་ཡིད་སྐྱོའི་གནས་ཚུལ་དེ་བྱུང་རྗེས། དེ་མ་ཐག་ཉེན་རྟོག་པས་དོགས་ཡོད་ཉེས་ཅན་རང་ལོ་ ༤༠ ཅན་རཱ་མཱ་གྷཱ་མི་ཊི་སུ་ཡཱ་(Yamagami Tetsuya)ཟེར་བའི་སྐྱེས་པ་ཞིག་འཛིན་བཟུང་བྱས་ཡོད་ཅིང་། ཁོས་བེད་སྤྱོད་བཏང་བའི་མེ་མདའ་དེ་ཁོ་རང་གིས་བཟོ་སྐྲུན་བྱས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག་ལ། ནོ་རཱ་གྲོང་ཁྱེར་གྱི་ཉེན་རྟོག་པས་མུ་མཐུད་དུ་ཞིབ་གཤེར་དང་རྟོག་ཞིབ་བྱེད་མུས་ཡིན་འདུག

མེ་མདའི་དོན་རྐྱེན་དེ་བྱུང་མ་ཐག འཛམ་གླིང་རྒྱལ་ཁབ་ཁག་གི་གནད་ཡོད་མི་སྣ་ཚོས་ཁོང་དང་ཁོང་གི་ནང་མིར་ཐུགས་གསོ་ཞུས་དང་ཞུ་མུས་ཡིན་པ་ལྟར། ཨ་རིའི་རྒྱལ་སྲིད་དྲུང་ཆེ་སྐུ་ཞབས་ཨེན་ཐོ་ནི (Antony Blinken )མཆོག་གིས། ཉི་ཧོང་དུ་སྐུ་ཞབས་ཤིན་ཛོ་ཨ་བྷེ་ལགས་སུ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་བ་གོ་དུས་སྐྱོ་སྣང་དང་སེམས་འཚབ་བྱུང་། ང་ཚོས་ཁོང་གི་ད་ལྟའི་གནས་སྟངས་ཤེས་རྟོགས་གང་ཡང་མ་བྱུང་ཡང་། ང་ཚོས་ཁོང་གི་ནང་མི་དང་ཉི་ཧོང་མི་མང་མཉམ་དུ་རེ་བ་དང་སྨོན་ལམ་རྒྱག་བཞིན་ཡོད། དེ་ནི་ཆེས་ཡིད་སེམས་སྐྱོ་བའི་དོན་རྐྱེན་ཞིག་ཡིན་སྐོར་གསུངས་ཡོད་འདུག

 སྤྱིར་ཉི་ཧོང་ནང་མེ་མདས་བརྒྱབ་པའི་དོན་རྐྱེན་ཧ་ཅང་ཉུང་ཞིང་། ཉི་ཧོང་གཞུང་གིས་མེ་མདའ་སོགས་ཉར་ཚགས་བྱེད་པར་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་ཀྱང་། ད་ལན་སྲིད་ཟུར་མཆོག་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་དེ་ནི་ཀུན་གྱི་བློ་ཡུལ་དུ་ཤོང་དཀའ་བའི་གནད་དོན་ཞིག་ཏུ་གྱུར་ཡོད་ཅིང་། ཉི་ཧོང་གི་མེ་མདའ་ཉར་ཚགས་ཀྱི་ཁྲིམས་སྒྲིག་ཏུ་ལག་འཛིན་མེ་མདའ་( hand gun ) ཉོ་ཚོང་ཆོག་ཀྱང་། དེ་མིན་གྱི་མེ་མདའ་རིགས་ཉོ་ཚོང་དང་བདག་ཉར་གཏན་ནས་མི་ཆོག་པའི་ཁར། ལག་འཛིན་མེ་མདའ་ཉོ་མཁན་རིགས་ཀྱང་ཉིན་ལྟར་འཛིན་གྲྭར་འགྲོ་དགོས་པ་དང་། འབྲི་རྒྱུགས་དང་མེ་མདའ་འཕེན་སྟངས་ཀྱི་ཡིག་རྒྱུགས་སོགས་ཀྱིས་ཉུང་མཐའ་ཡང་བརྒྱ་ཆ་༩༥ ལོན་ཐུབ་པར་བྱ་དགོས་པ་མ་ཟད། མི་དེ་དག་གི་རྒྱབ་ལྗོངས་ཀྱི་གནས་སྟངས་སོགས་ལ་རྒྱུས་ལོན་དང་སྨྱོས་རྫས་རིགས་སྤྱོད་ཀྱི་ཡོད་མེད་བརྟག་དཔྱད་ནན་མོ་བྱེད་ཀྱི་ཡོད་པ་རེད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese