མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབྱིན་ཇིའི་སྲིད་བློན་བྷོ་རེ་སི་ཇོ་སན་ལགས་ཀྱིས་གོ་གནས་ནས་དགོངས་པ་ཞུས་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

དབྱིན་ཇིའི་གཞུང་གི་ནང་ཁུལ་གྱི་ཆབ་སྲིད་གནས་སྟངས་ཛ་དྲག་ཆགས་ཏེ། གྲོས་ཚོགས་འཐུས་མང་པོས་གཞུང་འཛིན་ཚོགས་པར་ཡིད་ཆེས་མེད་པ་དང་ལས་གནས་ནས་རྩ་དགོངས་ཞུས་རྐྱེན་འོག སྲིད་བློན་བྷོ་རེ་སི་ཇོ་སན་ལགས་ཀྱིས་ཀྱང་དགོངས་པ་ཞུས་ཡོད་པ་རེད།

དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་གཏད་སྲིད་དོན་ཚོགས་པའི་འཐུས་མི་རྣམས་ཀྱི་གཙོས་དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི་དང་ལས་ཐོག་བློན་ཆེན་སོགས་ཀྱིས། སྲིད་བློན་བྷོ་རེ་སི་ཇོ་སན་ལགས་ཀྱི་སྣེ་འཁྲིད་པའི་གཞུང་འཛིན་སྲིད་དོན་ཚོགས་པར་མུ་མཐུད་དབྱིན་ཇིའི་གཞུང་འཛིན་དབང་སྒྱུར་བྱེད་པར་ཡིད་ཆེས་མེད་སྐོར་བརྗོད་དེ།  ལས་གནས་ནས་དགོངས་པ་ཞུས་ཡོད་པ་ལྟར། ཁ་སང་ཉིན་རྒྱབ་ཙམ་ལ་སྲིད་བློན་བྷོ་རེ་སི་ཇོ་སན་ལགས་ཀྱིས་རང་ཉིད་སྲིད་བློན་གྱི་གོ་གནས་ནས་དགོངས་པ་ཞུས་པ་ཡོངས་བསྒྲགས་བྱས་ཡོད་པ་རེད།

སྐབས་དེར་སྲིད་བློན་ཇོ་སན་ལགས་ཀྱིས་རང་ཉིད་སྲིད་སྟེགས་ནས་དགོངས་པ་ཞུ་དགོས་དོན་སྐོར་ལ་བརྗོད་དོན། རྙིང་ཞེན་སྲིད་དོན་ཚོགས་པར་མགོ་ཁྲིད་གསར་པ་ཞིག་འོས་འདེམས་བྱེད་པའི་དམིགས་ཡུལ་ཡོད་པ་མངོན་གསལ་ཆགས་སོང་། དེར་བརྟེན། མགོ་འཁྲིད་གསར་པ་འོས་འདེམས་བྱེད་པའི་དུས་ཚོད་ད་ལྟ་ནས་མགོ་བརྩམས་པ་ཡིན། ཞེས་བཤད་ཡོད་ལ། སྲིད་བློན་ཇོ་སན་ལགས་ཀྱིས་ལས་གནས་ནས་དགོངས་པ་ཞུ་དགོས་ཐུག་དོན་ནི། རང་ཉིད་ཀྱིས་བསྐོ་གཞག་བྱས་པའི་བློན་ཆེན་དང་སྒེར་གྱི་རྙིང་ཞེན་སྲིད་དོན་ཚོགས་པའི་འཐུས་མི། དེ་བཞིན་གྲོས་ཚོགས་དང་གཞུང་གི་ལས་བྱེད་པ་སོགས་ཁྱོན་མི་གྲངས་ ༦༠ མ་ཟིན་ཙམ་གྱིས་ས་གནས་ནས་དགོངས་པ་ཞུས་ཏེ་ངོ་རྒོལ་བྱས་པས་ཡིན་པ་རེད།

ཡང་སྲིད་བློན་ཇོ་སན་ལགས་ཀྱིས། སྲིད་བློན་གསར་པ་འདེམས་སླད། རེས་གཟའ་ཟླ་བ་སྟེ། ཕྱི་ཚེས་ ༡༡ ཉིན་རྙིང་ཞེན་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་རྒན་གྲས་ཀྱི་ཚོགས་ཆུང་ཞིག་བཙུགས་ཏེ། རང་ཉིད་ཀྱི་རྗེས་འཛིན་པ་འདེམས་པའི་བརྒྱུད་རིམ་སོགས་གྲོས་བསྡུར་གྱིས་གྲ་སྒྲིག་བྱ་རྒྱུ་ཡིན་པ་རེད་ལ། ད་ལྟ་སྲིད་བློན་ཇོ་སན་ལགས་ཀྱིས་རྩ་དགོངས་ཞུས་པའི་བློན་ཆེན་ཁག་གི་ཚབ་ཏུ། མི་སྣ་གསར་བསྐོ་ཡིས་བཀའ་ཤག་གསར་པ་ཞིག་མགོ་འཛུགས་བྱས་ཡོད་ཅིང་། ད་ལྟའི་བཀའ་ཤག་གསར་པ་དེས་དབྱིན་ཇིའི་གྲོས་ཚོགས་ཀྱིས་སྲིད་བློན་གསར་པ་ཞིག་འོས་འདེམས་མ་བྱས་པར་དུ་གཞུང་འཛིན་གྱི་ལས་ཁུར་ཞུ་རྒྱུ་ཡིན་འདུག

དེ་ཡང་རྩོད་རྙོག་གི་འབྱུང་ཁུངས་གཙོ་བོ་ཞིག་ནི། དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི་མང་པོ་ཞིག་གིས། གྲོས་ཚོགས་འཐུས་མི་སྐུ་ཞབས་ (Chris Pincher) ལགས་སུ།  ཕྱི་ལོ་ ༢༠༡༩ ལོར་ཆང་རག་མང་དྲགས་རྐྱེན་འཐུང་བ་དང་མི་གཉིས་ལ་རྩིབ་སྤྱོད་ཀྱི་བྱ་སྤྱོད་སྤེལ་བའི་ཉེས་སྐྱོན་ཡོད་པ་ཤེས་བཞིན་དུ། སྲིད་བློན་བྷོ་རེ་སི་ཇོ་སན་ལགས་ཀྱིས་ཁོ་པ་དབྱིན་ཇིའི་དཔལ་འབྱོར་བློན་ཆེན་གཞོན་པར་བསྐོ་གཞག་བྱས་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་ཅིང་། དམིགས་བསལ་སྲིད་བློན་བྷོ་རེ་སི་ཡིས་པེན་ཆཱར་ (Chris Pincher) ལགས་དཔལ་འབྱོར་གཞོན་པར་བསྐོ་གཞག་མ་བྱས་གོང་། པེན་ཆཱར་སྒེར་གྱི་ཉེས་སྐྱོན་དེ་དག་གི་ཐད་འདྲི་གཅོད་བྱས་ཡོད་ཅེས་རང་གི་བློན་ཆེན་རྣམས་ལ་བརྗོད་ཡོད་ཀྱང་། དོན་དངོས་ཐོག་སྲིད་བློན་བྷོ་རེ་ཡི་ཡིས་པེན་ཆཱར་སྒེར་གྱི་ཉེས་སྐྱོན་དང་འབྲེལ་བའི་གནད་དོན་གཅིག་ཀྱང་དག་སེལ་དང་གླེང་སློང་བྱས་མེད་པ་གྲོས་ཚོགས་དང་། སྲིད་བློན་རང་གི་ཆབ་སྲིད་ཚོགས་པའི་འཐུས་མི་དག་གིས་ཤེས་རྟོགས་བྱུང་བར་བརྟེན། སྲིད་བློན་བྷོ་རེ་སི་ལགས་སུ་རང་གི་ཆབ་སྲིད་ཚོགས་པ་དང་ཁ་གཏད་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས་ཡིད་ཆེས་མེད་པའི་གནས་སྟངས་འོག་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།

འོན་ཀྱང་། ཕྱི་ཟླ་ ༦ ཚེས་ ༣༠ ཉིན་གྲོས་ཚོགས་འཐུས་མི་པེན་ཆཱར་ལགས་ཀྱིས། གཞུང་འཛིན་སྲིད་དོན་ཚོགས་པར་དགོངས་སེལ་དང་སྦྲགས་ནས། དཔལ་འབྱོར་བློན་ཆེན་གཞོན་པའི་ལས་འགན་ནས་དགོངས་པ་ཞུས་པ་མ་ཟད། དམིགས་བསལ་སྲིད་བློན་བྷོ་རེ་སི་ཇོ་སན་ལགས་སུ་དགོངས་དག་ཞུས་ཡོད་ཅིང་། སྲིད་བློན་བྷོ་རེ་སི་ལགས་ཀྱིས་ཀྱང་རང་ཉིད་ནས་པེན་ཆཱར་ལགས་སུ་ཉེས་སྐྱོན་གྱི་རྒྱབ་ལྗོངས་ཡོད་པ་ཤེས་རྟོགས་མེད་སྐོར་བརྗོད་དེ། གྲོས་ཚོགས་ལ་དགོངས་དག་ཞུས་ཡོད་ཀྱང་། དབྱིན་ཇིའི་གྲོས་ཚོགས་ཀྱིས་སྲིད་བློན་བྷོ་རེ་སི་ལགས་ནས་པེན་ཆཱར་ལགས་སུ་ཆགས་སྲེད་ཀྱི་བྱ་སྤྱོད་སྤེལ་བའི་ཉེས་ཆད་མ་བཅད་ཚེ་བྷོ་རེ་སི་ཡིས་སྣེ་འཁྲིད་པའི་གཞུང་ལ་ཡིད་ཆེས་མེད་སྐོར་བརྗོད་དེ་ད་ལྟའི་བར་གྲོས་ཚོགས་མང་པོས་ལས་གནས་ནས་དགོངས་པ་ཞུས་པའི་གནས་སྟངས་དེ་བྱུང་ཡོད་འདུག

པར་དབང་། BBC News: Former UK MP Chris Pincher.

སྲིད་བློན་བྷོ་རེ་སི་ལགས་གོ་གནས་ནས་དགོངས་པ་ཞུས་པ་ཡོངས་བསྒྲགས་བྱས་པ་དང་། ད་ལྟ་ནས་གྲོས་ཚོགས་འཐུས་མི་ཁག་ཅིག་དབྱིན་ཇིའི་སྲིད་བློན་གྱི་འོས་བསྡུའི་ནང་ཞུགས་པའི་གྲ་སྒྲིག་བྱེད་བཞིན་ཡོད་ཅིང་། རྙིང་ཞེན་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊོམ་  (Tom Tugendhat) ལགས་དང་། འཐུས་མི་སེའོ་ལཱ་ (Suella Braverman) ལགས། དེ་བཞིན་སི་ཊེ་ཝི་ (Brexiteer Steve Baker) ལགས་བཅས་ནི་མ་འོངས་པའི་དབྱིན་ཇིའི་སྲིད་བློན་དུ་འོས་ལངས་བྱེད་མཁན་གྲས་ཀྱི་ཁག་ཅིག་ཡིན་པ་རེད་ལ། མ་འོངས་པའི་སྲིད་བློན་འོས་འདེམས་ཀྱི་བརྒྱུད་རིམ་ནི། གྲོས་ཚོགས་ནང་ཆབ་སྲིད་ཚོགས་པ་སུ་ཞིག་ལ་རྙིང་ཞེན་སྲིད་དོན་ཚོགས་པའི་འོས་གྲངས་ལས་མང་བ་འཐོབ་ཚེ། དེ་ནི་མ་འོངས་པའི་དབྱིན་ཇིའི་གཞུང་འཛིན་པ་ཡིན་ཞིང་། ཁག་ཅིག་གིས་གཅིག་བྱས་ན་དབྱིན་ཡུལ་ནང་རྒྱལ་ཡོངས་འོས་བསྡུ་ཞིག་ཡོང་སྲིད་སྐོར་རྗོད་ཀྱིན་ཡོད་ཀྱང་། དབྱེ་ཞིབ་པས། སྤྱིར་དབྱིན་ཇིའི་ལུགས་སྲོལ་ལྟར་ན། སྲིད་བློན་གྱིས་དགོངས་ཞུས་སྐབས་རྒྱལ་ཡོངས་འོས་བསྡུ་མི་བྱེད་པ་དང་རྒྱལ་ཡོངས་འོས་བསྡུ་དེ་ཕྱི་ལོ་ ༢༠༢༥ ལོར་ཡིན་པས། དེའི་བར་སྲིད་བློན་གསར་པ་ཞིག་འདེམས་རྒྱུ་ཡིན་པ་གཏན་འཁེལ་ཡིན་སྐོར་བརྗོད་འདུག

སྲིད་བློན་བྷོ་རེ་སི་ཇོ་སན་ལགས་ནི། ཕྱི་ལོ་ ༢༠༡༩ ལོར་དབྱིན་ཇིའི་ནང་ཡུ་རོབ་མཐུན་ཚོགས་དང་དབྱིན་ཇི་གཉིས་ལོག་ཁ་བྱེད་དགོས་པའི་བསམ་ཚུལ་ཤུགས་ཆེན་ཡོང་བཞིན་པའི་སྐབས་སུ། དབྱིན་ཇི་ཡུ་རོབ་མཐུན་ཚོགས་ཀྱི་ཁོངས་གཏོགས་ནས་ཕྱིར་འཐོན་རྒྱུའི་འབོད་ཚིག་ཤུགས་ཆེན་བསྒྲགས་ཏེ་རྒྱལ་ཁ་ཐོབ་པའི་སྲིད་བློན་ཞིག་ཡིན་པ་དང་། དབྱིན་ཇིའི་རྩིས་ལུགས་ལྟར་ན། ཁོས་ཉིན་གྲངས་ ༣༤༩ རིང་སྲིད་བློན་གྱི་ལས་འགན་ཁུར་ཡོད་སྟབས། དབྱིན་ཇིའི་སྲིད་བློན་ཐེངས་ ༣༤ པ་དེ་ཆགས་ཀྱི་ཡོད་ཅིང་། ཕྱི་ལོ་ ༡༩༨༧ ནས་ ༡༩༩༠ བར་དབྱིན་ཡུལ་ནང་སྐད་གྲགས་ཆེ་བའི་ (The Daily Telegraph) གསར་ཁང་དང་(The Spectator) སོགས་སུ་ཞུགས་ཏེ། ཡུ་རོབ་མཐུན་ཚོགས་དང་འབྲེལ་ནས་རྒྱལ་སྤྱིའི་རང་བཞིན་གྱི་གནད་དོན་མང་དག་ཅིག་གླེང་སློང་བྱས་ཡོད་པར་བཤད། ཕྱི་ལོ་ ༢༠༠༡ ལོར་དབྱིན་ཇིའི་ནང་ཞུགས་ཏེ། ད་བར་ལོ་ངོ་ ༢༡ རིང་དབྱིན་ཇིའི་སྲིད་དོན་པ་གྲགས་ཅན་ཞིག་གི་མིང་འཁུར་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

ཆུ་ཚོད་ ༡༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

ཆུ་ཚོད་ ༡༢ སྔོན་ལ།
Advertisement for App

གསར་འགོད་པའི་ས་མིག

ཆུ་ཚོད་ ༡༥ སྔོན་ལ།
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣
ཨོ་གླིང་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ལེའུ་རིམ་གསལ་བསྒྲགས།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

༢༠༢༦/༡༠/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese