མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ཧུ་ནན་མངའ་སྡེའི་ནང་མི་མང་གི་ངོ་རྒོལ་བྱས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༧/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་དངུལ་ཁང་ཁག་ཅིག་ནས་མི་མང་གི་བཅོལ་དངུལ་ལེན་མ་བཅུག་པས་ངོ་རྒོལ་ཤུགས་ཆེར་བྱུང་སྟེ་མི་མང་པོ་ཞིག་ལ་རྨས་སྐྱོན་བཟོས་ཡོད་འདུག

Protestors in Zhengzhou

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༡༡ ཉིན་རྒྱ་ནག་གི་ (Zhengzhou People’s Bank)ཟེར་བའི་དངུལ་ཁང་གིས་མི་མང་ལ་དངུལ་ཁང་དུ་དངུལ་འབོར་ཆེན་མི་ཆོག་པའི་གསལ་བསྒྲགས་སྤེལ་བ་བརྟེན། རྒྱ་ནག་གི་ཡུལ་མི་རྣམས་ཀྱི་འཚོ་བར་དཀའ་ངལ་འཕྲད་དེ་རྒྱ་ནག་གི་ཧེ་ནན་ (Henan) མངའ་སྡེའི་ཡུལ་མི་མང་པོ་ཞིག་གིས་ངོ་རྒོལ་བྱས་ཡོད་པ་དང་།སྐབས་དེར་གློ་བུར་ངོ་རྟགས་མ་ཆོད་པའི་མི་མང་པོ་ཞིག་ངོ་རྒོལ་བའི་ཁྲོད་ཡོང་སྟེ།ངོ་རྒོལ་བ་ཚོར་གང་བྱུང་ཉེས་རྡུང་བཏང་རྐྱེན་ཞི་བའི་ངོ་རྒོལ་དེ་དྲག་པོའི་རྣམ་པར་གྱུར་ཡོད་འདུག

གནས་ཚུལ་ལྟར་ན་རྒྱ་ནག་དངུལ་ཁང་དེའི་མི་མང་གི་རྒྱ་སྒོར་ཐེར་འབུམ་ ༣༩ ཙམ་བཀག་རྒྱ་བྱས་ཡོད་པར་བརྟེན།ཡུལ་མི་སྟོང་ཕྲག་ལྷག་གི་འཚོ་བར་བརྡབ་གསིག་ཆེན་པོ་འཕྲད་ཡོད་པ་དང་།ངོ་རྒོལ་བ་རྣམས་ཀྱིས་འཕྲེད་དར་འཁྱེར་ནས་ངོ་རྒོལ་གྱི་ལས་འགུལ་ཆེན་པོ་སྤེལ་ཡོད་འདུག།ད་ལྟའི་ཆར་ས་གནས་ཉེན་རྟོག་པས་གནད་དོན་དེའི་ཐོག་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་དངུལ་ཁང་དེ་དག་རྫུན་བཟོ་དང་མི་དམངས་ལ་མགོ་སྐོར་གཏོང་གི་ཡོད་པའི་དོགས་པ་ཡོད་སྐོར་བརྗོད་འདུག་ལ།ཉེན་རྟོག་པས་གནད་དོན་དེའི་ཞིབ་འཇུག་ཞིབ་ཚགས་བྱས་ཏེ་གནད་དོན་ཐག་གཅོད་བྱེད་ཀྱི་ཡིན་སྐོར་ཡང་བསྒྲགས་ཡོད་འདུག

A protester appears to be dragged down a flight of stairs

རྒྱ་ནག་གི་དངུལ་ཁང་དེ་དག་གིས་ཕྱི་ཟླ་ ༤ པའི་ནང་དངུལ་ཁང་གི་རིམ་པ་སྤར་གྱི་ཡོད་པར་བརྟེན།དངུལ་འབོར་ཆེན་ལེན་ཆོག་གི་མེད་སྐོར་བསྒྲགས་ཡོད་ཀྱང་།དུས་དེ་ནས་བཟུང་དངུལ་ཁང་དུ་དངུལ་བཅོལ་མཁན་དེ་དག་ལ་བརྡ་ལན་གཅིག་ཀྱང་སྤྲད་མེད་པ་མ་ཟད།ས་གནས་མི་དམངས་རྣམས་དངུལ་ཁང་དུ་ཆེད་མངགས་ཕྱིན་ཏེ།གནད་དོན་དེའི་སྐོར་ཤེས་ཐབས་བྱས་ཀྱང་གནད་དོན་ཁ་གསལ་མི་བཤད་པ་དང་།རང་ཁྱིམ་དུ་ཕྱིར་ལོག་རྗེས་ཏོག་ནད་ཕོག་པའི་རྐྱེན་གྱིས་ཁྱིམ་སྡོད་བཀག་རྒྱ་བྱ་དགོས་བྱུང་བའི་གནས་ཚུལ་མང་པོ་བྱུང་སྟེ།མི་མང་གི་འཚོ་བར་དཀའ་ངལ་ཤུགས་ཆེར་འཕྲད་རྐྱེན་ངོ་རྒོལ་དེ་བྱུང་བ་ཡིན་འདུག་ལ།གནད་དོན་དབྱེ་ཞིབ་པ་ཚོས་གནད་དོན་དེ་རིགས་རྒྱ་ནག་གི་དཔལ་འབྱོར་ཉམས་ཉེས་འགྲོ་བཞིན་པ་དང་བསྟུན་དངུལ་ཁང་ཁག་ལ་དཀའ་ངལ་འཕྲད་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་རེད་འདུག

འདི་ལོའི་ཕྱི་ཟླ་ ༤ པའི་ནང་ (New Oriental Contry Bank of Kaifeng) དང་ (Zhecheng Huanghuai Community Bank)། དེ་བཞིན་ (Shagcai Huimin County Bank) དང་ (Yuzhou Xin Min Sheng Village Bank) ཟེར་བའི་དངུལ་ཁང་དེ་དག་གིས་དངུལ་ཁང་ནང་ཡོད་པའི་དངུལ་དང་མ་རྩ། སྐྱེད་བཅོལ་དངུལ་སོགས་ཇི་ཡོད་འབོར་ཆེན་ལེན་མི་ཆོག་པ་བཟོས་ཡོད་པ་དང་།ཐེངས་འདིའི་གནད་དོན་དང་འབྲེལ་ རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ནང་དུ་ཟང་ཟིང་ཆེན་པོ་ཆགས་ཡོད་པ་དང་།སྐད་འཕྲིན་ནང་དུ་ཧེ་ནན་གཞུང་གི་བྱ་སྤྱོད་ལ་ཧང་སངས་སོང་།ང་ཚོས་དངུལ་གསོག་ཉར་བྱས་ཡོད་པ་རྣམས་ང་ཚོས་སྟོན་ཆོག་པའི་ཐོབ་ཐང་སྤྲད་དགོས་པའི་སྐོར་བརྗོད་མཁན་མང་པོ་འདུག་ལ།ས་གནས་ཉེན་རྟོག་པས་ངོ་རྒོལ་བ་རྣམས་ལ་ཉེས་བརྡུང་གཏོང་མཁན་དེ་དག་འཛིན་བཟུང་བྱས་ཡོད་སྐོར་བསྒྲགས་ཡོད་ན་ཡང་།མི་སྣ་དེ་དག་གང་ནས་ཡིན་དང་སུ་ཞིག་གིས་བཏང་བ་ཡིན་སོགས་གསལ་བཤད་གང་ཡང་བྱས་མེད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese